ན་ནིང་ནས་བཟུང་། ཏུའུ་ལན་རྫོང་གིས་ཏང་འཛུགས་བྱ་བ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དང་མཉམ་དུ་བཀོད་སྒྲིག་བྱས་ཏེ། དབུལ་སྐྱོར་འགག་སྒྲོལ་དང་ཁོར་ཡུག་སྲུང་སྐྱོང་བྱ་འགུལ་སྤེལ་བའི་དུས་མཉམ་དུ་ཏང་རྩ་འཛུགས་ཀྱི་ཐེག་བྱེད་དང་གཞི་རིམ་ཞང་གྲོང་འཕེལ་རྒྱས་གཉིས་ཕན་ཡོད་པའི་སྒོ་ནས་མཉམ་འདྲེས་བྱས་ནས། ཏང་འཛུགས་ཀྱིས་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་དང་ཐོན་ལས་ཞང་གྲོང་། འཆམ་མཐུན་ཞང་གྲོང་བཅས་ལ་སྐུལ་འདེད་བཏང་བ་རེད།
ཏང་འཛུགས་དང་ཁོར་ཡུག་སྲུང་སྐྱོང་མཉམ་འདྲེས་བྱས་ནས་ཁེ་ལས་ལ་སྐུལ་འདེད་བཏང་བ། ཏུའུ་ལན་རྫོང་གི་རིམ་པ་སོ་སོའི་ཏང་འཛུགས་ཀྱིས་བསམ་བློའི་ངོས་འཛིན་ལ་མཐོང་ཆེན་ཚད་མཐོན་པོ་བྱས་པ་དང་། རང་རྟོགས་སྒོས་ཁོར་ཡུག་སྲུང་སྐྱོང་བྱ་བ་ལེགས་སྒྲུབ་བྱས་ཏེ། གཅིག་ནི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི"བཤད་གསལ་གསུམ"གྱི་བྱ་བའི་ཚོགས་འདུ་བསྡུས་ནས། རྫོང་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱིས་ཁོར་ཡུག་སྲུང་སྐྱོང་བྱ་བ་དེ་ཆབ་སྲིད་དང་ཏང་གཤིས་རྩ་དོན་དང་། མངོན་གསལ་གྱི་ཆབ་སྲིད་རྣམ་འགྱུར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐད་བཏོན་པའི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བྱེད་དགོས་པའི་བླང་བྱ་བཏོན། གཉིས་ནི"ཕྱོགས་གསུམ"ནས་རྫོང་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་འགན་ཁུར་པ་རེ་རེ་བྱས་ནས་གཏམ་བཤད་བྱས་པ་དང་། གོམ་གང་མདུན་སྤོས་སྒོས་བྱ་བའི་ལས་འགན་གསལ་བོར་བྱས་ཤིང་འགན་ཁུར་གྱི་འདུ་ཤེས་ཤུགས་ཆེར་བཏང་། གསུམ་ནི་རྫོང་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་ཀྱི་འགན་ཁུར་པས་ཏུའུ་ལན་རྫོང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་བྱ་བའི་ཨུ་ཡོན་ལྷན་ཁང་དང《ཁོར་ཡུག་ལྟ་ཞིབ་ཁས་ལེན་དཔེ་ཆ》བཞག་ནས། ནུས་པ་ཡོད་ཚད་བཏོན་ནས་ཐོན་ཁུངས་གྲོན་ཆུང་ཅན་དང་ཁོར་ཡུག་མཛའ་མཐུན་ཅན་གྱི་ཁེ་ལས་མཚོན་རྟགས་བསྐྲུན། བཞི་ནི་རྫོང་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་སོ་སོའི་ནང་དུ་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཚད་གཞི་ལ་བརྟེན་ནས་ཐོན་སྐྱེད་ཚད་ལྡན་དུ་གཏོང་བ་ཡིན་མིན་ཐད་རྒྱུས་ལོན་བྱས།
