སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱེད་པའི་མཚོ་སྔོན་གྱི་འཆར་འགོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


        འདས་མ་ཐག་པའི2017ལོ་ནི་མཚོ་སྔོན་གྱི་འཕེལ་རྒྱས་ཐོག་ཏུ་ཤིན་ཏུ་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། ལོ་གཅིག་ནང་དུ་མཚོ་སྔོན་གྱིས་འཕེལ་ཕྱོགས་ཆེན་མོར་ལྟ་བ་དང་ཁྱོན་ཡོངས་ལ་དམིགས་པ། བྱེད་ཐབས་དངོས་འདོན་པ། དོན་དངོས་སྒྲུབ་པ་བཅས་བྱས་པས་སྲིད་གཞུང་གི་སྤྱི་ཁོག་སྙོམས་སྒྲིག་དང་སྤྱི་པའི་ཞབས་ཞུ། ཚོང་རའི་ལྟ་སྐུལ། སྤྱི་ཚོགས་དོ་དམ། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལས་འགན་ལག་བསྟར་བཟང་བོ་བྱས་ཏེ། བྱ་བ་སྣ་ཚོགས་ཀྱི་རྣམ་པ་གསར་བ་བསྐྲུན།

 

སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱས་པས་མཚོ་སྔོན་ལ་སྔར་ལས་གདིང་ཤུགས་ཡོད་པར་གྱུར།

 

        2017ལོ་ནི་མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱས་པའི་ལོ་གཅིག་ཡིན།

        ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱིར2642.8མངོན་དུ་འགྱུར་བས་སྔོན་ལོ་ལས7.3%འཕར་བ་དང་། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་སྒོ་སྒོར9.8%རུ་སླེབས། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད1.5%ལ་ཚོད་འཛིན་བྱས་པ་དེ་ནི་ལོ་བཅུ་གཉིས་ནང་ཆེས་དམའ་བར་ཚོད་འཛིན་བྱས། ཞིང་ཆེན་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་སྣ་ཚོགས་བདེ་བླག་ངང་གྲུབ།

        སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་དངུལ་བཏང་ཚད10.3%འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་ཚོང་རྫས་སིལ་ཚོང་སྤྱི་གྲངས9.3%འཕར། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་སྒོ་སྒོར9.3%འཕར་ཡོད།

དེ་དག་ནི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བ་དང་ལྗིད་ཏིག་ཏིག་གི་ཐོབ་སྣང་ཞིག་ཡིན།

        2017ལོར་ཐོན་ལས་གཙོ་གནད་ཀྱི་གནད་འགག་ལག་རྩལ་ཐད་འགག་སྒྲོལ་གསར་བ་ཐོབ་པ་དང་། རྒྱལ་ཡོངས་ཀྱི་ཀྲོ་ལ་བརྒྱ་ཅན་གྱི་ཉི་འོད་ནུས་པའི་འོད་ཧྥུ་གློག་འདོན་དངོས་དཔང་རྟེན་གཞི་ཨང་དང་པོ་བཙུགས་པ་རེད།

 

        རྒྱ་ཁྱོན་ལྡན་པའི་བཟོ་ལས7%འཕར་བ་དང་ལག་རྩལ་མཐོ་གསར་ཐོན་ལས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་སོ་སོ21%དང16%འཕར། ནུས་ཁུངས་གློག་ཤུགས་གཙང་མ་མཁོ་སྤྲོད་བསྟུད་མར་དུས་ཚོད168ཀྱི་འཛམ་གླིང་ཐོག་གི་ཟིན་ཐོ་གསར་བ་བསྐྲུན།

གནས་སྐོར་གཙོ་བོ་ཡིན་པའི་སྤྱི་ཚོགས་འཛད་སྤྱོད་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་འཕར་བའི་ཐད་སྒུལ་ཤུགས་ཆེན་པོ་སྣོན་བཞིན་ཡོད། 2017ལོར་མཚོ་སྔོན་གྱིས་རིག་གནས་གནས་སྐོར་དུས་ཆེན་ལེགས་འགྲུབ་ངང་བསྡུས་པས། གནས་སྐོར་མི(ཐེངས)དང་གནས་སྐོར་ཡོང་སྒོ་ཆ་སྙོམས20%ཡན་འཕར། གནམ་གྲུ་ཐང་གིས་མི(ཐེངས)ཁྲི6000ལྷག་སྣེ་ལེན་བྱས། ......

