ཧུར་ཐག་གིས་མི་རིགས་ས་ཁུལ་གྱི་གཞི་རིམ་ཏང་འཛུགས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཐུན་སྦྱོར་གཅིག་གྱུར་བྱེད་དགོས།

ཝང་ཅི་ཞང་། གནམ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


        ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་འཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ནན་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་དུས་མཉམ་དུ། གཞི་རིམ་ཏང་འཛུགས་བྱ་བའི་ཐད་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་རབ་དང་རིམ་པ་བཏོན་ནས། གཞི་རིམ་འཛིན་པ་དང་རྨང་གཞི་སྟོབས་འབྱོར་ལྡན་པ་དེ་ཡུན་རིང་གི་འཆར་གཞི་དང་གཞི་རྩ་སྲ་བརྟན་བྱེད་པའི་བྱེད་ཐབས་སྤྱད་པས། གཞི་རིམ་ཏང་འཛུགས་ལ་ཁ་ཕྱོགས་གསལ་བོར་བསྟན། ཆི་ལེན་རྫོང་ནུབ་རྒྱུད་ཀྱི་མི་རིགས་དབུལ་ཕོངས་ས་ཁུལ་ཞིག་ཡིན་པའི་ཆ་ནས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་། དབུལ་སྐྱོར་འགག་སྒྲོལ། དམངས་འཚོ་ལེགས་བཅོས། མི་རིགས་མཐུན་སྒྲིལ་བཅས་ཀྱི་ལས་འགན་ཕྲག་ཏུ་ཁུར་ཡོད།དམིགས་བསལ་གྱི་འཐབ་ཇུས་གོ་གནས་དང་དཀའ་ཚེགས་ཆེ་བའི་བྱ་བའི་ལས་འགན། འཕེལ་རྒྱས་ཀྱི་དགོས་གཏུག་ཆེ་བའི་རེ་འདུན་བཅས་ཡོད་པས། ངེས་པར་དུ"འདུ་ཤེས་གསར་སྐྲུན་དང་མཚོན་རྟགས་སྐྲུན་པ། གསོན་ཤུགས་སྐུལ་སློང"བྱས་ཏེ། གཞི་རིམ་ཏང་འཛུགས་བྱ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་པ་དང་། གཞི་རིམ་ཏང་འཛུགས་དང་མི་དམངས་ཕྱུག་པོ། རྫོང་སྟོབས་འབྱོར་ལྡན་པ་མངོན་འགྱུར་བྱེད་དགོས།

        གཞི་རིམ་ཏང་འཛུགས་བྱ་བའི་འདུ་ཤེས་གསར་སྐྲུན་བྱེད་དགོས། བསམ་བློ་ནི་བྱ་སྤྱོད་ཀྱི་སྔོན་ཁྲིད་ཡིན་པ་དང་། བསམ་བློའི་འདུ་ཤེས་གསར་སྐྲུན་ནི་གཞི་རིམ་ཏང་འཛུགས་བྱ་བར་སྐུལ་འདེད་གཏོང་བའི་གནད་འགག་ཡིན། མི་རིགས་ས་ཁུལ་དུ་གཞི་རིམ་ཏང་འཛུགས་བྱ་བ་དུས་བསྟུན་ལྷན་སྐྱོད་མངོན་དུ་འགྱུར་བ་བྱེད་ན།  ངེས་པར་དུ་ཏང་འཛུགས་བྱ་བའི་འདུ་ཤེས་གསར་སྐྲུན་མངོན་དུ་འགྱུར་བར་བྱེད་དགོས། མདོ་ལ་རྫོང་གིས"རྩ་བ་ཚུགས་པ་བཞི"ལ་དམིགས་ཏེ་བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་བསྒྱུར་ཏེ། དུས་རབས་འཕེལ་རྒྱས་ཀྱི་བསམ་བློའི་འདུ་ཤེས་ལ་བརྟེན་ནས་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་གཞི་རིམ་ཏང་འཛུགས་ལ་སྐུལ་འདེད་གཏོང་བར་ཁག་ཐེག་བྱེད་དགོས། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