བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་རྒྱུན་འཛིན་འཕེལ་རྒྱས་སྐོར་གྱི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-11


     2018ལོའི་ཟླ་11ཚེས་28ཉིན། གསོ་བ་རིག་པ—བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ནི་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་འགྲོ་བ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མཚོན་བྱེད་ཀྱི་མིང་ཐོ་རུ་བཀོད་པ་རེད། 
     ཟླ་12ཚེས་9ཉིན། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་སྔར་བས་སྲུང་སྐྱོང་དང་རྒྱུན་འཛིན། དར་སྤེལ་ཡག་པོ་བྱ་ཆེད།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་གནང་ཞིང་། པེ་ཅིང་བོད་ལུགས་སྨན་ཁང་དུ་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་རྒྱུན་འཛིན་དར་སྤེལ་སྐོར་གྱི་བགྲོ་གླེང་ཚོགས་འདུ་སྤེལ་བ་རེད། བགྲོ་གླེང་ཚོགས་འདུ་འདི་ལས་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་སྲུང་སྐྱོང་དང་རྒྱུན་འཛིན། དར་སྤེལ་བཅས་ཀྱི་གནད་དོན་ཐད་བགྲོ་གླེང་གཏིང་ཟབ་བྱེད་རྒྱུ་ཡིན་པ་མ་ཟད། ལོ་ལྔའི་འཆར་གཞི་བཟོས་ཏེ་ཕྱོགས་ཁག་གི་ཐོན་ཁུངས་སྤྱི་འདོམས་བྱས་ནས། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་དེ་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱ་རྒྱུ་རེད།

     བགྲོ་གླེང་ཚོགས་འདུའི་ཐོག་བོད་ལྗོངས་སྨན་རྩིས་ཁང་གི་འགོ་འཛིན་པདྨ་གཡང་སྒྲོན་དང་། བོད་ལྗོངས་བོད་སྨན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དབྱངས་དགའ། མཚོ་སྔོན་བོད་སྨན་ཁང་གི་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ཚན་ཁག་གི་ཀྲུའུ་རེན་གཡང་འབུམ་བཀྲ་ཤིས་བཅས་གདན་འདྲེན་ཞུས་ནས། ཐེངས་འདིའི་མངོན་མིན་རིག་གནས་ཤུལ་བཞག་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་མཚོན་བྱེད་མིང་ཐོར་རེ་ཞུ་བྱེད་པའི་ལས་དོན་སྐོར་ངོ་སྤྲོད་བྱས་པ་དང་། པེ་ཅིང་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་བོད་ཀྱི་གསོ་བ་རིག་པའི་མཁས་དབང་མང་པོ་གདན་ཞུས་བྱས་ནས་བོད་ཀྱི་གསོ་བ་རིག་པའི་མིག་སྔའི་གནས་བབ་དང་མ་འོངས་པའི་འཕེལ་རྒྱས་སྐོར་ལ་ཆེད་དོན་བགྲོ་གླེང་གཏིང་ཟབ་བྱས་པ་རེད། གཞན་ཡང་། པེ་ཅིང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན། པེ་ཅིང་ཀྲུང་ལུགས་གསོ་བ་རིག་པའི་སློབ་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་ཚོགས་འདུར་ཞུགས་ཡོད། 

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ།

བོད་ལྗོངས་སྨན་རྩིས་ཁང་གི་འགོ་འཛིན་པདྨ་གཡང་སྒྲོན།

བོད་ལྗོངས་བོད་སྨན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དབྱངས་དགའ།



མཚོ་སྔོན་བོད་སྨན་ཁང་གི་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ཚན་ཁག་གི་ཀྲུའུ་རེན་གཡང་འབུམ་བཀྲ་ཤིས།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བོད་ཀྱི་གསོ་བ་རིག་པ་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བསྟན་པ་དར་རྒྱས། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1