ཏང་འཛུགས་དང་རྣམ་གྲངས་མཉམ་འདྲེས་བྱས་ནས་ལྗང་མདོག་ཐོན་ལས་བསྐྲུན་པ། ཏུའུ་ལན་རྫོང་གི་ཏང་འཛུགས་ཀྱིས་ཐོན་ལས་འཕེལ་རྒྱས་སྣེ་ཁྲིད་དང་། ཐོན་ལས་ཀྱིས་དབུལ་ཐར་འགག་སྒྲོལ་འགན་སྲུང་བྱེད་པ་རྒྱུན་འཁྱོངས་དང་། ཏང་གི་གཞི་རིམ་རྩ་འཛུགས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་དང་དབུལ་ཐར་གྱི་ལེགས་ཆར་བསྒྱུར་ཏེ། གཅིག་ནི་སྒྲིག་བཀོད་ཞིང་ལས་དང་ཕྱུགས་ལས་གསོ་སྤེལ་ཐོན་ལས་སོགས་ལྗང་མདོག་ཐོན་ལས་ལ་དམ་པོར་དམིགས་ནས། ཧུར་ཐག་གིས་རི་རྒོད་དང་ས་རྒོད་གསར་གཏོད་བྱེད་པ་དང་ཐུན་མོང་ཐོན་ཁུངས་རང་བཞིན་གྱི་རྒྱུ་ནོར་རྒྱ་བསྐྱེད་པ་དང་ཐུན་མོང་ཐོན་ཁུངས་དེ་ཐུན་མོང་གི་རྒྱུ་ནོར་དུ་བསྒྱུར་བ་འགན་སྲུང་བྱས་ཏེ། དམངས་ཕྱུག་ཐོན་ལས་ལེགས་སྒྲུབ་ཆེན་པོ་བྱས། གཉིས་ནི་ཧུར་ཐག་གིས"མཉམ་ལས་དཔལ་འབྱོར"དང"ཐུན་མོང་མ་དངུལ།" "ས་ཞིང་སྐོར་སྐྱོད། ""ཐོན་ལས་སྣེ་ཁྲིད"བཅས་ཀྱི་བྱེད་སྟངས་སྤྱད་ནས"ཀྲི་པུའུ+ཀུང་སི(མཉམ་ལས་ཁང)+རྟེན་གཞི+ཞིང་ཁྱིམ"།"ཏང་རྩ་འཛུགས+ར་བ+དབུལ་ཕོངས་ཁྱིམ་ཚང"བཅས་ལག་བསྟར་དཔེ་དབྱིབས་འཚོལ་ཞིབ་བྱས་ནས། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དབུལ་ཕོངས་ཁྱིམ་ཚང་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་སྒྱུར་བྱས། གསུམ་ནི་དབུལ་ཕོངས་སྡེ་བ་ཁ་ཤས་ཀྱི"ས་ཁོངས་ཁྱིམ་མཚེས་དང་ཁོར་ཡུག་འདྲ་མཚུངས། ཐོན་ལས་འདྲ་བའི"དོན་དངོས་དང་ཟུང་འབྲེལ་བྱས་ནས"ཕན་ཚུན་རོགས་རམ་དང་སྡེ་འབྲེལ་འཕེལ་རྒྱས། རྒྱ་ཁྱོན་བདག་གཉེར"བཅས་ཀྱི་འཕེལ་རྒྱས་རིག་ལམ་གཏན་འཁེལ་བྱས་པ་དང་། "དཔལ་འབྱོར་འཕེལ་རྒྱས་མཉམ་འབྲེལ་སྒྲིག་གཞི"བཙུགས་ནས་རྒྱ་ཁྱོན་ཅན་གྱི་བདག་གཉེར་དང་ལེགས་བསྡུས་ཅན་ལ་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་ལེགས་སྒྲུབ་བྱས།
