མདོ་དབུས་མཐོ་སྒང་ནི་ཀྲུང་གོའི་ནུབ་ལྷོར་ཡོད་ཅིང་། བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་ཡོངས་དང་། དེ་བཞིན་སི་ཁྲོན་དང་ཡུན་ནན། ཀན་སུའུ། ཤིན་ཅང་བཅས་ཞིང་ཆེན་དང་ལྗོངས་བཞིའི་ས་ཁུལ་ཁ་ཤས་འདུས། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་260ཙམ་ཡོད། ས་ཁུལ་མང་ཆེ་བའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4000ལས་བརྒལ་ཡོད་པས་“འཛམ་གླིང་གི་ཡང་རྩེ་”དང་“སའི་གོ་ལའི་སྣེ་གསུམ་པ།” “ཡ་གླིང་གི་ཆུ་མཛོད་”ཅེས་པའི་མཚན་སྙན་ཡོད། ས་གཞི་ཆེན་པོ་འདིའི་སྟེང་འཚོ་བའི་སྲོག་ཆགས་དག་ལ་མཚོན་ན། ཡང་ན་ཕན་ཚུན་རྩེད་འཇོ་རོལ་བའམ། ཕན་ཚུན་ལ་བསྙེས་ནས་དྲོད་ལེན་པ་ནི་ཧ་ཅང་རྒྱུན་ལྡན་གྱི་འཚོ་བ་ཞིག་ཡིན་པས། ང་ཚོས་མཉམ་དུ་ས་མཐོའི་གཅེས་ཕྲུག་རྣམས་ཀྱི་བརྩེ་བའི་སྐད་ཅིག་ལ་ཐེངས་གཅིག་བལྟ།
ཉིན་གུང་ཡོལ་རྗེས་མདོ་དབུས་མཐོ་སྒང་གི་རི་དྭགས་གླིང་ག་ཞིག་ཏུ། སྤྱང་ཀི དྲེད་མོང་། རྐྱང་སོགས“སྡོད་དམངས”ཀྱིས་ཉི་མའི་དྲོད་ཁོལ་ལ་ལོངས་སྤྱོད་བྱེད།
རྐྱང་གིས་ཕན་ཚུན་ལ་བསྙེས་ནས་དྲོད་ལེན་པ།
གསའ་ཕྲུག་གཉིས་ཀྱིས་ཕན་ཚུན་ལ་བསྙེས་ནས་སྡོད་པ།
གནའ་བ་ཆུང་ཆུང་གཉིས་ཀྱིས་པར་ཆས་ལ་ཧྲིག་གེར་བལྟ་བ།
ཚེ་ཐར་བཏང་བའི་སྤྱང་ཀི་གཉིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྩྭ་ཐང་དུ་མཆོང་རྒྱུག་བྱེད།
རྩེད་འཇོ་བྱེད་བཞིན་པའི་ཧི་མ་ལ་ཡའི་འཕྱི་བ།
གནའ་བ་ཆུང་ཆུང་གཉིས་ཀྱིས་ཕན་ཚུན་ལ་བསྙེས་ནས་སྡོད་པ།