ད་ལོ་སི་ཁྲོན་གྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་104དབུལ་སྒྲོལ་ཐུབ་རྒྱུ་ཡིན་པ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-19
འདི་ལོ་སི་ཁྲོན་གྱིས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་104དབུལ་སྒྲོལ་དང་། གྲོང་ཚོ་དབུལ་པོ་3513དབུལ་སྒྲོལ། རྫོང་དབུལ་པོ་30གྱི་དབུལ་ཞྭ་འབུད་རྒྱུ་བཅས་ཀྱི་ལས་འགན་ལེགས་འགྲུབ་བྱ་རྒྱུ་རེད།
འདི་ནི་གསར་འགོད་པས་ཉེ་ཆར་ཁྲེང་ཏུར་འཚོགས་པའི་སི་ཁྲོན་ཞིང་ཨུད་ཀྱི་སྐབས་བཅུ་གཅིག་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པ་ཞིག་རེད།
སི་ཁྲོན་ནི་རྒྱལ་ཡོངས་ཀྱི་གཙོ་གནད་དབུལ་སྐྱོར་ཞིང་ཆེན་དྲུག་གི་གྲས་ཡིན་ཞིང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2013ལོར་སི་ཁྲོན་གྱི་གནད་འཕེལ་ངོས་བཟུང་ཐོག་ནས་མི་འབོར་དབུལ་པོ་ཁྲི་625ལ་ཡིག་ཚགས་དང་གཱ་བཟོས་པ་རེད།
“ལོ་དྲུག་འབད་འཐབ་བྱས་པ་བརྒྱུད། འདི་ལོའི་ལོ་མཇུག་བར་སི་ཁྲོན་དུ་མི་འབོར་དབུལ་པོ་ཁྲི་550དབུལ་སྒྲོལ་བྱུང་བ་དང་། གྲོང་ཚོ་དབུལ་པོ་9719དབུལ་སྒྲོལ་བྱུང་བ། རྫོང་དབུལ་པོ་50ཡི་དབུལ་ཞྭ་ཕུད་ཡོད”སི་ཁྲོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་ཅུས་ཀྲང་ཅང་ཁྲུའུ་ཡིས་འདི་ལོའི་དབུལ་སྒྲོལ་དམིགས་ཚད་ལས་འགན་གྲུབ་རྗེས་སི་ཁྲོན་ཞིང་ཆེན་དུ་ད་དུང་མི་འབོར་དབུལ་པོ་ཁྲི་70ཙམ་དང་། གྲོང་ཚོ་དབུལ་པོ་1782 རྫོང་དབུལ་པོ་38བཅས་ཡོད་པ་དེ་དག་གཙོ་བོ་སི་ཁྲོན་གྱི་བོད་རིགས་ས་ཁུལ་དང་དབྱིས་རིགས་ས་ཁུལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་དུ་གཅིག་སྡུད་བྱས་ཡོད་པ་དང་དཀའ་ཚེགས་ཆེ་ཤོས་དང་། དབུལ་སྐྱོར་གྱི་མ་གནས་གཏོང་མང་ཤོས། དབུལ་སྒྲོལ་ཐུབ་དཀའ་ཤོས་བཅས་རེད་ཅེས་བཤད།
ཅང་ཁྲུའུ་ཡིས་ཕྱི་ལོའི་ལོ་མཇུག་བར་སི་ཁྲོན་གྱིས་ལེང་ཧྲན་ཀྲོའུ་ཕུད་ས་མཐོའི་བོད་རིགས་ས་ཁུལ་གྱི་ཀྲོའུ་2དང་གྲོང་ཁྱེར་18ཀྱི་རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་ཕུད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། སི་ཁྲོན་ཞིང་ཆེན་གྱིས་ད་དུང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་བྱ་སྤྱོད་ནང་དབུལ་སྐྱོར་ཆ་འཕྲིན་ཅན་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་ལས་བྱེད་པས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲངས་གཞི་ཆེ་མོའི་ལས་སྟེགས་སྤྱོད་ཐུབ་པ་དང་ལག་ཐོགས་ཁ་པར་གྱི་APPནས་ལས་དོན་སྤེལ་ཐུབ་པ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དེ“དཀའ་ཚེགས་ཀྱི་ལས་ཀ”ཞིག་ནས“ལག་རྩལ་གྱི་ལས་ཀར”འགྱུར་རྒྱུར་སྐུལ་འདེད་བཏང་ནས་གཞི་རིམ་གྱི་ཁུར་བུ་ཡང་དུ་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས།