ཟླ11པའི་ཚེས16ཉིན། ཟུང་ཆུ་རྫོང་གི་བྱང་འདབས་སུ་གནས་པའི་ཞིང་ཡུན་འབྲོག་དམངས་སྤྲོ་གསེང་ཁང་དུ་སྦྱིན་བདག་མ་དང་། དབུལ་ཁྱིམ་ནས་ཡོང་བའི་ལས་གླ་པ་རྣམས་ཀྱིས་མགྲོན་པོ་རྣམས་ལ་གུང་ཇ་གྲ་སྒྲིག་བྱེད་བཞིན་འདུག
ད་ལོར། གདོང་རོ་ཡུལ་ཚོའི་ཏ་ཀོའུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཀྲི་ཧྥེ་ཡིས་དེ་གའི་ཐུན་མིན་གྱི་རང་བྱུང་ཐོན་ཁུངས་ལ་བརྟེན་ཏེ། ཞིང་པ་རྣམས་ཀྱི་ས་ཞིང་དུ་མ་རྩ་བཏང་ནས་ཐུན་མིན་གྱི་ཁྱད་ཆོས་མངའ་བའི་གྲོང་ཁྱེར་བྱང་འདབས་ཀྱི་ཡུལ་གྲོང་གི་བྲོ་བ་འཐུལ་བའི་ཞིང་ཡུན་སྤྲོ་གསེང་ཁང་ཞེས་པ་བསྐྲུན་ཞིང་། དེ་གའི་དབུལ་ཁྱིམ13ལ་ལས་གནས་ཡོད་པ་བྱས། ཆ་སྙོམས་མི་རེའི་ཟླ་ཕོགས་སྒོར3000ཡོད་པ་དང་། ཞིང་པའི་སྤྲོ་གསེང་ཁང་དེའི་ཟླ་རེའི་ཡོང་འབབ་སྒོར་ཁྲི་ཉི་ཤུ་ནས་སུམ་ཅུའི་བར་ཡོད་ཟེར།
རྫོང་དེར་ཞིང་བའི་སྤྲོ་གསེང་ཁང་ཡུལ་གྲོང་སོ་སོར་ཁྱབ་ཅིང་། དེས་ཞིང་ལས་ཐོན་ལས་ཀྱི་སྒྲིག་གཞི་ལེགས་སྒྱུར་བྱས་པར་མ་ཟད། སྡེ་དམངས་རྣམས་ཀྱི་ཡོང་འབབ་ཀྱང་མཐོ་བར་བྱས་སོ།།