སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་འཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཚོང་གཉེར་གྱི་ཁོར་ཡུག་ཡག་པོ་སྐྲུན་ནས། དམངས་གཉེར་དཔལ་འབྱོར་བདེ་ཐང་གི་འཕེལ་རྒྱས་འགྲོ་བར་བློ་བརྟན་འགྱུར་མེད་གྱིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
ཟླ11པའི་ཚེས20ཉིན། སི་ཁྲོན་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་བདེ་ཐང་འཕེལ་རྒྱས་ཚོགས་ཆེན་གཟབ་རྒྱས་ངང་འཚོགས། དམངས་གཉེར་ཁེ་ལས་པ1500ལྷག་དང་། ཏང་སྲིད་ཀྱི་འགོ་ཁྲིད་ལས་བྱེད་པ་དང་ལས་རིགས་སོ་སོའི་འཐུས་ཚབ་མི་སྣ500ལྷག་ཁྲེང་ཏུའུ་ཡི་ཚོགས་ར་གཙོ་བོར་འཛོམས་པ་དང་། མི་ཁྲི3ལྷག་ས་ཆ་སོ་སོའི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་གཞི་རྒྱ་ཆེན་པོར་གྲོས་བསྡུར་མཛད། ཞིང་ཨུའི་ཧྲུའུ་ཅི་ཕིང་ཆིང་ཧྭ་ཚོགས་འདུར་ཞུགས་པ་མ་ཟད་ཚོགས་འདུར་གཏམ་བཤད། ཁོས་གསུང་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་འཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་འཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཕྱོགས་ཡོངས་ནས་ཀྲུང་དབྱང་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིི་སྲིད་ཇུས་དང་བྱེད་ཐབས་ཁག་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་ནས། ནུས་ཤུགས་ཡོད་རྒུ་བཏོན་ནས་ཚོང་གཉེར་གྱི་ཁོར་ཡུག་ཡག་པོ་སྐྲུན་པ་དང་། ཤུགས་ཆེན་པོས་མངོན་གསལ་ཆེ་བའི་གནད་དོན་དང་དོན་དངོས་ཀྱི་དཀའ་ངལ་སོགས་ཐག་གཅོད་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱེད་དགོས།
ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལིས་ཚོགས་འདུར་གཙོ་འགན་བཞེས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་དང་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་ཚོགས་འདུར་ཞུགས།
སྔ་མོའི་ཆུ་ཚོད9ཐོག་ཐལ་མོའི་རྡེབ་སྒྲའི་ཁྲོད་ནས་ཚོགས་འདུ་མགོ་བཟུང་། ཞིང་ཨུའི་རྒྱུན་ཨུ་དང་ཞིང་དཔོན་གཞོན་པ་ཝང་ཉིང་གིས་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་དམངས་གཉེར་ཁེ་ལས་པ་དང་ཕུལ་བྱུང་དམངས་གཉེར་ཁེ་ལས་ལ་གཟེངས་བསྟོད་གནང་བའི་སྐོར་གྱི་གྲོས་ཆོད་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གྱི་སྔོན་ཐོན་ལས་ཁུངས་ལ་བསྟོད་བསྔགས་བྱེད་པའི་སྐོར་གྱི་བརྡ་ཁྱབ་གཉིས་སྒྲོག་འདོན་བྱས། ཕིང་ཆིང་ཧྭ་དང་དབྱིན་ལི། ཀོ་ཙུན་ཕིང་དང་ཏེང་ཞའོ་ཀང་སོགས་ཀྱིས་གཟེངས་བསྟོད་དང་བསྟོད་བསྔགས་ཐོབ་བའི་ཁེ་ལས་པ་དང་ཁེ་ལས། ལས་ཁུངས་སོགས་ཀྱི་འཐུས་ཚབ་ལ་བྱ་དགའ་སྟེར། དམངས་གཉེར་ཁེ་ལས་པའི་འཐུས་ཚབ་ལིའུ་ཡུང་ཧའོ་དང་ཡུས་ཞུའེ་ཉང་། མྰ་ཞིན། ཧོ་མིང་ཐའོ་། ཀྲུང་པའོ་དང་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་སོགས་ཀྱི་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།
