ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་ཏུ་གཏོང་བ་དང་ཧུར་ཐག་གིས་དམངས་སྲིད་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


        ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པའི་དུས་རིམ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སྐྱོད་པའི་གནད་འགག་སྐབས་སུ་བསྡུས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་རེད། ཚོགས་ཆེན་ཐོག་ཏུ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུས་ང་ཚོར་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བའི་རེ་འདུན་དེ་འབད་བརྩོན་བྱེད་པའི་དམིགས་ཡུལ་དུ་བྱས་ཏེ། དུས་ནམ་ཡང་སྒྱིད་ལུག་མི་བྱེད་པའི་བསམ་བློ་ཉམས་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་བརྩོན་ཉམས་འགྱུར་ལྡན་པར་བྱས་ཏེ། མུ་མཐུད་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཆེའི་དམིགས་ཡུལ་མངོན་དུ་འགྱུར་བའི་ཁ་ཕྱོགས་སུ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་དགོས་པའི་ཐད་ལྷོད་མེད་སྒུལ་ཤུགས་འདོན་སྤྲོད་བྱས་པས། ང་ཚོས་ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་ཏུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་དགོས།

མུ་མཐུད་དུ་དམངས་འཚོ་ས་ཁོངས་ཀྱི་འགན་སྲུང་གསུམ་ལེགས་སྒྲུབ་བྱེད་དགོས།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན།  "དམངས་སྲིད་བྱ་བ་ནི་དགེ་སྒྲུབ་ལས་དོན་ཡིན་པས། དགེ་སྒྲུབ་ལས་དོན་བྱེད་ན་དགེ་སྒྲུབ་དང་གཅེས་སེམས། དམངས་གཅེས་བཅས་ཀྱི་བསམ་པ་བཅངས་དགོས།" དམངས་སྲིད་སྡེ་ཁག་ནི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རྒྱབ་རྟེན་བཅོལ་ས་ཡིན་པས། ང་ཚོས་ཁོ་ཚོས་ཆེས་སེམས་ཁུར་དང་ཆེས་ཐད་ཀར། ཆེས་དངོས་ཡོད་པའི་ཁེ་ཕན་གནད་དོན་ལ་དམ་པོར་བཟུང་ནས་དོན་དག་རེ་རེ་བཞིན་བསྟུད་མར་སྒྲུབ་པ་དང་ལོ་ནས་ལོ་མཐུད་དེ་བསྒྲུབ་དགོས་པ་དང་། "གོང་དུ་ཏང་དང་སྲིད་གཞུང་གི་སེམས་ཁྲལ་མཉམ་དུ་ཁུར་བ་དང་། འོག་ཏུ་མི་དམངས་མང་ཚོགས་ཀྱི་དཀའ་གནད་ཁྱད་སེལ་བྱེད་དགོས།" མི་དམངས་མང་ཚོགས་ཀྱི"དོན་ཆུང"ཡིད་དུ་འཇོག་པ་དང་། ཏང་དར་རྒྱས་ཡོང་བའི"ལས་འགན་ཆེན་པོ"ཕྲག་ཏུ་ཁུར་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ནན་ཏན་བྱེད་ཅིང་། དཀའ་ངལ་ཡོད་པའི་མང་ཚོགས་དང་ཉམ་ཆུང་མང་ཚོགས་ཀྱི་ཐོབ་སྣང་ཁྲོད་དུ་དཀའ་ངལ་ཡོད་པའི་མང་ཚོགས་དང་ལོ་ན་ཆེ་བའི་མི་སྣ། བདག་མེད་ཀྱི་དབང་བོ་སྐྱོན་ཅན་དང་དཀའ་གནད་ཡོད་པའི་བྱིས་པ་བཅས་ཀྱི་གདོང་དུ་དམངས་སྲིད་བྱ་བའི་རིན་ཐང་དང་དམངས་སྲིད་པའི་འགན་ཁུར་འཁུར་ཕོད་པ་མཚོན་དུ་འཇུག་དགོས།

        དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་ཚད་ཐིག་འགན་སྲུང་ལེགས་སྒྲུབ་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་ཐོག་བཏོན་པའི"མ་མཐའི་ཚད་ཐིག་སྲུང་བ་དང་དྲ་རྒྱ་དམ་ཚགས་བཟོ་བ། སྒྲིག་སྲོལ་འཛུགས་པ་བཅས་ཀྱི"བླང་བྱ་ལྟར། 2020ལོར་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མི་འབོར་ཁྲི52ཚང་མ་དབུལ་ཐར་བྱ་རྒྱུའི་དམིགས་འབེན་དམ་པོར་དམིགས་ཏེ།  རྒྱུན་ཆད་མེད་པར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བ་འགན་སྲུང་བྱེད་པའི་བྱ་བ་མཐུན་སྦྱོར་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ཧུར་ཐག་གིས་གྲོང་གསེབ་ཀྱི་ཆེས་དམའ་བའི་འཚོ་བ་འགན་སྲུང་དང་དབུལ་སྐྱོར་སྲིད་ཇུས་ཀྱི་ཕན་ཡོད་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ། འགྲོ་སོང་ཅན་གྱི་དབུལ་ཕོངས་ཁྱིམ་ཚང་ལ་སྐྱོབ་རོགས་དང་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལ་ཞིབ་འཇུག་བྱེད་དགོས། མུ་མཐུད་དུ་དབུལ་ཕོངས་ས་ཁུལ་གྱི་སྐྱོབ་རོགས་དང་དབུལ་ཐར་བྱ་བ་ལེགས་སྒྲུབ་བྱེད་པ་དང་། གོམ་གང་མདུན་སྤོའི་སྒོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆེས་དམའ་བའི་འཚོ་བ་འགན་སྲུང་བྱེད་པའི་དོ་དམ་ཚད་ལྡན་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆེས་དམའ་བའི་འཚོ་བ་འགན་སྲུང་བྱེད་པའི་ཚད་གཞི་རིམ་བཞིན་མཐོར་འདེགས་བྱེད་པ་དང་། སྤྱི་ཚོགས་ཀྱི་སྐྱོབ་རོགས་བྱེད་པའི་ཆ་འཕྲིན་ཅན་གྱི་སྟེགས་བུ་རིམ་འཕར་དང་། གནས་སྐབས་སྐྱོབ་རོགས་སྤེལ་བ། སྐྱོབ་རོགས་བྱེད་ཐབས་འཐུས་ཚང་དུ་གཏོང་བ།  གཞི་རིམ་གྱི"དབང་ཚད"རྒྱ་བསྐྱེད་ཅིང་སྐྱོབ་རོགས་ཀྱི་ཆ་རྐྱེན་དམའ་རུ་གཏོང་དགོས།