ནང་རྩ་བ་ཚུགས་ནས་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་བྱེད་པར་ཁ་ཕྱོགས་སྟོན་དགོས། གཏིང་ཟབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཏང་འཛུགས་སྐྲུན་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་རིགས་ས་ཁུལ་གྱི་གཞི་རིམ་ཏང་འཛུགས་བྱ་བ་ལེགས་སྒྲུབ་བྱེད་པའི་གལ་ཆེན་རང་བཞིན་གྱི་ངོས་འཛིན་མཐོར་འདེགས་བྱེད་པ།"འདུ་ཤེས་བཞི"བརྟན་པོ་བཙུགས་ནས་ཏང་འཛུགས་འགན་འཁྲིའི"གསལ་ཐོ་བཞི་དང་ལམ་ལུགས་བཞི"དང་།  ཏང་འཛུགས་བྱ་བའི"རིམ་གསུམ་མཉམ་བཤད་མཉམ་དཔྱད"དང་།  ཏང་འཛུགས་བརྗེ་རེས"གཅིག་གསུམ"དང་། ཏང་འཛུགས་ལྟ་ཞིབ"གསལ་བོ་བཞི"དང་། ཏང་འཛུགས་དཔྱད་ཞིབ"གཅིག་དྲུག"སོགས་བྱ་བའི་ལམ་ལུགས་ལག་ཏུ་བསྟར་ཏེ། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་ལག་ཏུ་འཛིན་པ་དང་ཕྲག་ཏུ་ཁུར་ནས་བྱེད་ཐབས་མཁྲེགས་པོ་བཀོལ་ནས་འགན་འཁྲི་མཁྲེགས་པོ་དོན་འཁྱོལ་བྱེད་གཞི་རིམ་ཏང་འཛུགས་ཕྱོགས་ཡོངས་སྐུལ་འདེད་བཏང་དང་ཁྱོན་ཡོངས་ཉམས་སད་ཐེག་ཐུབ་པ་བྱེད་དགོས། སྤྱི་ཚོགས་འཕོ་འགྱུར་གྱི་འགྲོ་ཕྱོགས་སུ་རྩ་བ་ཚུགས་ནས་ཏང་འཛུགས་མཉམ་འདྲེས་དང་རྩ་འཛུགས་ཀུན་ཁྱབ་ཀྱི་ཕྱོགས་སྟོན་འཛུགས་དགོས། རང་རྟོགས་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་བསྒྱུར་བཅོས་བྱེད་པའི་གནས་བབ་གསར་བ་དང་ལས་འགན་གསར་བ། མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་བཅས་དང་མཐུན་པར་བྱས་ཏེ། ཏང་འཛུགས་བྱ་བའི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། ཏང་འཛུགས་བྱ་བའི་ཁྱབ་ཁོངས་ཇེ་ཆེར་གཏོང་བ། ཏང་འཛུགས་བྱ་བ་དེ་སྲོལ་རྒྱུན་ཁྱབ་ཁོངས་ནས"གསར་བ་གཉིས"ཀྱི་རྩ་འཛུགས་སུ་སྣུར་སྲིང་བྱེད་པ་དང་། ལས་ཁུངས་ནས་སྡེ་ཁུལ་དུ་སྣུར་སྲིང་བྱེད་པ། དངོས་པོའི་སྟེགས་བུ་ནས་དྲ་བའི་སྟེགས་བུར་སྣུར་སྲིང་བྱས་ཏེ།  ཧུར་ཐག་གིས"ཏང་འཛུགས+འཕྲིན་སྦྲེལ"དང"ཏང་འཛུགས+སྐྱེ་ཁམས" "ཏང་འཛུགས+དབུལ་སྐྱོར""ཏང་འཛུགས+ཐོན་ལས""ཏང་རྩ་འཛུགས+ཏང་ཡོན+ཆེད་ལས་ཞབས་ཕྱི་རུ་ཁག+མང་ཚོགས་ཀྱི་དགོས་མཁོ་སྣ་མང""ཏང་ཐོན་དང་བླངས་པ+མི་ཧྲེང་རྒན་ཁོགས+དབང་བོ་སྐྱོན་ཅན"སོགས་ཀྱི་བྱ་བ་དཔེ་དབྱིབས་ལག་བསྟར་གཏོང་བ་དང་། ཏང་གི་རྩ་འཛུགས་ཡོངས་ཁྱབ་དང་བྱ་བ་ཡོངས་ཁྱབ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་འཇོག་ནུས་ཡོངས་ཁྱབ་བཅས་མངོན་དུ་འགྱུར་དགོས། མི་རིགས་ས་ཁུལ་གྱི་ཁྱད་ཆོས་སུ་རྩ་བ་ཚུགས་ནས་དཔེ་སྟོན་སྣེ་ཁྲིད་དང་གཞི་རིམ་ལ་ཞབས་འདེགས་ཞུ་བའི་ཕྱོགས་སྟོན་བྱེད་པ་འཛུགས་དགོས། གྲོང་གསེབ་དང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ལྷག་པར་དུ་དམངས་འཚོ་ལེགས་བཅོས་དང་འཆམ་མཐུན། གཏན་འཇགས། མཐུན་སྒྲིལ་དང་ཡར་ཐོན་ཡོང་བ་བཅས་ལ་དམ་པོར་དམིགས་ནས་ཏང་འཛུགས་དཔེ་སྟོན་སྣེ་ཁྲིད་དང་། གཞི་རིམ་ལ་ཞབས་འདེགས་ཞུ་བའི་ནུས་པ་མཐོར་འདེགས་གཏོང་དགོས། "གཞི་རིམ་དུ་འགྲོ་བའི"རིམ་པ་གསུམ་གྱི་དམངས་བདེ་ཞབས་ཕྱི་མ་ལག་འཐུས་ཚང་དུ་བཏང་ནས། མང་ཚོགས་སྡེ་བ་ལས་འབུད་མི་དགོས་པར་རྨང་གཞིའི་དོན་དག་སྐོར་ཞིག་ལས་སྒྲུབ་ཐུབ་པ་དང་། ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཡིས་གནས་འབྲེལ་རོགས་སྐྱོར་དང་མགོ་ཁྲིད་ལས་བྱེད་པས"1+10"མང་ཚོགས་དང་འབྲེལ་འདྲིས་བྱས་ཏེ་ཞབས་འདེགས་ཞུ་བ། "ཧྲུའུ་ཅི་དང་པོ"སྡེ་བར་སོང་ནས་རོགས་སྐྱོར་བྱེད་པ། ཏང་ཡོན་ལས་བྱེད་པས"ཆ་སྒྲིག་རོགས་སྐྱོར"སོགས་ཀྱི་བྱ་འགུལ་སྤེལ་བ་དང་། ཏང་རྩ་འཛུགས་དེ་ཕྱུག་པོ་དང་མཐུན་སྒྲིལ། གཏན་འཇགས་བཅས་ཀྱི་འཐབ་འཛིང་བཙན་རྫོང་ཞིག་ཏུ་འགྱུར་བར་བྱེད་དགོས། ཏང་ཡོན་རེ་རེས་མཐུན་སྒྲིལ་དང་གཏན་འཇགས་སྲུང་སྐྱོང་། མཉམ་དུ་ཕྱུག་པོ་སྒྱུར་བར་སྐུལ་འདེད་གཏོང་བའི་དར་ཆ་ཞིག་ཏུ་འགྱུར་བར་བྱེད་དགོས། ཏང་གི་སྲིད་སྐྱོང་གཞི་རྩར་རྩ་བ་ཚུགས་ནས་རྨང་གཞི་འདིང་བ་དང་ནུས་པ་ཤུགས་ཆེར་གཏོང་བའི་ཁྲིད་སྟོན་འཛུགས་དགོས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་གཞི་རིམ་རྩ་འཛུགས་སུ་སྲིང་བའི་ཆབ་སྲིད་ཀྱི་བླང་བྱ་ལྟར། ཏང་གི་བྱ་བ་ཡོད་ཚད་དེ་ཀྲི་པུའུ་རུ་དོན་འཁྱོལ་བྱེད་པའི་མངོན་གསལ་ཁྲིད་སྟོན་འཛུགས་དགོས་པ་དང་། "སློབ་གཉིས་བྱེད་གཅིག"གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན། "གཞི་གསུམ"འཛུགས་སྐྲུན། ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་ལ་དག་ཐེར་དང་སྒྱུར་བ། ཚད་དང་མི་མཐུན་པའི་ཏང་ཡོན་ཐག་གཅོད་བྱེད་པ་སོགས་ཀྱི་བྱ་བར་སྐུལ་འདེད་གཏོང་དགོས། བསམ་བློའི་ཆབ་སྲིད་བྱ་བ་དང་ཏང་ཡོན་ལ་སློབ་གསོ་དང་དོ་དམ་ནན་མོ་བྱེད་པ། མང་ཚོགས་བྱ་བ། འགན་སྲུང་ནང་རྐྱེན་བཅས་ཀྲི་པུའུ་རུ་དོན་འཁྱོལ་བྱས་ནས། རྒྱུན་ཆད་མེད་པར་གཞི་རིམ་ཏང་ཀྲི་པུའུ་ཡི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་ནུས་ཤུགས། གཞི་རིམ་ཏང་ཀྲི་པུའུ་ཡི་ཆབ་སྲིད་གྱི་ནུས་པ་དང་ཞབས་ཕྱིའི་ནུས་པ་བཅས་ཤུགས་ཆེར་བཏང་ནས། མང་ཚོགས་ཅན་གྱི་ཚོགས་པའི་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་སྣེ་ཁྲིད་དེ་ཏང་གི་མི་རིགས་ས་ཁུལ་གྱི་སྲིད་སྐྱོང་རྨང་གཞི་བརྟན་པོར་འདིང་དགོས།