ཕེང་ཆིང་ཧྭ་ཡིས་གསུང་དོན། དམངས་གཉེར་དཔལ་འབྱོར་ལ་རོགས་སྐྱོར་བྱས་ནས་དཀའ་སྡུག་དང་ཀྱག་ཀྱོག་གི་ལམ་འདི་ནས་ཐར་དུ་བཅུག་སྟེ། ཐོན་ལས་གོང་འཕེལ་དང་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བ་ཞིག་ལ་ཞུགས་པར་རྒྱབ་སྐྱོར་དང་མཐུན་རྐྱེན་སྐྲུན་ནས། གསར་འབྱེད་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བ་དང་འགོམ་བརྒལ་ལྟར་འཕེལ་རྒྱས་སུ་འགྲོ་བའི་བགྲོད་ལམ་གསར་བར་ཞུགས་ནས། གོམ་གང་མདུན་སྤོས་ཀྱིས་སྲིད་ཇུས་ཁོར་ཡུག་དང་སྲིད་དོན་ཁོར་ཡུག ཁྲོམ་རའི་ཁོར་ཡུག ཁྲིམས་སྐྱོང་གི་ཁོར་ཡུག རིག་གནས་ཀྱི་ཁོར་ཡུག་སོགས་ཇེ་ལེགས་སུ་བཏང་ནས། སྲིད་ཚོང་གི་འབྲེལ་བ་ཇེ་ཡག་དུ་གཏོང་གཏོང་བ། ཏང་སྲིད་ལས་བྱེད་པས་སྤྱོད་ཚུལ་ལེགས་པོ་སྲུང་བ་དང་། ཁེ་ལས་པས་ཡང་དག་པའི་སྤྱོད་ལམ་བརྟན་སྲུང་བྱས་ནས། ཁྲིམས་མཐུན་གཉེར་སྐྱོང་དང་སེམས་ཤུགས་གཅིག་སྒྲིལ་བྱས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་འབད་བརྩོན་བྱེད་དགོས་ཞེས་བསྟན།
ཚོགས་འདུར་ཚན་ཆུང་ཁག་བགོས་ཀྱི་གྲོས་བསྡུར་བྱས་པ་དང་། ཉིན་དེའི་ཕྱི་དྲོར་ཕྱོགས་བསྡོམས་ཀྱི་ཚོགས་འདུ་འཚོགས་ནས། ཝང་ཉིང་གིས་ཚོགས་འདུའི་དགོངས་དོན་ལ་རེ་བ་བཏོན་པ་དང་། ཞིང་དཔོན་གཞོན་པ་ཕིང་ཡུས་ཞིང་གིས་ཚོགས་འདུར་གཙོ་འགན་བཞེས། ཚོགས་འདུར་ད་དུང་དམངས་གཉེར་ཁེ་ལས་ཐོན་སྐྱེད་འཕེལ་གླེང་མོལ་དང་དངུལ་རྩའི་རྒྱབ་སྐྱོར་གླེང་མོལ། གསར་གཏོད་འཕེལ་རྒྱས་གླེང་མོལ་གྱི་ཚོགས་འདུ་སོགས་འཚོགས།
ཞིང་ཨུ་དང་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་སོགས་ཀྱི་འགོ་ཁྲིད། ཞིང་ཆེན་ཁྲིམས་ཁང་གི་ཁྲིམས་དཔོན་དང་ཞིང་ཆེན་ཁྲིམས་དཔྱོད་ཁང་གི་འགོ་ཁྲིད། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཙུའུ་དང་ཏང་ཨུའི་འགན་ཁུར་བ་གཙོ་བོ། ཀྲུང་དབྱང་གི་སི་ཁྲོན་དུ་སྡོད་པའི་ལས་ཁུངས་དང་ཁེ་ལས། ཞིང་ཆེན་ཁུངས་གཏོགས་ཀྱི་ཚན་རིག་ཞིབ་འཇུག་ལས་ཁུངས་དང་མཐོ་རིམ་སློབ་གྲྭ། རྒྱལ་དབང་ཁེ་ལས་ཀྱི་ཏང་ཨུའི་འགོ་ཁྲིད་གཙོ་བོ། དམངས་གཙོའི་ཏང་ཁག་སོ་སོའི་སི་ཁྲོན་ཞིང་ཨུའི་འགན་ཁུར་བློ་མཐུན་སོགས་ཚོགས་ར་གཙོ་བོར་ཚོགས་ཞུགས་དང་། གྲོང་ཁྱེར་དང་ཁུལ། རྫོང་སོགས་སུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད་པ་རེད།།