        རྒན་གསོ་ཕྱོགས་བསྡུས་ཞབས་ཞུའི་འགན་སྲུང་ལེགས་སྒྲུབ་བྱེད་དགོས། ཞབས་ཞུའི་དགོས་མཁོ་སྲོག་ཤིང་ཡིན་པ་དང་རྒན་གསོ་ཞབས་ཕྱི་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་བཅོས་སྒྱུར་ལ་བཙན་སྐུལ་བྱས་ཏེ། འཕེལ་རྒྱས་ཀྱི་འཆར་འགོད་དང་འཕེལ་རྒྱས་ཀྱི་དམིགས་འབེན། ཞབས་ཞུའི་བྱ་ཡུལ། ཞབས་ཞུའི་ནང་དོན། མ་དངུལ་གཏོང་བའི་ནང་རྐྱེན། བདག་གཉེར་བྱེད་ཐབས་བཅས་ཀྱི"བསྒྱུར་བ་དྲུག"མངོན་འགྱུར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རྒན་གསོ་ཞབས་ཞུའི"འཆར་འགོད་བཞི་དང་ཚད་ལྡན་གཅིག"ལ་བརྟེན་ནས། ཧུར་ཐག་གིས་རྒན་གསོ་ཞབས་ཞུའི་ཚོང་ར་གོང་དུ་སྤེལ་བ་དང་། རྒན་གསོ་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཁྱིམ་སྡོད་དང་སྡེ་ཁུལ་དུ་རྒན་གསོ་ཞབས་ཞུ་དང་། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་ཞབས་ཞུ་སོགས་ཀྱི་རྒྱལ་ཁབ་རིམ་པའི་ཚོད་ལྟ་བྱ་བ་ལེགས་སྒྲུབ་བྱེད་དགོས། སྲིད་གཞུང་གིས་རྒན་གསོ་ཞབས་ཞུར་མ་དངུལ་གཏོང་བའི་བྱ་བར་སྐུལ་འདེད་གཏོང་བ་དང་། རྒན་གསོ་ཞབས་ཞུར་དཔྱད་དཔག་དང་རྒན་གསོ་ཞབས་ཞུའི་ཚད་གཞི་ཅན་དང་ཆེད་ལས་མི་སྣ་དཔུང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ཇེ་མགྱོགས་སུ་གཏོང་བ།  མི་འབོར་ལོ་སྣ་ཆེ་བར་ཁ་གཏད་གང་ལེགས་བྱེད་པ་དང་ཤུགས་ཆེན་པོས་རྒན་བཀུར་དང་རྒན་བརྩིའི་སྤྱི་ཚོགས་ཁོར་ཡུག་བསྐྲུན་པ། མུ་མཐུད་དུ་ལོ་ཆེ་བའི་རྒན་པར་གསོ་བའི་ཆུ་ཚད་མཐོར་འདེགས་བྱེད་དགོས།

        ཉམ་ཆུང་མང་ཚོགས་ཀྱི་སྐྱོབ་རོགས་འགན་སྲུང་ལེགས་སྒྲུབ་བྱེད་དགོས། མུ་མཐུད་དུ་ཆེས་དབུལ་ཕོངས་མི་སྣའི་སྐྱོབ་རོགས་དང་སྲི་ཞུའི་ལམ་ལུགས་འཛུགས་སྐྲུན་དང་སྲིད་ཇུས་དངོས་འབེབས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཆེས་དབུལ་ཕོངས་ཀྱི་སྲི་ཞུ་བྱ་ཡུལ་དེ་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་མངོན་འགྱུར་བྱེད་དགོས།  མུ་མཐུད་དུ་དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་གྱི་ཁ་གསབ་གཉིས་སྟེར་བའི་བྱ་བ་ལེགས་སྒྲུབ་བྱས་ཏེ། དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས་པ་དང་། དྭ་ཕྲུག་དང་དཀའ་ངལ་ཡོད་པའི་བྱིས་པའི་རྩ་བའི་འཚོ་བ་འགན་སྲུང་བྱེད་པའི(ཁ་གསབ)སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ། རིམ་པ་བཞིའི་བྱིས་པ་ཕན་བདེའི་ཞབས་ཞུ་དང་ལོ་ན་མ་སོན་པའི་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། དེ་མིན་འཚོ་བའི་ཐད་རྟེན་ས་མེད་པའི་མི་སྣའི་སྐྱོབ་རོགས་སོགས་ཀྱི་ཆེད་དོན་བྱ་འགུལ་དང་ལོ་ན་མ་སོན་པའི་སྤྱི་ཚོགས་སྲུང་སྐྱོང་བྱ་བ་སྤེལ་བ་དང་། མུ་མཐུད་དུ་གོང་གསེབ་ཀྱི་གཞིས་སྲུང་བྱིས་པའི་གཅེས་སེམས་དང་སྲུང་སྐྱོང་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་དགོས།

ནུས་པ་ཡོད་ཚད་བཏོན་ནས་དམངས་སྲིད་ས་ཁོངས་ཀྱི་བཅོས་སྒྱུར་ཆེན་པོ་གསུམ་ལ་སྐུལ་འདེད་གཏོང་དགོས།