        གཞི་རིམ་ཏང་འཛུགས་བྱ་བའི་མཚོན་རྟགས་སྐྲུན་དགོས། ཁྱད་ཆོས་ལྡན་པའི་ཏང་འཛུགས་བྱ་བའི་མཚོན་རྟགས་སྐྲུན་པ་ནི་དུས་རབས་གསར་བར་མི་རིགས་ས་ཁུལ་གྱི་གཞི་རིམ་ཏང་འཛུགས་ལ་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། མདོ་ལ་རྫོང་གིས"ཁྱད་ཆོས་ལྡན་པའི་ལེགས་ཆ་འདོན་སྤེལ་བྱེད་པ་དང་ཏང་འཛུགས་མཚན་རྟགས་སྐྲུན་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི"བྱ་བའི་འདུ་ཤེས་ལྟར། ཐེག་བྱེད་གསར་བ་འདེམ་པ་དང་བྱེད་ཐབས་གསར་བ་གཏན་འཁེལ་བྱས་ནས་ཁྱད་ཆོས་ལྡན་པའི་མཚོན་རྟགས་དེ་གཞི་རིམ་ཏང་འཛུགས་གསར་སྐྲུན་གྱི"ཚོད་ལྟ་ཞིང་ས"རུ་སྒྱུར་ཏེ། ཕན་ཡོད་ཀྱིས་ཏང་འཛུགས་བྱ་བའི་གསོན་ཤུགས་དང་སྐྱེ་སྟོབས་ལ་སྐུལ་སློང་བྱེད་དགོས། ལྟེ་གནས་ཀྱི་བྱ་བ་ལྟར་ཏང་འཛུགས་ཀྱི་ཁྱད་ཆོས་ལྡན་པའི་མཚོན་རྟགས་བསྐྲུན་དགོས། འཕེལ་རྒྱས་ལ་རྐང་བཙུགས་ནས་ཏང་འཛུགས་འཛིན་པ་དང་། ཏང་འཛུགས་ལེགས་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་འཛུགས་སྐྲུན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱེད་པའི་ནང་དུ་བཞག་ནས། ཏང་རྩ་འཛུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོག་ཤིང་དང་གདོང་ལེན་དུ་སྒྱུར་དགོས། "མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་མདོ་ལ"འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམ་པོར་དམིགས་ནས་ཞང་གྲོང་དང་སྡེ་བ། སྡེ་ཁུལ་བཅས་ཀྱི་རིགས་མི་འདྲ་བའི་ཏང་རྩ་འཛུགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས།"ཞང་གྲོང་རེ་ལ་དཔེ་སྟོན་རེའི"ཁྱད་ཆོས་ལྡན་པའི་ཏང་འཛུགས་ཀྱི་འཆར་འགོད་གཏན་འཁེལ་བྱས་ཏེ། "ཀྲི་པུའུ+"སྣེ་ཁྲིད་ཅན་གྱི་དཔེ་སྟོན་ཞང་གྲོང་དང་ཏང་ཡོན་སྐར་རིམ་ཅན་གྱི་དོ་དམ་ཅན་གྱི་དཔེ་སྟོན་ཞང་གྲོང་། དམངས་གཙོ་དོ་དམ་ཅན་གྱི་དཔེ་སྟོན་ཞང་གྲོང་སོགས་ཀྱི་ཁྱད་ཆོས་ལྡན་པའི་ཏང་འཛུགས་གསར་སྐྲུན་བྱ་བ་སྤེལ་དགོས། ཏང་འཛུགས་བྱ་བའི་རྣམ་གྲངས་ཅན་གྱི་དོ་དམ་དང་དངོས་འབེབས་ལྟར། "ཏང་ཀྲི་པུའུ+ཆེད་ལས་མཉམ་ལས་ཁང"དང"སྡེ་བའི་ཐུན་མོང་དཔལ་འབྱོར་གོང་སྤེལ། " "སྡེ་བ་རིམ་པའི་ནོར་སྲིད་དང་རྒྱུ་ནོར་དོ་དམ་ཚད་ལྡན་དུ་གཏོང་བ"སོགས་ཀྱི་ཁྱད་ཆོས་ལྡན་པའི་མཚོན་རྟགས་བསྐྲུན་དགོས། གནད་དོན་ཐག་བཅད་ནས་ཏང་འཛུགས་ཀྱི་ཁྱད་ཆོས་ལྡན་པའི་མཚོན་རྟགས་བསྐྲུན་དགོས། གཞི་རིམ་ཏང་འཛུགས་བྱ་བའི་དཀའ་གནད་བྱ་བ་དང་ཞན་པའི་ལྷུ་ཚིགས། མང་ཚོགས་ཀྱིས་མཚོན་པའི་འབུར་ཐོན་གནད་དོན་ལ་དམིགས་ནས་ཏང་འཛུགས་ཀྱི་ཁྱད་ཆོས་ལྡན་པའི་མཚོན་རྟགས་བསྐྲུན་དགོས། "ཀྲི་པུའུ་གཅིག་གྱུར་གྱི་ཏང་གི་ཉིན་མོའི"མཚོན་རྟགས་བསྐྲུན་དགོས། "7+X"དཔེ་དབྱིབས་སྤྱད་ནས། ཟླ་རེར་ཉམས་ཞིབ་ཅན་དང་གནས་ཚུལ་ཅན། ས་བཅུད་ལེན་པའི་གཅིག་གྱུར་བཅས་ཀྱི་ཏང་གི་ཉིན་མོ་བྱ་འགུལ་སྤེལ་ནས། ཏང་ནང་གི་ཆབ་སྲིད་འཚོ་བའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ། ཏང་ནང་དུ་ཞུགས་པའི་ཐོག་མའི་བསམ་འདུན་ལ་སྐུལ་སློང་བྱས་ཏེ་ཏང་གཤིས་རང་བཞིན་གྱི་སློབ་གསོ་ཤུགས་ཆེར་གཏོང་བ། "ལས་ཁུངས་གྱི་ཏང་འཛུགས་མནའ་འབྲེལ"གྱི་མཚོན་རྟགས་བསྐྲུན་དགོས་པ་དང་། རྩ་འཛུགས་བར་གྱི"ཕན་ཚུན་རོགས་རམ་དང་མཉམ་དུ་སྐུལ་འདེད་གཏོང་བ་དང་སྟོབས་འབྱོར་སྲ་བརྟན་དང་ཞན་པ་ཁ་གསབ་བསྡུས་ཤུགས་ལ་བརྟེན་ནས་མཉམ་དུ་མདུན་དུ་སྐྱོད་པ། ཕན་ཚུན་རོགས་རམ་དང་ཁེ་ཕན་མཉམ་རོལ"གྱི་བྱ་བ་སྒྲུབ་སྟངས་བསྐྲུན་ནས། རོང་འབྲོག་ཁུལ་གྱི་ཏང་ཡོན་རྣམས་གཅིག་བསྡུས་སློབ་སྦྱོང་དཀའ་བ་དང་བྱ་འགུལ་སྤེལ་དཀའ་བའི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། ཏང་ཡོན་གྱིས་སློབ་སྦྱོང་སློབ་གསོ་དུས་རྒྱུན་ཅན་དང"དོན་གསུམ"མངོན་བསྒྲགས་གློག་རྡུལ་ཅན། དམངས་གཙོ་ཞུགས་པ་རྒྱ་སྐྱེད་ཅན་བཅས་ཀྱི་དམིགས་འབེན་མངོན་དུ་འགྱུར་དགོས། མང་ཚོགས་ཀྱི་དགོས་མཁོ་ལྟར་ཏང་འཛུགས་ཀྱི་ཁྱད་ཆོས་ལྡན་པའི་མཚོན་རྟགས་བསྐྲུན་དགོས། "ཏང་ཡོན་དང་མང་ཚོགས་ལ་དགོས་མཁོ་ཅི་ཞིག་ཡོད་པ་དང་མཚོན་རྟགས་ཅི་ཞིག་སྐྲུན་པ" "ཏང་ཡོན་ཡིད་ཚིམ་དང་མང་ཚོགས་ཡིད་ཚིམ། སྤྱི་ཚོགས་ཡིད་ཚིམ"གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཧུར་ཐག་གིས་ཏང་ཡོན་དང་མང་ཚོགས་ཀྱི་ཆེས་སེམས་ཁུར་དང་ཆེས་ཐད་ཀར། ཆེས་དངོས་ཡོད་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། "ཏང་ཡོན་གྱི་་ལས་རྐང་འཛུགས་པ་དང་ལས་འགན་འཇོག་པའི"མཚོན་རྟགས་སྐྲུན་དགོས། ཏང་ཡོན་གྱི་ཐོབ་ཐང་འབུར་དུ་ཐོན་པ་དང་ལས་རྐང་གི་འགན་འཁྲི་གསལ་བོར་བྱས་ནས། གྲོང་གསེབ་དང་འབྲོག་ཁུལ་དུ་གྲོང་གསེབ་ཀྱི་སྲིད་ཇུས་དང་ཞིང་ཕྱུགས་ལག་རྩལ། སྤྱི་ཚོགས་ལས་དོན། སྤྱི་ཚོགས་དོ་དམ་སོགས་ཀྱི་ཏང་ཡོན་ཞབས་ཕྱི་ལས་རྐང་འཛུགས་དགོས་པ་དང་། སྡེ་ཁུལ་དུ་སྲིད་ཇུས་དྲིལ་བསྒྲགས་དང་ལས་ཞུགས