ལོ་ལྔའི་རིང་དུ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་གཉིས་སུ་སླེབས་པ་དང་། ལོ་རེའི་ཆ་སྙོམས8.7%འཕར། གཏན་འཇགས་རྒྱུ་ནོར་མ་དངུལ་གཏོང་བའི་ཐད་སྒོར་དུང་ཕྱུར་ཁྲི་གཉིས་ལས་བརྒལ་བ། ཞིང་ཆེན་ཡོངས་ཀྱི་སྤྱིའི་ནོར་ཤུགས་དུང་ཕྱུར1650.8དུ་སླེབས་པ། སྤྱི་ཚོགས་ཀྱི་འཛད་སྤྱོད་ཚོང་རྫས་སིལ་ཚོང་བྱས་ཚད་ལོ་རེར་ཆ་སྙོམས11.8འཕར་ཡོད།

དེ་དག་ནི་དཔལ་འབྱོར་འཕེལ་རྒྱས་བརྟན་པོའི་ངང་ནས་ལེགས་པོར་འགྲོ་བཞིན་ཡོད་པའི་མཚོན་བྱེད་་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་བའི་མཛུབ་སྟོན་འོག་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ནི་མགོ་རྩོམ་ས་གསར་བའི་ཐོག་ཏུ་ལངས་ཡོད།

འདུས་པའི་ལོ་གཅིག་ནང་། མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་བྱེད་པའི་ཐད་བྱས་རྗེས་མངོན་གསལ་ཐོབ་སྟེ།  ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་བློ་གཅིག་སེམས་གཅིག་གིས་གོང་དུ་འཕེལ་བ་དང་སེམས་གཅིག་ཏུ་བསམ་པ་དང་ངར་ཤུགས་གཅིག་ཏུ་བཏོན་པ་རེད།

གྲུབ་འབྲས་བླངས་པ་དེ་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་དང་ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་ལ་དམིགས་བསལ་གྱི་སེམས་ཁུར་ལ་བརྟེན་ནས་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་མདུན་དུ་སྐྱོད་པ་བྱས་ནས་བྱུང་བ་ཡིན།

དེ་དག་ནི་བྱས་རྗེས་གསར་བ་ཡིན་ལ་མགོ་རྩོམ་སའང་ཡིན། དུས་རབས་གསར་བར་འཁྱུད་ན་ངེས་པར་དུ་བྱ་སྤྱོད་གསར་བ་ཡོད་དགོས། ང་ཚོས་དུས་ནམ་ཡང་སྒྱིད་ལུག་མི་བྱེད་པའི་སྙིང་སྟོབས་ཀྱི་ཉམས་འགྱུར་དང་ཞུམ་མེད་དུན་སྐྱོད་ཀྱི་འབད་བརྩོན་ཉམས་འགྱུར་ལྡན་པར་བྱས་ཏེ། མཚོ་སྔོན་གསར་བ་ཞིག་བསྐྲུན་དགོས།

 

2017ལོར་མཚོ་སྔོན་གྱིས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་བས་བྱས་རྗེས་མངོན་གསལ་ཐོབ་པ།

 

2017ལོར་བཅོས་སྒྱུར་སྒོ་འབྱེད་ཐད་གོམ་སྟབས་གསར་བ་སྤོས་ཏེ།

ལྷག་མའི་ཐོན་ནུས་ཐག་གཅོད་བྱེད་པ་དང་ཚོང་རར་སྐུལ་འདེད་བཏང་བས། རྡོ་སོལ་ཏུན་ཁྲི132ཀྱི་ཐོན་ནུས་ལས་འགན་གྲུབ་པ་དང་། ཁེ་ལས་ཀྱི་ལས་བཟོ་བ3046ཁག་བགོས་དང་བཀོད་སྒྲིག་བྱས་ཤིང་། ཐད་ཀར་གློག་མཁོ་སྤྲོད་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཁེ་ལས་ཀྱི་མ་གནས་སྒོར་དུང་ཕྱུར70ཆག་པ་རེད།

གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་དུས་མཚུངས་སུ། སྲིད་འཛིན་གྱིས་ཞིབ་བཤེར་ཆོག་མཆན་འགོད་པའི་ལས་དོན44མེད་པར་བཏང་ཞིང་ལེགས་སྒྲིག་བྱས་པ་དང་། ཁེ་ལས་ཀྱི"ལག་ཁྱེར་སོ་དྲུག་གཅིག་ཏུ་བསྡུས་པ"དང་མི་སྒེར་ཁྱིམ་ཚང་གི"ལག་ཁྱེར་ལྔ་གཅིག་ཏུ་བསྡུས་པ"ལག་བསྟར་བྱས་པས།  ཚོང་གཉེར་གྱི་ཁོར་ཡུག་མངོན་གསལ་དུ་ལེགས་བཅོས་བྱས་པས། ཚོང་ར་གཙོ་བོ13%འཕར་བ།རྒྱལ་ཁབ་ལ་དབང་བའི་ཁེ་ལས "3+10"ཡི་བཅོས་སྒྱུར་ཚོད་ལྟ་གསར་སྐྲུན་མ་ལག་ཆགས་ཡོད།

གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་བྱེད་པའི་བདག་གཉེར་དབང་ཆ་དང་གཏན་འཁེལ་དབང་ཆའི་ཐོ་འགོད་བྱ་བ་བདེ་བླག་ངང་སྤེལ་བ་དང་། གྲོང་གསེབ་ཀྱི་ཐུན་མོང་ཐོན་དབང་ལམ་ལུགས་དང་ས་རྒོད་སློག་པ་སོགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་ཇེ་མགྱོགས་སུ་བཏང་བ་རེད། ......

ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་དམིགས་ཡུལ་ནི་བཅོས་སྒྱུར་གྱི་གྲུབ་འབྲས་སྔར་ལས་མང་བ་དང་། སྔར་ལས་མི་དམངས་ཡོངས་ལ་ཕན་ཐོབ་ཡོད་པ་དེ་རེད། མི་དམངས་ཀྱི་རེ་འདུན་ནི་བཅོས་སྒྱུར་བྱེད་པའི་ཁ་ཕྱོགས་ཡིན།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚུན་པའི་ལོ་ལྔ་ནི་མཚོ་སྔོན་གྱིས་གསོན་ཤུགས་བཏང་བའི་ལོ་ལྔ་ཡིན། བཅོས་སྒྱུར་བྱེད་ཐབས་རྒྱུན་ཆད་མེད་པར་གཏན་འཁེལ་བྱས་པས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཐོག་མཐའ་བར་གསུམ་དུ་སྒུལ་ཤུགས་ཡོད་པ་དང་། འཕེལ་རྒྱས་བྱེད་པའི་ངོས་འཛིན་གཅིག་མཐུན་དུ་མངོན་འགྱུར་བྱས་པ་རེད།

རྒྱུན་ཆད་མེད་པར་བཅོས་སྒྱུར་བྱེད་པའི་སྙིང་སྟོབས་ཡོད་ན། ད་གཟོད་དུས་རབས་གསར་བར་མཚོ་སྔོན་འཕེལ་རྒྱས་བྱེད་པའི་ལེའུ་གསར་བ་འབྲི་ཐུབ་པ་རེད།

 

མི་དམངས་མང་ཚོགས་ཀྱི་ཐོབ་སྣང་ཤུགས་ཆེ་རུ་གྱུར།

 

ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་པན་ཡན་སྡེ་བ་ནི་དབུལ་ཕོངས་སྡེ་བ་ཞིག་ཡིན། དེར་འགྲིམ་འགྲུལ་མི་བདེ་བ་དང་སྡོད་གནས་ཐར་ཐོར་ཡིན་པ། གནས་སྤོ་བྱས་རྗེས་ས་དེ་གའི་ཁྱད་ཆོས་ལྡན་པའི་གཉེར་ཅན་ཕག་གསོས་བས་ཁྱིམ་རེས་གཙང་ཞིང་ཡངས་བའི་ཕྱོགས་བཞིར་ཁང་བ་ཡོད་པའི་ར་སྐོར་བཟོས། ད་ལོར་ཧྲིལ་པོར་དབུལ་ཐར་བྱས།

