དགུ་ཐོག་གསུམ་སྣོན་སློབ་གསོ་ཡིས། བོད་ཁུལ་ན་གཞོན་ལས་ཞུགས་བྲིན།

ངེད་གསར་འགོད་པ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-18



        སི་ཁྲོན་ཞིང་ཆེན་གྱིས་སློབ་གསོ་ནི་བོད་ཁུལ་གྱི་རྣམ་པ་རྩ་བའི་ཆ་ནས་འགྱུར་བ་གཏོང་བའི་ཇུས་ཆོད་ཅིག་ཏུ་ངོས་འཛིན་བྱས་ཤིང་། ཆེས་ཐོག་མར་རྒྱལ་ཡོངས་སུ་“9+3”རིན་མེད་ལས་རིགས་སློབ་གསོ་སྤེལ་ནས་བོད་ཁུལ་གྱི་སློབ་མ་ཁྲི་4ལྷག་ཡང་བསྐྱར་སློབ་གྲྭར་ཞུགས་ཐུབ་པ་བྱུང་། 2012ལོའི་ཚུན་ལ་ཁྱོན་བསྡོམས་སྐབས་ལྔ་སྟེ་སློབ་མ་ཁྲི་2.5སློབ་མཐར་ཕྱིན་ནས་མེ་འཁོར་ཁ་ལོ་བ་དང་དགེ་རྒན། ཁེ་ལས་ཀྱི་རྐང་འཛིན་པ་སོགས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པར་གྱུར། 2015ལོར་ལོ་བཅོ་ལྔའི་རིན་མེད་སློབ་གསོ་ལག་བསྟར་བྱས་ནས་སློབ་ལོ་མ་སོན་པའི་བྱིས་པ་དང་སློབ་འབྲིང་སློབ་མ་ཁྲི་33.5ལ་རེ་བའི་འོད་སྣང་བསྩལ། ད་ལྟ་ལོ་བཅོ་ལྔའི་རིན་མེད་སློབ་གསོ་དང་“9+3”རིན་མེད་ལས་རིགས་སློབ་གསོ་བོད་ཁུལ་ཡོངས་ལ་ཁྱབ་ཡོད་པ་རེད།  

 
ས་འོག་ལྕགས་ལམ་ཐོག་གི་བོད་རིགས་བུད་མེད་ཁ་ལོ་བ་ཨང་དང་པོ་ཞའོ་ཧྥང་།
ཞའོ་ཧྥང་གིས་ཐོ་འགོད་བཞིན་པ། ནན་ཀང་གིས་པར་བླངས།
ཞའོ་ཧྥང་གིས་གློག་ཤུགས་མེ་འཁོར་གཏོང་བཞིན་པ། ནན་ཀང་གིས་པར་བླངས།