་བློ་འདྲི། རྩོད་གླེང་བར་འདུམ་སོགས་ཀྱི་ཏང་ཡོན་ཞབས་ཕྱི་ལས་རྐང་བཙུགས་ནས། མང་ཚོགས་ཀྱི་གནད་དོན་ཐག་བཅད་ནས། ཏང་ཡོན་བར་འགྲན་བསྡུར་བྱེད་ཅིང་མང་ཚོགས་ལ་ཁེ་ཕན་ཐོབ་ཏུ་འཇུག་པའི་སྣང་ཚུལ་ཞིག་ཆགས་དགོས། "གྲོང་ཁྱེར་དང་གྲོང་གསེབ་གཉིས་ཆ་སྒྲིག་བྱས་ནས་གཅིག་ལྔའི"མཚོན་རྟགས་བསྐྲུན་དགོས་པ་དང་། "ཚན་ཁག་བཟང་བོ་ཞིག་སྐྲུན་པ་དང་འཆར་གཞི་བཟང་བོ་ཞིག་གཏན་འཁེལ་བྱེད་པ། རྣམ་གྲངས་བཟང་བོ་ཞིག་འཛུགས་པ།  གཡུལ་ས་བཟང་བོ་ཞིག་འཛུགས་སྐྲུན་བྱེད་པ། ལམ་ལུགས་བཟང་བོ་ཞིག་འཐུས་ཚང་དུ་གཏོང་བའི"ལས་འགན་བླང་བྱ་ལྟར། ཧུར་ཐག་གིས་རིགས་སོ་སོའི་ཐོན་ཁུངས་མཉམ་སྒྲིག་བྱས་ནས། སྡེ་བ་རིམ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྡེ་བའི་རྣམ་པ་ལེགས་བཅོས་བྱེད་དགོས། སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་ཏང་འཛུགས་ཀྱི་ཁྱད་ཆོས་ལྡན་པའི་མཚོན་རྟགས་བསྐྲུན་དགོས། ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་ཡུལ་ས་བསྟུན་པའི་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ནི་དེང་སྐབས་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་པས། སྡེ་བ་རིམ་པའི་ཏང་ཀྲི་པུའུ་ཡིས་ས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་བཀོལ་ཏེ་ཏང་ཡོན་དང་མང་ཚོགས་ཀྱི་སྟོབས་ཤུགས་དང་བློ་རིག་གཅིག་ཏུ་བསྡུས་ནས། ཏང་འཛུགས་ཀྱི་ཁྱད་ཆོས་ལྡན་པའི་མཚོན་རྟགས་སྐྲུན་ཞིང། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་རྒྱ་སྐྱེད་བྱེད་དགོས། དཔེར་ན། པ་པའོ་གྲོང་རྡལ་གྱིས"ཏང་ཡོན་ཐོན་ལས་འཕེལ་རྒྱས་སྣེ་ཁྲིད་བྱེད་པའི"མཚོན་རྟགས་སྐྲུན་པ་དང་གནས་སྐོར་འཕེལ་རྒྱས་འགག་རྩ་བྱས་ཏེ། སྡེ་བའི་ཐུན་མོང་རྩྭ་ཐང་དང་རྩྭ་ཐང་གི་ཁ་གསབ་མ་དངུལ། བེད་མེད་ས་ཞིང་སོགས་ཀྱི་ཐུན་མོང་རྒྱུ་ནོར་ཐོན་ཁུངས་བཀོལ་བ་དང་། ཏང་ཡོན་གྱིས་སྣེ་ཁྲིད་དེ་གནས་སྐོར་ཞབས་ཕྱི་དང་ཞང་ཕྱུགས་ལས་དཔལ་འབྱོར་གོང་སྤེལ་ཆེན་པོ་བྱས་ནས་སྡེ་བའི་ཐུན་མོང་ཡོང་སྒོ་མང་པོ་བླངས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་སྒོའི་བཞི་ཆའི་གཅིག་གྲོང་གསེབ་སྤྱི་ཚོགས་རྒན་གསོ་ཉེན་སྲུང་གསར་བ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་བའི་དངུལ་སྤྲོད་དང་། སྡེ་བ་རིམ་པའི་རྗེས་མཐུད་ཐོན་ལས་འཕེལ་རྒྱས། སྡེ་དམངས་ཀྱི་ཆུ་དངུལ། འགྲོ་ལམ་མཉམ་གསོ། རིག་གནས་བྱ་འགུལ་སོགས་ཀྱི་སྤྱི་ཕན་ལས་དོན་ལ་བཀོལ་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ལ་སྒོར་མོ་མེད་པའི་དོན་སྒྲུབ་མི་ཐུབ་པའི་གནད་དོན་ཐག་བཅད།