ལོ་གཅིག་ནང་དུ། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང7དང་དབུལ་ཕོངས་སྡེ་བ525། དབུལ་ཕོངས་མི་འབོར་ཁྲི15.8བཅས་ཚང་མ་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་རེད།  དམངས་འཚོའི་ཚད་གཞི་ལེགས་སྒྲིག་ལས་འགན13ཡོངས་སུ་གྲུབ་པ་དང་། གྲོང་ཁྱེར་གྱི་ཆེས་དམའ་བའི་འཚོ་བར་འགན་སྲུང་ཟླ་རེར་མི་རེའི་ཆ་སྙོམས་ཚད་གཞི་དང་གྲོང་གསེབ་ཀྱི་ཆེས་དམའ་བའི་འཚོ་བར་འགན་སྲུང་ལོ་རེར་མི་རེའི་ཆ་སྙོམས་ཚད་གཞི་སོ་སོར་སྒོར་མོ50དང་སྒོར་མོ350མཐོར་འདེགས་བྱས་པ་མ་ཟད། གྲོང་རྡལ་གྱི་ལས་ཞུགས་ཚད་མི་ཁྲི6.1འཕར་བ་དང་རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ཁྲི108གནས་སྤོ་བྱས་ནས་ལས་ཞུགས་བྱས། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་ཚད85%ཡན་དུ་སླེབས་ཡོད།

མི་དམངས་ཀྱིས་སེམས་ཁུར་བྱེད་པའི་དངོས་ཡོད་ཁེ་ཕན་གནད་དོན་ནི་དོན་དག་རེ་རེ་བཞིན་བསྟུད་མར་བསྒྲུབ་དགོས་པ་དང་། ལོ་རེ་ནས་ལོ་མཐུད་དེ་སྒྲུབ་དགོས།

ལོ་ལྔའི་རིང་དུ་བྱས་རྗེས་ཆེན་པོ་སྟེ། དབུལ་ཕོངས་མི་འབོར་ཁྲི90.7བརྟན་པོའི་ངང་དབུལ་ཐར་བྱས་པ་དང་གྲོང་རྡལ་གྱི་ལས་ཞུགས་པ་མི་ཁྲི30ལས་བརྒལ་བ། སྤྱི་ཚོགས་ཀྱི་ཉེན་སྲུང་དང་སྨན་བཅོས་འགན་སྲུང་དུ་ཞུགས་པའི་རྒྱ་སྐྱེད་ལས་འགན་ཡོངས་སུ་གྲུབ་ཅིང་། རྒན་གསོ་དང་སྨན་བཅོས། ཆེས་དམའ་བའི་འཚོ་བར་འགན་སྲུང་སོགས་ཀྱི་རྩ་བའི་སྤྱི་པའི་ཞབས་ཞུ་ཡོངས་སུ་ཁེབས་པ་ཡོད།

སྤྱི་ཚོགས་ཀྱི་སྐྱོབ་རོགས་ཆུ་ཚད་ཇེ་མཐོར་སོང་བ་དང་། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་ཚོད་ལྟ་ཆགས་པ།"བདེ་ཐང་གི་མཚོ་སྔོན2030"ཡི་བྱ་སྤྱོད་འཆར་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། མི་རེའི་ཆ་སྙོམས་ཀྱི་ལོ་ན71.7མཐོར་འདེགས་བྱས་པ། མི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱས་པ་རེད།

གྲོང་རྡལ་གྱི་རིགས་སོ་སོའི་འགན་སྲུང་ཁང་བ་ཁྲི38.7ལྷག་ལས་མགོ་བརྩམས་པ་དང་། རོང་འབྲོག་ཁུལ་གྱི་རིགས་སོ་སོའི་ཁང་བ་ཁྲི35ལྷག་བཟོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སུམ་ཆའི་གཅིག་གི་མི་འབོར་གྱི་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་བྱས།

དངོས་གོང3.1%ནས1.5%རུ་མར་ཆག་པ་རེད། ......

ཀུན་སྤྱོད་ནམ་ཡང་མི་འགྱུར་བ་དང་ཐོག་མའི་ཆོད་སེམས་མི་བརྗེད་པ། "མི་དམངས་ཀྱི་གནས་ཚུལ་ལ་སེམས་ཁུར་བྱས་ན་མི་དམངས་ཀྱིས་ང་ཚོ་ཡིད་དུ་འཇོག་པ་རེད།" དམངས་འཚོ་ལེགས་བཅོས་བྱས་པའི་རྒྱུགས་ཤོག་གི་རྗེས་སུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མི་དམངས་ལ་དོན་དངོས་སྒྲུབ་པའི་བརྩེ་དོན་མཚོན་ཡོད།