        2009ལོའི་དཔྱིད་ཀར་དཀར་མཛེས་ཁུལ་རོང་བྲག་རྫོང་ནས་ཡོང་པའི་ཞིང་པ་བུ་མོ་ཞའོ་ཧྥང་ནེ་ཅང་གྲོང་ཁྱེར་གྱི་ལྕགས་ལམ་འཕྲུལ་ཆས་སློབ་གྲྭའི་ནང་ལོ་རིམ2009པའི་གློག་ཤུགས་འཕྲུལ་ཆས་ཆེད་ལས་སུ་སློབ་སྦྱོང་བྱེད་འགོ་ཚུགས། 2011ལོའི་ཟླ་བ3པའི་ནང་མོ་ཁྲེན་ཏུའུ་ས་འོག་ལྕགས་ལམ་བབ་ཚུགས་སུ་དངོས་སྦྱོང་བྱས་ནས་དགེ་རྒན་གྱིས་མོ་ལ་སློབ་པའི་ལག་རྩལ་ཕུད། ད་དུང་དུས་རྒྱུན་མོ་རང་གིས་ལས་སྒོ་ཤེས་བྱ་སྦྱོང་རྒྱུར་བརྩོན་པ་ལྷུར་ལེན་བྱས་མཐར་མགྱོགས་མྱུར་དུ་ལག་ཤེས་ཀྱི་བྱང་ཆ་ཆེན་པོ་བྱུང་ཡོད། 2012ལོའི་ཟླ་བ3པའི་ནང་ཞའོ་ཧྥང་གིས་གློག་ཤུགས་འཕྲུལ་འཁོར་གྱི་ཁ་ལོ་བའི་ཐོབ་ཐང་ལོན་ནས་མོ་རང་རྐྱང་པས་གློག་ཤུགས་མེ་འཁོར་གཏོང་བའི་ལམ་བུའི་ཐོག་སྐྱོད་འགོ་ཚུགས་ཡོད།
        ཞའོ་ཧྥང་གི་འགོ་ཁྲིད་ཀྱིས་གསར་འགོད་པར་ངོ་སྤྲོད་བྱ་རྒྱུར། 2012ལོའི་ཟླ་བ6པའི་ནང་ས་འོག་ལྕགས་ལམ2པ་ཤར་གཏོང་ཐུབ་རྗེས་ཞའོ་ཧྥང་ས་འོག་ལྕགས་ལམ་དང་པོ་ནས2པའི་ལམ་ཐིག་ཐོག་ལས་གནས་སྤོས་ཡོད་པ་རེད། ལས་ཀ་བསྒྲུབས་ནས་ཧ་ལམ་ལོ2རིང་ལ་ཞའོ་ཧྥང་གིས་དགེ་ཕྲུག་བཞི་གསོ་སྐྱོང་བྱས་ཡོད།  



ས་འོག་ལྕགས་ལམ་གྱི་སྒྲིག་ཆས་ཉམས་གསོ་བྱེད་མཁན་བཀྲ་ཤིས་དོན་འགྲུབ།


བཀྲ་ཤིས་དོན་འགྲུབ་སྒྲིག་ཆས་ཉམས་གསོ་བྱེད་པར་ཕྱིན་པ། ནན་ཀང་གིས་པར་བླངས།


བཀྲ་ཤིས་དོན་འགྲུབ་ཀྱིས་ལས་གྲོགས་དང་མཉམ་དུ་ཞིབ་དཔྱད་ཚད་ལེན་བྱེད་བཞིན་པ། ནན་ཀང་གིས་པར་བླངས།

        བཀྲ་ཤིས་དོན་འགྲུབ་ཀྱི་ལས་ཀ་ནི་ས་འོག་ལྕགས་ལམ་གྱི་ཕུག་ལམ་ནང་གི་སྒྲིག་ཆས་ཉམས་གསོ་བྱ་རྒྱུ་དེ་ཡིན་པ་རེད། ལོ་ན24ལ་སོན་པའི་དཀར་མཛེས་ཁུལ་འབའ་ཐང་རྫོང་ནས་ཡོང་པའི་བཀྲ་ཤིས་དོན་འགྲུབ་ནི་དམའ་རིམ་སློབ་འབྲིང་ནས་སློབ་མཐར་ཕྱིན་རྗེས་ལོ་གཉིས་རིང་ལ་ཁྲང་ཁྲེན་ལ་དམག་ནང་ཞུགས་ཡོད། ད་ལྟ་ཁོ་ལ་བྱང་ཆ་ལྡན་པའི་ལག་ཤེས་ཡོད་ལ་ཁོ་རང་གིས་ཀྱང་ལས་ཀ་འདིར་ཧ་ཅང་དགའ་ཞེན་ཆེ། ཕུག་ལམ་ནང་འཇུག་ནས་ལས་ཀ་སྒྲུབ་དུས་ཉིན་རྟག་པར་སྒྲ་ལྡན་འོད་རིས་ཀྱིས་གློག་དྲ་མཐུད་མཚམས་སུ་གློག་ཡོད་མིན་ཐད་ཚད་ལེན་བྱས་རྗེས་གློག་ཡོད་ས་ཐམས་ཅད་དུ་ས་སྐུད་འགེལ་ནས་ཉེན་མེད་བྱེད་ཐབས་འདི་དག་ཚང་མ་བསྒྲུབས་ཚར་དུས། སྐུད་འོད་ཞིབ་དཔྱད་ཚད་ལེན་ཡོ་བྱད་ཀྱིས་མཐུད་མཚམས་དྲ་སྐུད་ཀྱི་མཐོ་ཚད་སོགས་ལ་ཞིབ་དཔྱད་ཚད་ལེན་བྱས་པར་བརྒྱུད། ས་འོག་མེ་འཁོར་ཉེན་མེད་བདེ་འཇགས་ངང་འཁོར་རྒྱུག་བྱས་པར་འགན་སྲུང་བྱས་པ་རེད།  