        གཞི་རིམ་ཏང་འཛུགས་བྱ་བའི་གསོན་ཤུགས་ལ་སྐུལ་སློང་བྱེད་དགོས། ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་ཡོངས་ཀྱི་བྱ་བ་དང་འཐབ་འཛིང་ནུས་ཤུགས་ཀྱི་རྨང་གཞི་ཡིན་པ་དང་། མི་རིགས་ས་ཁུལ་གྱི་གཞི་རིམ་ཏང་འཛུགས་བྱ་བའི་གསོན་ཤུགས་ལ་ཆེས་ཆེ་ཤོས་ཀྱིས་སྐུལ་སློང་བྱེད་པ་ནི"རླབས་ཆེན་བཞི"མངོན་དུ་འགྱུར་བའི་གནད་འགག་གནས་ས་ཡིན། མདོ་ལ་རྫོང་གིས"སྟེགས་བུ་གསུམ"བསྐྲུན་ནས་གཞི་རིམ་ཏང་འཛུགས་བྱ་བའི་གསོན་ཤུགས་ལ་སྐུལ་སློང་བྱས་ཏེ། ཏང་འཛུགས་བྱ་བ་སྟོབས་ཤུགས་ཡུན་རིང་དུ་རྒྱུན་སྲུང་སྒོས། གཅིག་ནི་སློབ་སྦྱོང་སྟེགས་བུ་བསྐྲུན་ནས་ཏང་འཛུགས་ཀྱི་གསོན་ཤུགས་ལ་སྐུལ་སློང་བྱེད་པ། ཐོག་མར་སློབ་སྦྱོང་སློབ་གསོ་དེ་དུས་རྒྱུན་འཚོ་བའི་ནང་དུ་བཞག་ནས་སློབ་སྦྱོང་སློབ་གསོའི་ཕན་དངོས་རང་བཞིན་ཇེ་ཆེར་བཏང་། མགོ་ཁྲིད་ལས་བྱེད་པས་རིགས་པའི་གཞུང་ལུགས་སློབ་ཁྲིད་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཏང་གི་ཤེས་བྱ་སློབ་ཁྲིད། ལས་རིགས་སྡེ་ཁག་གིས་ཤེས་བྱ་སློབ་ཁྲིད། སྲིད་ཁྲིམས་ལས་བྱེད་པས་བཅའ་ཁྲིམས་སློབ་ཁྲིད། ཆེད་མཁས་འཇོན་ཐང་ཅན་གྱིས་ལག་རྩལ་སློབ་ཁྲིད། སྔོན་ཐོན་མི་སྣས་བྱས་རྗེས་བཤད་པ། ཏང་ཡོན་དཀྱུས་མས་གཏམ་རྒྱུད་བཤད་པ་བཅས་བྱེད་ཐབས་སྤྱད་པས་ཏང་ཡོན་དང་མང་ཚོགས་ཀྱི་སློབ་སྦྱོང་གཏིང་ཟབ་ཏུ་བཏང་བ་རེད། "དྲ་བ་གསུམ་དང་སྐད་འཕྲིན་གཉིས། སྟེགས་བུ་གཅིག"གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། "བར་སྣང་གི་སློབ་ཁང"སྟེགས་བུ་བསྐྲུན་པ། རིག་གནས་དམའ་བའི་ཏང་ཡོན་དང་སྐོར་སྐྱོད་ཏང་ཡོན། ནད་ཡོད་པའི་ཏང་ཡོན། དབང་བོ་སྐྱོན་ཅན་ཏང་ཡོན་བཅས་ལ། གདན་ཞུས་དགེ་རྒན་ཆེན་མོ་དང་ཆེད་ལས་ཤེས་ལྡན་མི་སྣ། ཏང་གི་སློབ་གྲྭའི་དགེ་རྒན། ཏང་ཡོན་ལས་བྱེད་པ། ལས་བྱེད་རྒན་པ། ཏང་ཡོན་རྒན་པ། མིག་དཔེ་རྒན་པ་བཅས་རྐང་འཛིན་ཡིན་པའི་སྐོར་སྐྱོད་སློབ་སྦྱོང་རོགས་ཁྲིད་རུ་ཁག་རྩ་འཛུགས་བྱས་ཏེ་སྒོ་ཁར་སོང་ནས་རོགས་ཁྲིད་བྱས།  