ཟླ་11ཚེས་30ཉིན། “ཐང་བོད་གནའ་ལམ།—ཞིང་ཆེན་དང་རང་སྐྱོང་ལྗོངས་བདུན་གྱི་རིག་དངོས་རྩེ་གྲས་འགྲེམས་སྟོན་མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་དུ་སྤེལ་ཡོད། མཚོ་སྔོན་དང་། ཧྲའན་ཤིས། ཀན་སུའུ། སི་ཁྲོན། ཉིན་ཞྭ། ཤིན་ཅང་། བོད་ལྗོངས་བཅས་ཞིང་ལྗོངས་བདུན་གྱི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་ཚན་པའི་རིག་དངོས་རྩེ་གྲས་200ལྷག་ཙམ་མང་ཚོགས་ལ་འགྲེམས་སྟོན་བྱས་ནས། གཅིག་སྡུད་ཐོག་ཐང་བོད་གནའ་ལམ་གྱི་དར་རྒྱས་མངོན་པར་བྱས་ཡོད།