རླངས་འཁོར་གྱི་བཀྲག་རྩི་གཏོང་མཁན་ཉི་མ་བདེ་སྐྱིད།


ཉི་མ་བདེ་སྐྱིད་རླངས་འཁོར་ཉམས་གསོ་ཁང་ནང་ཡོད་པ། ནན་ཀང་གིས་པར་བླངས།

ཉི་མ་བདེ་སྐྱིད་ཀྱིས་རླངས་འཁོར་ལ་རྩི་གཏོང་བཞིན་པ། ནན་ཀང་གིས་པར་བླངས།


      2009ལོར་དཀར་མཛེས་ཁུལ་རོང་བྲག་རྫོང་གི་ལོ་ན16ལ་སོན་པའི་ཉི་མ་བདེ་སྐྱིད་བོད་ཁུལ་གྱི་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་ཡོན་མི་དགོས་པའི་འབྲིང་རིམ་ལས་རིགས་སློབ་གསོའི་ཚན་པ་དང་པོའི་སློབ་མར་གྱུར། ཁྲེན་ཏུའུ་ཀྲུང་ཧའོ་ལས་རིགས་འབྲིང་རིམ་སློབ་གྲྭའི་ནང་རླངས་འཁོར་ཉམས་གསོ་ཆེད་ལས་སློབ་སྦྱོང་བྱས་ཡོད་པ་རེད། 2011ལོའི་ཟླ་བ4པར་ཉི་མ་བདེ་སྐྱིད་ཁྲེན་ཏུའུ་ཆིས་དབྱང་ཧྭ་ཐུང་ཧྥུང་ཐེན་རླངས་འཁོར་ཕྱི་འཚོང་ཞབས་ཕྱི་ཚད་ཡོད་འགན་འཁྲི་ཀུང་སིའི་ནང་དངོས་སྦྱོང་བྱས་ནས་ད་བར་ལོ་གཉིས་སོང་། ཁོའི་དགེ་རྒན་ཧྥན་ཁུའོ་ཡིས་ངོ་སྤྲོད་བྱེད་རྒྱུར། ཉི་མ་བདེ་སྐྱིད་ལ་ཤེས་རྒྱུས་ལོན་པའི་འཇོན་ནུས་ཧ་ཅང་ཡག་པོ་འདུག མི་གཞན་དག་གིས་ཧ་ལམ་ལོ་གཉིས་ལ་སྦྱོང་དགོས་པའི་ལག་རྩལ་ཆ་ཚང་དེ་ཁོས་ལོ་གཅིག་ལྷག་གི་རིང་ལ་རླངས་འཁོར་ལ་རྩི་གཏོང་རྒྱུ་སོགས་ཀྱི་ལག་ཤེས་ཚང་མ་ཁོང་དུ་ཆུད། ད་ལྟ་ཉི་མ་བདེ་སྐྱིད་ལག་རྩལ་འཇོན་ནུས་ལྡན་པའི་བཀྲག་རྩི་གཏོང་མཁན་གྱི་ལག་རྩལ་པ་ཞིག་ཏུ་གྱུར་ཡོད་པས་ཟླ་བ་རེར་གླ་ཕོགས་སྒོར4000ཡས་མས་ལ་ཟིན་པ་རེད།  

 ཞི་རིམ་ལས་བྱེད་པའི་ལས་རྐང་ཐོག་གི་སུན་ཞུའེ་དང་ལིའུ་ཙུའེ་ཡུའེ།

སུན་ཞུའེ་ཡིས་མི་སེར་ལ་ཟ་འབྲུ་བསྐྱལ་བ།

        ལོ་ན19ལ་སོན་པའི་བོད་རིགས་བུ་མོ་སུན་ཞུའེ་ནི2012ལོའི་ཟླ་བ5པའི་ནང་དོན་ལས་སྡེ་ཚན་གྱིས་ལས་སྒྲུབ་མི་སྣ་བསྡུ་ལེན་བྱེད་དུས་རྒྱུགས་འཕྲོད་ནས་དེང་སང་དཀར་མཛེས་ཁུལ་རྟའུ་རྫོང་ཞི་བདེ་ཤང་མི་དམངས་སྲིད་གཞུང་གི་ནང་ལས་དོན་སྒྲུབ་བཞིན་ཡོད། མོས་རང་གི་ལས་ཀ་ཚང་མ་ཆད་ལྷག་མེད་པར་གྲུབ་རྗེས་ཤང་གི་དྲུང་ཡིག་ལས་ཀ་སྒྲུབ་འགན་འཁུར་བས་མ་ཚད་ད་དུང་རྩིས་པའི་ལས་འགན་གཅིག་ལྕོགས་སྒྲུབ་བཞིན་ཡོད།

ལིའུ་ཙུའེ་ཡུའེ་གཞུང་ལས་ཁང་དུ་ཡོད་པ།


    2012ལོའི་ཟླ་བ8པའི་ཚེས15ཉིན། ལིའུ་ཙུའེ་ཡུའེེ་དཀར་མཛེས་རྫོང་འདན་མ་ཤང་མི་དམངས་སྲིད་གཞུང་གི་ནང་འབྱོར་ཐོ་འགོད། ཁོས2012ལོའི་ཟླ་བ4པའི་ནང་སི་ཁྲོན་ཞིང་ཆེན་གྱི་སྤྱི་ཞབས་པར་རྒྱུགས་སྤྲོད་པར་བརྒྱུད་གཞི་རིམ་གྱི་སྤྱི་ཞབས་པ་ཞིག་ཏུ་གྱུར་ཡོད།  


གཞིས་ཆགས་བྱིས་སློབ་ཁང་གི་དགེ་རྒན་སངས་རྒྱས་ལྷ་མོ།
        ལོ་ན26ལ་སོན་པའི་སངས་རྒྱས་ལྷ་མོ་ནི་རྔ་བ་ཁུལ་ཧུང་ཡོན་རྫོང་ཆེ་བ་ཤང་ཟླ་འོད་གྲོང་ཚོའི་བྱིས་སློབ་ཁང་གི་དགེ་རྒན་ཨང་དང་པོ་དེ་ཡིན་ཞིང་། 2011ལོའི་ཟླ་བ6པའི་སྔོན་དུ་འབྲོག་པའི་གཞིས་ཆགས་ས་ཚུགས་དེའི་བྱིས་པ་ཚོ་བྱིས་སློབ་ཁང་དུ་འགྲོ་མྱོང་མེད་ལ། འདི་འདྲ་གསལ་ཆ་ལྡན་པའི་སློབ་ཁང་དང་སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་ནི་དེ་བས་ཀྱང་རིག་མ་མྱོང་ཞིང་། སློབ་ཁང་གི་གྱང་ངོས་སུ་སངས་རྒྱས་ལྷ་མོས་བྲིས་པའི་གཟའ་འཁོར་གཅིག་གི་སློབ་རིམ་བཀོད་སྒྲིག་སྦྱར་འདུག དཔེར་ན་མཛེས་རྩལ། རོལ་མོ། རོལ་རྩེད། གུས་ཞབས་ལུགས་སྲོལ་སོགས་མོས་མེན་དབྱང་ལས་རིགས་ལག་རྩལ་སློབ་གྲྭའི་ནང་སྦྱངས་པའི་གྲུབ་འབྲས་ཚང་མ་སེམས་ཤུགས་བསྒྲིམས་ནས་བྱིས་པ་ཁང་ནང་གི་བྱིས་པ་ཆུང་ཆུང25ལ་ལོངས་སུ་སྤྱོད་དུ་འཇུག་བཞིན་འདུག  
 