        དམངས་སྲིད་སྡེ་ཁག་ནི་སྤྱི་ཚོགས་སྲིད་འཛིན་ལས་དོན་ལ་གཙོ་ཁྲིད་བྱེད་པའི་སྲིད་གཞུང་གི་གྲུབ་ཆ་སྡེ་ཁག་ཅིག་ཡིན་པས། གཞི་རིམ་དུ་རྩ་བ་ཚུགས་པ་དང་སྤྱི་ཚོགས་དང་མཐུད་པ། མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་དང་།  ཞུ་གཏུག་མཚོན་པ་དང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། འགལ་བ་ཐག་གཅོད་པ་སོགས་སུ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་རེད།  ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐབ་ཇུས་བཀོད་སྒྲིག་ལྟར།  སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་བཅོས་སྐྱོང་བྱེད་པ་དང་། སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་རྩ་བའི་འཚོ་བར་འགན་སྲུང་བྱས་ནས་མི་དམངས་ཀྱི་ཉིན་བཞིན་འཕར་བའི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་ལ་ཡིད་ཚིམ་དགོས་པ་དང་། རྒྱུན་ཆད་མེད་པར་སྤྱི་ཚོགས་རིང་ལུགས་ཀྱི་དྲང་སྙོམས་གཞུང་དྲང་ལ་སྐུལ་འདེད་བཏང་ནས། ཕན་ཡོད་པའི་སྤྱི་ཚོགས་བཅོས་སྐྱོང་དང་སྤྱི་ཚོགས་སྒྲིག་ལམ་བཟང་བོ་ཞིག་ཆགས་པར་བྱས་ཏེ། མི་དམངས་ལ་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་བཟང་བ་དང་སྔར་ལས་འགན་སྲུང་ཡོད་པ། སྔར་ལས་རྒྱུན་མཐུད་དུ་འགྱུར་དགོས།

        སྤྱི་ཚོགས་བཅོས་སྐྱོང་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོད་དགོས།  སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཏང་ཨུའི་མགོ་ཁྲིད་དང་སྲིད་གཞུང་གི་འགན་ཁུར། སྤྱི་ཚོགས་ཀྱི་མཉམ་རོགས། མང་ཚོགས་ཞུགས་པ། ཁྲིམས་སྐྱོང་འགན་སྲུང་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་སྤྱི་ཚོགས་ཅན་དང་ཁྲིམས་ལུགས་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་མཐོར་འདེགས་བྱེད་དགོས། ས་གནས་སོ་སོར་མཛུབ་སྟོན་བྱས་ཏེ་ཁྲིམས་ལྟར་གོ་རིམ་ཡོད་པ་དང་དུས་ལྟར་སྐབས་བརྗེ་འདེམ་བསྐོ་བྱ་བ་ལེགས་པར་བསྒྲུབ་དགོས། སྡེ་ཁུལ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་སྤྱི་ཚོགས་བཅོས་སྐྱོང་གི་གཙོ་གནད་གཞི་རིམ་དུ་བསྒྱུར་ནས་སྤྱི་ཚོགས་ཀྱི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བཟང་བོ་བྱས་ཏེ། སྲིད་གཞུང་བཅོས་སྐྱོང་དང་སྤྱི་ཚོགས་བར་འདུམ། སྡོད་དམངས་རང་སྐྱོང་བཅས་མངོན་དུ་འགྱུར་དགོས།  སྲིད་གཞུང་གིས་སྤྱི་ཚོགས་སྟོབས་ཤུགས་ལ་སྡེ་ཁུལ་གྱི་ཞབས་ཞུའི་ཐད་མ་དངུལ་གཏོང་བའི་ལག་བསྟར་བྱེད་ཐབས་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྲིད་གཞུང་གིས་སྤྱི་ཚོགས་རྩ་འཛུགས་ལ་སྡེ་ཁུལ་གྱི་ཞབས་ཞུའི་ཐད་མ་དངུལ་གཏོང་བར་སྐུལ་སྤེལ་བྱེད་དགོས། སྤྱི་ཚོགས་རྩ་འཛུགས་ཀྱི་དོ་དམ་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། མུ་མཐུད་དུ་ལས་རིགས་མཐུན་ཚོགས། ཚོང་ཚོགས་དང་སྲིད་འཛིན་ལས་ཁུངས་དང་བྲལ་བའི་བྱ་བ་ལེགས་སྒྲུབ་བྱེད་དགོས། རིགས་བགོས་ནས་སྤྱི་ཚོགས་རྩ་འཛུགས་ཐད་ཀར་ཐོ་འགོད་བྱ་བ་སྤེལ་བ། སྤྱི་ཚོགས་རྩ་འཛུགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཚད་ལྡན་ཅན་དོ་དམ་ལ་ཤུགས་སྣོན་པ། ནང་ཁུལ་གྱི་བཅོས་སྐྱོང་ལ་ཤུགས་ཆེར་གཏོང་བ་དང་བྱ་འགུལ་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཞབས་ཕྱིའི་ནུས་པ་མཐོར་འདེགས་བྱེད་བཅས་ལ་སྐུལ་འདེད་གཏོང་བ་གཏོང་དགོས།