2017ལོར་མཚོ་སྔོན་གྱིས་ཁོར་ཡུག་སྲུང་སྐྱོང་གི་རྒྱུགས་ཤོག་བཟང་བོ་སྤྲད།

 

མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་པ་དང་། ཆེས་ཆེ་བའི་འགན་འཁྲིའང་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་ལ། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཀྱི་སྟེང་དུ་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་ནི་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་བྱེད་པའི་གནད་ས་དང་བརྗོད་བྱ་གཙོ་བོ་ཡིན།

"རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བདེ་བླག་ཡིན་པ་དང་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་འཆར་འགོད་ཆོག་མཆན་གནང་བ། ཨ་ཆེན་གངས་རྒྱུད་རྒྱལ་ཁབ་ཀྱི་འཛམ་གླིང་རང་བྱུང་ཤུལ་བཞག་མིང་ཐོའི་ནང་ཞུགས་ལ། མདོ་ལ་རིང་མོའི་རུ་ཆུ་ནགས་ཞིང་མཚེའུ་རྩྭ་སོགས་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ཚོད་ལྟ་རྣམ་གྲངས་ལས་མགོ་བརྩམས། ཆུ་བདག་ལམ་ལུགས་ཁྱོན་ཡོངས་ནས་བཙུགས་ཏེ་ཆུ་བདག་པ5622ཀྱིས་དངོས་སུ་འགན་ཁུར།  རྒྱལ་ཁབ་ཀྱིས་མངའ་ཁོངས་ལྗང་སྒྱུར་རྒྱ་ཁྱོན་མུའུ་ཁྲི400ལས་བརྒལ་བས་ལོ་རྒྱུས་ཐོག་གི་ཆེས་མང་བ་ཡིན།

ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་སྐབས་སུ་སྤྲད་པའི་ཁོར་ཡུག་སྲུང་སྐྱོང་གནད་དོན2299ཚང་མ་བསྒྲུབས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚུན་དུ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་ཏེ། རློན་ས་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་བསླེབས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་མཚེའུ་མང་པོ་བྱུང་བ། མཚོ་སྔོན་པོའི་ཆུ་ཁོངས་རྒྱ་ཁྱོན་ལོ17ནང་གི་ཆེས་ཆེ་བར་གྱུར། ཉྭ་ཐོན་ཁུངས་ཚད་སྲུང་སྐྱོང་ཐོག་མའི་དུས་ལས་ལྡབ30འཕར། འབྲི་ཆུ་དང་རྨ་ཆུའི་གཞུང་རྒྱུད་དང་། རྫ་ཆུ། ནག་ཆུ་བཅས་ཞིང་ཆེན་ལས་བརྒལ་བའི་ཆུའི་སྤུས་ཚད་རིགསⅡཡན་དུ་བསྟུད་མར་བརྟན་འཇགས་ཡིན་པ་གྱུར་དང་། ཙོང་ཆུའི་ཞིང་ཆེན་ལས་བརྒལ་བའི་བཅུད་ངོས་རིགསⅣཀྱི་ཆུའི་སྤུས་ཚད100%རུ་བསླེབས། ཞིང་ཆེན་ཡོངས་ཀྱི་ས་ངོས་ཀྱི་ཆུའི་སྤུས་ཚད་བཟང་བོའི་བསྡུར་ཚད94.7%རུ་བསླེབས།

ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་ཀྱི་སྤུས་ཚད་ལེགས་པོའི་ཉིན་གྲངས་བསྡུར་ཚད92.4%རུ་སླེབས་པ་དང་། ཟི་ལིང་གི་ལྷོ་བྱང་རི་བོ་གཉིས་ནགས་ཚལ་ཁེབས་ཚད97%རུ་སླེབས་པ། སྐྱེ་ཁམས་དཔལ་ཡོན་གྱི་ཡར་ཐོན་གྱིས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་ཇེ་མཐོར་སོང་།