ཏང་འཛུགས་དང་རིག་གནས་མཉམ་འདྲེས་བྱས་ནས"ལྗང་མདོག་ཞང་གྲོང་བསྐྲུན་པ་དང་། ཏུའུ་ལན་རྫོང་གིས་ཕན་ཡོད་པའི་སྒོ་ནས་རིག་གནས་དང་ཏང་འཛུགས་བྱ་བ་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་སྒོས། འཆམ་མཐུན་དཔལ་ཡོན་གྱི་ལྗང་མདོག་ཞང་གྲོང་ལ་རོགས་རམ་བྱས་ཏེ།གཅིག་ནས་ཏང་འཛུགས་དང་རིག་གནས་མཉམ་འདྲེས་བྱས་པ་དང་། "ཏང་ཡོན་བྱ་འགུལ་ཉིན་མོ+རིག་གནས"བྱ་འགུལ་དེ་ཐེག་བྱེད་བྱས་ནས། "གྲོང་རྡལ་རེ་ལ་ཁྱད་ཆོས་རེ་དང་སྡེ་བ་རེ་ལ་ཐོན་རྫས་རེའི"རིག་གནས་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ས་ཁོངས་གནད་སའི་སྡེ་བ་དང་གྲོང་རྡལ་གྱི་སྤྱི་ཚོགས་ཐོན་ཁུངས་སྔོག་འདོན་བྱས་ཏེ་ས་དེ་གའི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་དམངས་ཁྲོད་སྒྱུ་རྩལ་དང་དམངས་སྲོལ་རིག་གནས་སྤེལ་བ་དང་། ནུས་པ་ཡོད་ཚད་བཏོན་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཁྱིམ་གཞིས་བསྐྲུན་པ་དང་། གཉིས་ནས་ཁོར་ཡུག་སྲུང་སྐྱོང་བྱ་བ་དེ"ཚྭ་འདམ་གྱི་དབྱར་ཁའི"རིག་གནས་སྒྱུ་རྩལ་དུས་ཆེན་དང"སྡེ་སྲོལ"རིག་གནས་ལུས་རྩལ་སོགས་བྱ་འགུལ་སྤེལ་ཏེ། སྡེ་དམངས་ཀྱིས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འདུ་ཤེས་དང་ཞང་གྲོང་དཔལ་ཡོན་བྱང་ཚད་མཐོར་འདེགས་བྱས་པ་དང་། ཞང་གྲོང་གི་རྣམ་པ་ཇེ་བཟང་དུ་འགྲོ་བ། རིགས་སོ་སོའི་འགལ་བ་ཇེ་ཉུང་དུ་བཏང་བ། ཁྱིམ་མཚེས་བར་གྱི་འབྲེལ་བ་འཆམ་མཐུན་དུ་གནས་འདུག གསུམ་ནས་ཞིང་པས་བྲིས་པའི་རི་མོ་དང་ཡིག་གཟུགས་འབྲི་རྩལ། ཐང་ག ཤོག་དྲས་འདྲ་གཟུགས་སོགས་དམངས་ཁྲོད་བཟོ་རྩལ་ཐོན་རྫས་གཅིག་བསྡུས་འགྲེམ་སྟོན་བྱས་ཏེ། ཞིང་པ་རྣམས་ཀྱིས་རང་རྟོགས་སྒོས་གྲོང་གསེབ་གསར་བ་འཛུགས་སྐྲུན་བྱེད་པ་དང་གྲོང་གསེབ་ཀྱི་ཁོར་ཡུག་ཁུལ་བསྐྲུན་པའི་རྣམ་པ་བཟང་བོའི་ནང་དུ་ཞུགས་འདུག་པ་རེད།།
(རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་དཀྱིལ་སྙིང་ཞག་སྡོད་སློབ་གྲྭའི་པྨད་རིག་འཛིན་གྱིས་བསྒྱུར།)