        གནོད་སྐྱོན་སེལ་བ་དང་སྐྱོབ་པའི་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། གནོད་སྐྱོན་སྔོན་འགོག་དང་སེལ་བ། སྐྱོབ་པ་བཅས་ཀྱི་ལམ་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ཇེ་མགྱོགསས་སུ་གཏོང་བ་དང་། དུས་ཐོག་ཏུ་ས་གནས་སྒྲིག་ཁྲིམས་ཁྲིམས་སྲོལ་དང་གནོད་སྐྱོན་སྔོན་འགོག་དང་སེལ་བ། སྐྱོབ་པ་བཅས་ཀྱི་བཅོས་སྒྱུར་དང་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་བཅས་གཏན་འཁེལ་བྱས་ནས། གོམ་གང་མདུན་སྤོའི་སྒོས་རང་བྱུང་གནོད་སྐྱོན་སྐྱོབ་རོགས་བྱ་བའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གནོད་སྐྱོན་སྔོན་འགོག་དང་སེལ་བ། སྐྱོབ་པ་བཅས་ཀྱི་ནུས་པ་མཐོར་འདེགས་བྱེད་དགོས། རྒུད་སྐྱོབ་མ་དངུལ་རིམ་བགོས་སྒྲིག་སྲོལ་དང་གནོད་འཚེ་ཐེབས་པའི་མི་སྣར་སྐྱོབ་རོགས་མ་དངུལ་ཁ་གསབ་ཚད་གཞི་ལག་ལེན་དང་དངོས་འབེབས་བྱེད་པ། འཚོ་བའི་དངོས་རྫས་ཁ་ཤས་ཀྱི་སྐྱོབ་རོགས་མེད་པར་བཟོ་བའི་བཅོས་སྒྱུར་གྱི་གྲུབ་འབྲས་སྲ་བརྟན་བྱེད་པ་དང་། སྲིད་ཇུས་རང་བཞིན་གྱི་ཞིང་པའི་སྡོད་ཁང་ཉེན་སྲུང་ཚོད་ལྟ་སྐུལ་སྤེལ་ནན་ཏན་བྱེད་པ། གནོད་འཚེ་མང་བའམ་གནོད་འཚེ་བྱུང་སླ་བའི་རྫོང་དུ་ནང་བླངས་པ་ཞབས་ཞུ་ས་ཚིགས་བཙུགས་ནས། རིམ་པ་སོ་སོའི་གནོད་སེལ་དངོས་རྫས་གསོག་པའི་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་དང་། གནོད་འཚེ་སེལ་བ་དང་བྲེལ་བསྟན་འགན་སྲུང་བྱ་བ་ལེགས་སྒྲུབ་བྱེད་དགོས།