ལྗང་སྒྱུར་འཕེལ་རྒྱས་ཀྱི་འདུ་ཤེས་ཀྱི་མཛུབ་སྟོན་འོག་ཏུ་ཞིང་ཆེན་ཡོངས་ཀྱི་ནུས་བསྲི་སྙིགས་འཕྲིའི་ཐད་བྱས་རྗེས་མངོན་གསལ་ཐོབ་སྟེ།  ཁོར་ཡུག་ལེགས་བཅོས་ཀྱིས་སྐྱེ་ཁམས་ཇེ་བཟང་དུ་འགྲོ་བ་དང་། སྐྱེ་ཁམས་ཀྱི་མཛེས་སྡུག་ལྡན་པ་དེ་ཞིང་ཆེན་ཡོངས་ཀྱི་མཆོང་རྟོབས་ཀྱིས་འཕེལ་རྒྱས་བྱེད་པའི་ཆེས་ཆེ་བའི་མ་རྩ་དང་ལེགས་ཆ་ཡིན།

 

2018ལོར་དུས་རབས་གསར་བའི་ལེའུ་གསར་བ་འབྲི་དགོས།

 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དུ་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་ཐོག་བསྟན་དོན།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་བསླེབས་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཐོག་བསྟན་དོན། མཚོ་སྔོན་གྱི་འཕེལ་རྒྱས་དེ་མགོ་རྩོམ་ས་གསར་བ་ཐོག་ཏུ་ལངས་ཡོད།

འདུས་པའི་ལོ་ལྔའི་རིང་འབད་བརྩོན་བྱས་པའི་ལམ་བུ་ལོ་རྒྱུས་ཀྱི་ཟིན་ཐོའི་ནང་བཀོད་པ་དང་། མཛེས་སྡུག་ལྡན་པའི་མ་འོངས་པ་ང་ཚོར་ཡོང་བ།

རང་ཞིང་གི་འཕེལ་རྒྱས་བྱེད་པའི་སྤྱི་ཁོག་ཁོར་ཡུག་དང་ཆ་རྐྱེན་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ན་མ་འོངས་པའི་ལོ་ལྔའི་ནང་གོམ་པ་གཉིས་བགོས་ཏེ།གོམ་པ་གཅིག་ནི། 2020ལོར་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ནས "སྔར་ལས་ལྷག་པར་བཞི"འཛུགས་སྐྲུན་བྱེད་པའི་ཐད་རྨང་གཞི་བརྟན་པོ་གདིང་དགོས། གོམ་པ་གཉིས་ནི། 2020ལོ་ནས2022ལོའི་བར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་ཐོག་ཏུ་མུ་མཐུད་དུ"སྔར་ལས་ལྷག་པར་བཞིའི"ནང་དོན་ཕུན་སུམ་ཚོགས་པ་བྱས་ནས་རྒྱུ་མང་དམངས་ཕྱུག་དང་སྒོ་འབྱེད་ཁོང་ཡངས། རང་ལ་ཡིད་ཆེས་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་དགོས།

མ་འོངས་པའི་ལོ་ལྔ་ནི་བྱ་སྤྱོད་ཆེན་པོ་ཡོད་པའི་ལོ་ལྔ་ཡིན། མཚོ་སྔོན་ལ་འཕེལ་རྒྱས་བཟང་བོའི་གོ་སྐབས་བསུ་ཡོང་བ་དེ་སྔར་བྱུང་མ་མྱོང་བ་རེད། མ་འོངས་པའི་ལོ་ལྔ་ནི་མི་དམངས་ཕྱུག་པོ་དང་ཞིང་ཆེན་སྟོབས་འབྱོར་ལྡན་པའི་ལོ་ལྔ་ཡིན། མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བའི་རེ་འདུན་དེ་འཕེལ་རྒྱས་བྱེད་པའི་ཁྲོད་རིམ་བཞིན་མངོན་དུ་གྱུར་དང་འགྱུར་ཡོད། མ་འོངས་པའི་ལོ་ལྔ་ནི་རྨང་གཞི་འདིང་བའི་ལོ་ལྔ་ཡིན། མཚོ་སྔོན་འཕེལ་རྒྱས་བྱེད་པའི་ཆ་རྐྱེན་སྔར་ལས་བཟང་བ་དང་རྗེས་ཤུགས་སྔར་ལས་ཆེ་རུ་འགྲོ་བ། མ་འོངས་པའི་ལོ་ལྔ་ནི་དཀའ་ངལ་ཁྱད་སེལ་བྱེད་པའི་ལོ་ལྔ་ཡིན་པས། ང་ཚོས་ངེས་པར་དུ་འབད་བརྩོན་ལྷོད་མེད་བྱེད་པ་དང་། བྱ་བ་རེ་རེ་སྒྲུབ་པ་དང་། ལོ་དང་ལོ་མཐུད་དེ་སྒྲུབ་པ།  ནུས་པ་ཡོད་ཚད་བཏོན་ནས་བརྗིད་ཉམས་ལྡན་པའི་དམིགས་འབེན་དེ་མཛེས་སྡུག་ལྡན་པའི་དངོས་ཡོད་དུ་བསྒྱུར་དགོས།