གཉིས་ནི་འགན་སྲུང་སྟེགས་བུ་བསྐྲུན་པས་ཏང་འཛུགས་གསོན་ཤུགས་ལ་སྐུལ་སློང་བྱེད་དགོས། "ཞབས་ཕྱིའི་གཡུལ་ས་ལེགས་སྒྲུབ་དང་ཆ་སྒྲིག་ཞབས་ཕྱིའི་ནུས་པ་འཐུས་ཚང་དུ་གཏོང་བ། ཞབས་ཕྱིའི་ཕན་ནུས་ཇེ་ཆེར་གཏོང་བ། ཞབས་ཕྱིའི་རྨང་གཞི་འདིང་དགོས་པ"དེ་གནད་ས་བྱས་ཏེ། གཞི་རིམ་ཞབས་ཕྱི་ཅན་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། གཞི་རིམ་ཏང་འཛུགས་གསར་སྐྲུན་བྱ་དགའ་གནང་བ་དང་ཁ་གསབ་མ་དངུལ་ཁྲི100བསགས་ནས། ལོ་རེའི་ཞང་གྲོང་རེར་ཏང་འཛུགས་བྱ་བའི་ཆེད་སྤྱོད་མ་དངུལ་ཁྲི21ཁ་གསབ་བྱས། སྡེ་བ་རིམ་པའི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེད་སྤྱོད་མ་དངུལ་འགན་སྲུང་ནང་རྐྱེན་ཁྲི50བསགས་ཏེ། 《མདོ་ལ་རྫོང་གི་སྡེ་བ(སྡེ་ཁུལ)"འཁོར་རྒྱུག་མ་དངུལ+མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེད་སྤྱོད་མ་དངུལ"འགན་སྲུང་བྱེད་ཐབས》གཏན་འཁེལ་བྱས་པས། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེད་སྤྱོད་མ་དངུལ་གྱི"སྤྱོད་ལྔ་དང་མི་སྤྱོད་ལྔའི"བེད་སྤྱོད་རྒྱ་ཁྱོན་གསལ་བོར་བྱས། མང་ཚོགས་དང་འབྲེལ་ཡོད་པའི་བདེ་རྩར་ཐུག་པའི་ཁེ་ཕན་དང་མང་ཚོགས་དང་འབྲེལ་འདྲིས་བྱས་ཏེ་ཞབས་འདེགས་ཞུ་བའི"མཇུག་མཐའི་སྤྱི་ལེ་གཅིག"གི་གནད་དོན་ཐག་བཅད། ཏང་ཡོན་གསར་སྐྲུན་དང་ཕྱུག་སྒྱུར་མ་དངུལ་ཁྲི50བསགས་ནས་ཏང་ཡོན་གྱིས་སྣེ་ཁྲིད་དེ་ཕྱུག་སྒྱུར་དང་མང་ཚོགས་སྣེ་ཁྲིད་དེ་མཉམ་དུ་ཕྱུག་སྒྱུར་བྱེད་པའི་ཐད་སྟེགས་བུ་བསྐྲུན་པས། ཏང་ཡོན་གྱི་གསར་སྐྲུན་དང་ཕྱུག་སྒྱུར་བྱེད་ན་ཐབས་ལམ་མེད་པ་དང་ཐོན་ལས་འཕེལ་རྒྱས་བྱེད་ན་མ་དངུལ་མེད་པ། རེ་འདུན་གདན་ཞུ་བའི་དངུལ་བུན་གཏོང་ན་གཏའ་མ་འཇོག་པ་མེད་པའི"གསུམ་མེད"དཀའ་གནད་ཐག་བཅད་པ་དང་། "གཞི་རིམ་ཏང་རྩ་འཛུགས+མ་དངུལ་སྡེ་ཁག+ཏང་ཡོན+དབུལ་ཕོངས་ཁྱིམ་ཚང"གི"གནས་བཞི་ཕུང་གཅིག"ལས་སྐྲུན་འཕེལ་རྒྱས་དང་དབུལ་ཐར་ཕྱུག་སྒྱུར་བྱེད་པའི་ཐབས་ལམ་གསར་བ་ཞིག་བཙལ། གདོང་ལེན་སྟེགས་བུ་བསྐྲུན་ནས་ཏང་འཛུགས་གསོན་ཤུགས་སྐུལ་སློང་བྱས། "དྲིལ་བསྒྲགས་སྣེ་ཁྲིད་གདོང་ལེན"དང"གསར་སྐྲུན་ཞབས་ཕྱིའི་གདོང་ལེན།""གཏན་འཇགས་སྲུང་སྐྱོང་གདོང་ལེན།" "དཔལ་འབྱོར་འཕེལ་རྒྱས་གདོང་ལེན།" "དམངས་འཚོ་ལེགས་བཅོས་གདོང་ལེན"བཅས་ནང་དོན་གཙོ་བོ་ཡིན་པའི་ཏང་རྩ་འཛུགས་དང་ཏང་ཡོན་གྱི"མཐོ་སྒང་གདོང་ལེན"བྱ་འགུལ་སྤེལ་བས། ཏང་རྩ་འཛུགས་དང་ཏང་ཡོན་གྱིས་འཐབ་འཛིང་བཙན་རྫོང་དང་གདོང་ལེན་མིག་དཔེའི་ནུས་པའི་འདོན་ལེན་བྱེད་པའི་གནད་ས་བཙལ་ཏེ། ཏང་རྩ་འཛུགས་དང་ཏང་ཡོན་གྱི་གཟུགས་བརྙན་གསར་བ་བཙུགས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་ཤུགས་དང་གོང་བུར་འགྲིལ་ཤུགས། འཐབ་འཛིང་ནུས་ཤུགས་ཇེ་ཆེར་བཏང་བ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1