ནད་པའི་སྡུག་བསྔལ་སེལ་མཁན་ཝང་ཆའོ་ལིན་དང་ཝང་རུང་།


ཝང་ཆའོ་ལིན་གྱིས་སྨན་སྦྱོར་བཞིན་པ།


        ཝང་ཆའོ་ལིན་དང་ཝང་རུང་གཉིས་ནི་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་སློབ་གྲྭ་ནས་སློབ་མཐར་ཕྱིན་པ་རེད། དེང་སང་མོ་གཉིས་ཀ་ཧྭ་ཞི་སྨན་ཁང་ནང་ནད་གཡོག་སྨན་པའི་ལས་ཀ་སྒྲུབ་བཞིན་ཡོད།


        ཝང་ཆའོ་ལིན་དང་ཝང་རུང་གཉིས་ཀྱིས་བཤད་རྒྱུར། ནད་པ་ཚོའི་སྡུག་བསྔལ་སེལ་རྒྱུ་ནི་སྨན་པའི་བླ་ན་མེད་པའི་འགན་ནུས་རེད། དུས་རྒྱུན་ངེད་གཉིས་ཀྱིས་ནད་པ་ཚོའི་གདོང་ལ་འཛུམ་མདང་མཐོང་དུས་སེམས་ལ་ཧ་ཅང་དགའ་པོ་འདུག ནད་གཡོག་སྨན་པའི་འགོ་འཛིན་པ་ཞུས་ལགས་ཀྱིས་གསར་འགོད་པར་བཤད་རྒྱུར། ཝང་རུང་གིས་ལས་ཀར་འབད་བརྩོན་བྱེད་འདུག ཁྲིམས་སྒྲིག་ལམ་སྲུང་ལ་སློབ་སྦྱོང་ལ་སྙིང་རུས་བྱེད་མཁན་གྱི་བུ་མོ་ཡག་པོ་ཞིག་རེད། ནད་པ་དང་འབྲེལ་བ་བྱེད་སྟངས་མཁས་པས་ནད་པ་ཚོ་མོ་ལ་ཧ་ཅང་དགའ།
        དེ་དང་ཆབས་ཅིག དམག་ནང་ཞུགས་མཁན་གྱི་སློབ་མ་ཚོས་བཤད་རྒྱུར། ང་ཚོས་ངེས་པར་དུ་གོ་སྐབས་གཅེས་སྤྲས་བྱས་ནས་ལྷག་བསམ་ཟོལ་མེད་ཀྱི་འགན་འཁྲི་སྲུང་བ་དང་། དཀའ་སྤྱད་སྙིང་རུས་ཀྱིས་དམག་རྩལ་གྱི་འཇོན་ནུས་སྦྱངས་ནས་དུས་རྟག་པར་དྲིན་གཟོའི་སེམས་པ་བཅངས་ཏེ་རྒྱུན་ཆད་མེད་པར་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བར་བརྟེན། མེས་རྒྱལ་དར་རྒྱས་བརྟན་བརླིང་ཡོང་བར་རང་ཉིད་ཀྱི་བློ་གྲོས་དང་ནུས་ཤུགས་འབུལ་རྒྱུ་ཡིན།  

ཝང་རུང་གིས་ནད་པར་དྲོད་ཚད་འཇལ་བ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1