མཚོ་སྔོན་གྱི་མ་འོངས་པའི་ལོ་ལྔའི་ནང་གི་བྱ་བ་འཆར་འགོད་བྱེད་ན་ངེས་པར་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཡངས་ཤིང་ཆེ་བའི་མཐོང་རྒྱ་ཡོད་དགོས་པ་མ་ཟད། ཁུ་ནུ་རི་བོའི་ལྟ་བའི་བློ་རྒྱ་ཆེན་པོ་ཡོད་དགོས། མཚོ་སྔོན་གྱི་དོན་ཆེན་ཆུང་དུ་སྒྲུབ་མི་རུང་པ་དང་དོན་དངོས་སྟོང་དུ་འཇུག་མི་རུང་།  མཚོ་སྔོན་ལས་བུད་དེ་མཚོ་སྔོན་ལ་ལྟ་བ་དང་འཛུགས་སྐྲུན་བྱེད་དགོས།

མཚོ་སྔོན་གྱི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱིའི་འཆར་འགོད་ནི།"ཏན་ཏན་ཏིག་ཏིག་བཞི"དང"བསྒྱུར་བ་བཞི།" "ཅན་བཞི་མཉམ་བགྲོད་བཞི། " "སྔར་ལས་ལྷག་པ་བཞི། ""འཇོན་ནུས་བཞི"བཅས་གཙོ་བོ་ཡིན་པའི"བཞི་ཅན་ལྔའི"འཐབ་ཇུས་ལག་བསྟར་བྱ་རྒྱུ་ལ་འཆར་འགོད་བྱེད་དགོས།

"ཏན་ཏན་ཏིག་ཏིག་བཞི"ནི་མཚོ་སྔོན་གྱི་བྱ་བ་ལེགས་སྒྲུབ་བྱེད་པའི་རྩ་བའི་བརྩི་སྲུང་ཡིན་པ་དང་།"བསྒྱུར་བ་བཞི"ནི་"ཏན་ཏན་ཏིག་ཏིག་བཞིའི"བླང་བྱ་གལ་ཆེན་ལ་སྐུལ་འདེད་དང་དངོས་འབེབས་བྱེད་པའི་བྱེད་ཐབས་བཟང་བོ་ཡིན། "ཅན་བཞི་མཉམ་བགྲོད་བཞི"ནི"ཏན་ཏན་ཏིག་ཏིག་བཞི"དང"བསྒྱུར་བ་བཞི"མངོན་དུ་འགྱུར་བའི་རྒྱབ་རྟེན་ཡིན། "སྔར་ལས་ལྷག་པ་བཞི"ནི་སྟོབས་འབྱོར་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཡིན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་འབྱོར་འཛུགས་སྐྲུན་བྱེད་པ་མཚོ་སྔོན་དུ་དངོས་སུ་མཚོན་དགོས་པ་རེད།"འཇོན་ནུས་བཞི"ནི་དམིགས་འབེན་དང་དང་ལས་འགན་སྣ་ཚོགས་སྒྲུབ་པའི་རྩ་བའི་ཁག་ཐེག་ཡིན།

འཕེལ་རྒྱས་ཀྱི་ལམ་བུ་གསར་བར་བསྐྱོད་པ་དང་མི་དམངས་ཀྱི་རེ་འདུན་གསར་བར་ཁ་གཏད་བྱེད་དགོས། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་དགོས་པ་དང་། བློ་མཐུན་ཞི་ཅིན་ཕེད་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཐོག་མའི་ཆོད་སེམས་མི་བརྗིད་པ་དང་འགན་འཁྲི་ཡིད་དུ་དམ་པོར་འཛིན་པ། བློ་གཅིག་སེམས་གཅིག་དང་ཧུར་སྐྱེད་དངོས་སྒྲུབ་ཀྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་སྔར་ལས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཡིན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་དགོས།།

              གནམ་མཚོས་བསྒྱུར། )


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1