        གཉིས་བཀུར་གཟིགས་སྐྱོང་བཅོས་སྒྱུར་བྱེད་ཐབས་དངོས་འབེབས་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས། གཉིས་བཀུར་གསར་སྐྲུན་དང་དམག་དམངས་མཉམ་འཛུགས་བྱ་འགུལ་སྤེལ་བ་དང་། དམག་བཀུར་མདུན་ཕྱོགས་ལ་རྒྱབ་སྐྱོར་བྱེད་པ་དང་ཞབས་ཕྱི་འགན་སྲུང་བྱ་བ་ལེགས་སྒྲུབ་བཟང་བོ་བྱས་ཏེ། གོམ་གང་མདུན་སྤོའི་སྒོས་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་བཀོད་སྒྲིག་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་གིས་བཀོད་སྒྲིག་བྱ་བ་དང་མཐུན་པའི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་བཀོད་སྒྲིག་ལ་སྐུལ་འདེད་གཏོང་དགོས། གཟིགས་སྐྱོང་བྱ་ཡུལ་གྱི་མི་སྒེར་ཆ་འཕྲིན་ཞིབ་བཤེར་དང་ཐོབ་ཐང་བདེན་དཔང་སྤེལ་ནས་དམག་དཔུང་ས་གནས་ཀྱི་སྲིད་གཞུང་ལ་སྤྲོད་པའི་དམག་དཔུང་གི་ལས་འཁྱུར་ངལ་གསོ་དང་ལས་བྲལ་ངལ་གསོ་མི་སྣའི་སྣེ་ལེན་དང་བཀོད་སྒྲིག་ལས་འགན་ཡོངས་སུ་བསྒྲུབ་དགོས། ནུས་པ་ཡོད་ཚད་བཏོན་ནས་དམག་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས།  རྒྱལ་སྲུང་དམག་དཔུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་དམངས་སྲིད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  དམག་སྲིད་དམག་དམངས་བར་གྱི་མཐུན་སྒྲིལ་སྲ་བརྟན་བྱས་ནས། དམག་མི་སྤྱི་ཚོགས་ཡོངས་ཀྱིས་གུས་བཀུར་བྱེད་པའི་ལས་རིགས་སུ་འགྱུར་བ་མངོན་དུ་འགྱུར་བའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

དམངས་སྲིད་ལས་དོན་དང་གསར་སྐྲུན། འཕེལ་རྒྱས་བཅས་ནུས་པ་གསུམ་མཐོར་འདེགས་བྱེད་དགོས།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང་བསྟན་དོན། "ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་ཆོད་སེམས་དང་འགན་འཁྲི་ནི་ཀྲུང་གོ་མི་དམངས་ལ་བདེ་སྤྱི་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་བྱེད་པ་དེ་ཡིན། ཐོག་མའི་ཆོད་སེམས་དང་འགན་འཁྲི་འདི་ནི་ཀྲུང་གོ་གུང་ཁྲན་ཏང་མི་ལ་སྐུལ་མ་བྱས་ནས་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་པའི་རྩ་བའི་སྒུལ་ཤུགས་ཡིན་པས། ང་ཚོས་ངེས་པར་དུ"ཐོག་མའི་ཆོད་སེམས་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ"དེ་རྩ་བའི་སྒུལ་ཤུགས་བྱས་ཏེ། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ་དང་སྤྱོད་བཟང་འགྱུར་མེད་པ་ཟུང་འབྲེལ་བྱས་ནས་དམངས་སྲིད་ཀྱིས་དམངས་ཆེད་དང་དམངས་གཅེས་པའི་བྱ་བའི་འདུ་ཤེས་དང་ནུས་པ་བཅངས་ནས། ཧུར་ཐག་གིས་མཚོ་སྔོན་གྱི་དམངས་སྲིད་ལས་དོན་འཕེལ་རྒྱས་བྱེད་པའི་རྣམ་པ་གསར་བ་སྐྲུན་པའི་ཐད་རྨང་གཞི་བརྟན་པོ་འདིང་དགོས།

        རང་ཉིད་བསྒྱུར་བཀོད་བྱེད་པའི་ནུས་པ་མཐོར་འདེགས་བྱེད་དགོས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བརྗོད་བྱ་གཙོ་བོའི་ལས་འགན་དངོས་འབེབས་ནན་མོ་བྱེད་པ་དང་ཏང་ནང་གི་ཆབ་སྲིད་འཚོ་བ་ནན་ཏན་བྱེད་པ། རྒྱུན་ཆད་མེད་པར"འདུ་ཤེས་བཞི"ཤུགས་ཆེར་གཏོང་བ། འཐབ་ཇུས་ཀྱི་བསམ་གཞིག་དང་གསར་སྐྲུན་གྱི་བསམ་གཞིག  རྩོད་སྒྲུབ་ཀྱི་བསམ་གཞིག  ཁྲིམས་སྐྱོང་བསམ་གཞིག  ཆེས་དམའ་བའི་ཚད་ཐིག་གི་བསམ་གཞིག་བཅས་ཀྱི་རྩ་གཞི་བརྟན་པོ་འདིང་བ་དང་། ཏང་ཙུའུ་ཚན་ཁག་གིས་ཁ་ཕྱོགས་གཏོང་བ་དང་དཔུང་སྡེ་ཁྲིད་པ། གསར་སྐྲུན་འཚོལ་བ། གོང་འཕེལ་བྱེད་པའི་ཆུ་ཚད་དང་ནུས་པ་མཐོར་འདེགས་བྱེད་དགོས། "སློབ་གཉིས་བྱེད་གཅིག"གི་སློབ་སྦྱོང་སློབ་གསོའི་བྱ་འགུལ་དེ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་གཙོ་གནད་བྱས་ཏེ། "ཐོག་མའི་ཆོད་སེམས་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི"བརྗོད་བྱ་གཙོ་བོའི་སློབ་གསོར་སྐུལ་འདེད་གཏོང་བ། ཧུར་ཐག་གིས་སློབ་སྦྱོང་ལ་དགའ་བ་དང་ལག་ལེན་བྱེད་ཕོད་པའི་སྣང་ཚུལ་དྲག་པོ་བསྐྲུན་པ། རང་རྟོག་སྒོས་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་གྱི་དད་པ་དང་ལག་ལེན་བྱེད་མཁན་བྱེད་དགོས།

        དངོས་འཛིན་དངོས་སྒྲུབ་ཀྱི་ནུས་པ་མཐོར་འདེགས་བྱེད་དགོས། ང་ཚོས་རྒྱ་ཆེའི་མང་ཚོགས་ཀྱི་སྙིང་གྲོགས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་པ་བྱས་ཏེ། དམངས་སྲིད་བྱ་བ་དོན་ཆུང་མེད་པའི་འདུ་ཤེས་ཤུགས་ཆེར་གཏོང་བ། ཉེན་ཁ་སྔོན་འགོག་དང་ཉམས་སད་ལ་ཁ་གཏད་པ། འགལ་བ་དང་གནད་དོན་ཐག་གཅོད་བྱེད་པ་བཅས་ཀྱི་ནུས་པ་མཐོར་འདེགས་བྱེད་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་དང་དོན་དངོས་དང་འབྲེལ་འདྲིས་དམ་པོ་བྱེད་པ། དཀའ་ངལ་ཁྱད་སེལ་བྱེད་ཕོད་པ། དམངས་སྲིད་བྱ་བའི་རང་འགུལ་དབང་ཆ་དམ་པོར་འཛིན་པ། "དམངས་དོན་ཆེད"ཀྱི་སྲོག་ཤིང་འགན་ནུས་དང་བླ་ན་མེད་པའི་འགན་འཁྲི་ལག་བསྟར་བྱེད་པ། "དམངས་གཅེས"ཀྱི་བླང་བྱ་དང་བརྩེ་དུང་སྲུང་བ། གོམ་གང་མདུན་སྤོའི་སྒོས་སྤྱོད་ཚུལ་ལེགས་སྒྱུར་དང་རྨང་གཞི་བརྟན་པོར་འདིང་བ། གཞི་རིམ་ལ་ཤུགས་སྣོན་པ། རང་འགུལ་གྱིས་མང་ཚོགས་དང་འབྲེལ་འདྲིས་བྱེད་པ། དོན་དངོས་རྟོག་ཞིབ། དཀའ་ངལ་ཁྱད་སེལ། རང་འགུལ་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་བཀོད་སྒྲིག་དེ་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ལས་བྱེད་པ་དང་ལས་བཟོ་པ། དམངས་སྲིད་བྱེད་སྒོའི་བྱ་བ་སྣ་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་དང་གསོན་ཉམས་ལྡན་པའི་ལག་ལེན། དངོས་གཉེར་བྱེད་ཐབས་བཅས་སུ་བསྒྱུར་དགོས་ཏེ། དམངས་སྲིད་ཀྱི"བདེན་ལེགས་མཛེས་གསུམ"གྱི་བྱ་བ་དེ་མང་ཚོགས་ཀྱི་སེམས་སུ་འཇོག་པ་དང་།  དམངས་སྲིད་ཀྱི"རྨང་གཞི་འདིང་བའི"བྱ་བ་དེ་གཞི་རིམ་དུ་བསྒྲུབ་དགོས།

        ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་མཐོར་འདེགས་བྱེད་དགོས། རང་རྟོགས་སྒོས་ཁྱོན་ཡོངས་ལ་བརྩི་བཀུར་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བཅངས་ནས་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གཏན་བརླིང་གི་དོ་མཉམ་ས་དང་། དམངས་འཚོ་དང་དམངས་སེམས། དམངས་ཤུགས་ཀྱི་ཟུང་འབྲེལ་ས། སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བའི་གནད་འགག་གི་གནས་བཅས་ཁོང་དུ་ཆུད་པར་བྱས་ཏེ། དམངས་སྲིད་ས་ཁོངས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། གོམ་གང་མདུན་སྤོའི་སྒོས་བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་གཏོང་བ། འཚོལ་ཞིབ་དང་ལག་ལེན་བྱེད་ཕོད་པ་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གྱི"ཏན་ཏན་ཏིག་ཏིག་བཞིའི"སྤྱིའི་བཀོད་སྒྲིག་དེ་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་མ་ལག་ཏུ་རྩ་ཚུགས་བྱས་ཤིང་གྲུབ་འབྲས་ལེན་དགོས། ཧུར་ཐག་གིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་སུ་དམིགས་བསལ་གྱི་ལས་འགན་ཁུར་ནས"སྐྱེ་ཁམས་གཉིས"མཉམ་དུ་འཛིན་པ་དང་། "འགན་འཁྲི་གཉིས"མཉམ་དུ་ཁུར་བ་རྒྱུན་འཁྱོངས་བྱེད་པ། ཤུགས་ཆེན་པོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆེས་དམའ་བའི་འཚོ་བར་འགན་སྲུང་དང་ཕན་བདེ་བྱ་འགུའི་འཛིན་ཤོག  བཟོ་བཀོད་རྣམ་གྲངས་སོགས་ཀྱི་ལྟ་སྐུལ་དང་ཁྲིམས་འཛིན། འགན་འདྲི་བཅས་ཤུགས་ཆེར་གཏོང་དགོས་པ་དང་། ཤུགས་ཆེན་པོས་གྲོང་རྡལ་ཅན་གྱི་བཀོད་སྒྲིག་དང་ཁྲིམས་ལྟར་བདེ་འཇགས་མཐའ་མཚམས་བསྐྲུན་པ། ཤུགས་ཆེན་པོས་དམངས་སྲིད་ཞབས་ཞུའི་ལས་ཁུངས་ཀྱི་ཐོན་སྐྱེད་བདེ་འཇགས་དང་ནུས་གྲོན་ཐན་ཉུང་དུ་བསྒྱུར་བ། ཤུགས་ཆེན་པོས་དམངས་སྲིད་ཀྱི་རྨང་གཞི་འཛུགས་སྐྲུན་རྣམ་གྲངས་ཐོག་ཏུ་ལྗང་སྒྱུར་འཕེལ་རྒྱས་བྱེད་པ་བཅས་བྱས་ནས། ཧུར་ཐག་གིས་སྐྱེ་ཁམས་འཕེལ་རྒྱས་དང་བདེ་འཇགས་གཏན་བརླིང་། དམངས་སྲིད་ལས་དོན་གཉིས་སུ་ལོ་ལེགས་ཡོང་བ་བྱེད་དགོས།།

རྩེ་ཁོག་རྫོང་བོན་བརྒྱ་ཞང་དཀྱིལ་སྙིང་བཅའ་སྡོད་སློབ་གྲྭ  རྡོ་བྷ་ཚེ་རིང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1