ཝང་ཅན་ཅུན་གྱིས་མགོ་འཛིན་མཛད་དེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-08


        ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ8པའི་ཚེས29ཉིན་ཚོགས་འདུ་བསྡུས་ཏེ། རྒྱལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གིས་ལག་ལེན་མཐར་ཕྱིན་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས།  གྲོས་ཚོགས་ཀྱི་སྐབས་སུ་ད་དུང་རང་ཞིང་གིས"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་ལ་སྐུལ་སྤེལ་དང་། ལན་ཀྲོའུ་དང་ཟི་ལིང་གཉིས་ཀྱི་གྲོང་ཁྱེར་ཚོགས་ཇུས་འགོད་བྱེད་པའི་མཚོ་སྔོན་གྱི་ལག་བསྟར་ཇུས་གཞི་དང་།  རྩིས་བཤེར་བཅས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

        གྲོས་ཚོགས་སྟེང་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་བ་དེས།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཏང་གི་དྲིལ་སྒྲོག་བསམ་བློ་བྱ་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་གཏིང་ཟབ་པའི་སྒོ་ནས་སྤྱི་སྡོམ་བྱས་ཤིང་།  གནས་བབ་གསར་བའི་འོག་ཏང་གི་དྲིལ་སྒྲོག་བསམ་བློ་བྱ་བའི་ལོ་རྒྱུས་ཀྱི་ཕྱོགས་གནས་དང་ལས་འགན་དང་འགན་འཁྲི་གཏིང་ཟབ་པའི་སྒོ་ནས་རྒྱས་བཤད་བྱས་ལ།  ཁ་ཕྱོགས་རང་བཞིན་དང་གཞི་རྩའི་རང་བཞིན།  ཁྱོན་ཡོངས་རང་བཞིན།  འཐབ་ཇུས་རང་བཞིན་གྱི་གནད་དོན་འགངས་ཆེན་རབ་དང་རིམ་པ་ཞིག་ལ་གཏིང་ཟབ་པའི་སྒོ་ནས་ལན་བསློགས་ཏེ།  གནས་བབ་གསར་བའི་འོག་ཏང་གི་དྲིལ་སྒྲོག་བསམ་བློའི་བྱ་བ་ལེགས་སྒྲུབ་བྱེད་པར་བཀོད་སྒྲིག་འགངས་ཆེན་བྱས། གསུང་བཤད་ཀྱིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱས་པ་དང་། མཐོང་རྒྱ་ཡངས་ལ་གོ་དོན་ཕུན་སུམ་ཚོགས་པ་དང་། དགོངས་པ་ཡངས་ལ་གཏིང་ཟབ་པ་སྟེ། གནས་བབ་གསར་བའི་འོག་ཏང་གི་དྲིལ་སྒྲོག་བསམ་བློའི་བྱ་བར་སློབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཡིན། ང་ཚོས་སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་བླངས་ཏེ། བསམ་བློ་དང་བྱ་སྤྱོད་དེ་གསུང་བཤད་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། "འདུ་ཤེས་བཞི"ཇེ་དྲག་དང"ཡིད་ཆེས་བཞི"ཇེ་བརྟན་དུ་གཏོང་དགོས་ལ། སྟོབས་ཤུགས་གང་ཡོད་ཀྱིས་ལས་འགན་སོ་སོ་དངོས་འབེབས་དམ་འཛིན་བྱ་དགོས།  རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་སེམས་ཁྲལ་གྱི་འདུ་ཤེས་བསྐྱེད་དེ། སྔར་ལས་ལྷག་པའི་སྒོ་ནས་མི་སེམས་གཅིག་བསྡུ་དང་སྟོབས་ཤུགས་གཅིག་བསྡུའི་བྱ་བ་ལེགས་སྒྲུབ་བྱ་དགོས།  དུས་རབས་གསར་བའི་ལོ་རྒྱུས་ཀྱི་ལས་འགན་འཁུར་པའི་འགན་འཁྲིའི་འདུ་ཤེས་བསྐྱེད་དེ། ཆབ་སྲིད་ཀྱི་དབུ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་རྩ་འཛུགས་བྱེད་པའི་ནུས་པ། སྤྱི་ཚོགས་འབོད་སྐུལ་གྱི་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས། བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་འདུན་མ་མཉམ་སྐྲུན་བྱེད་པའི་བརྗིད་རྔམ་སྟོབས་ཤུགས་གཅིག་བསྡུ་བྱ་དགོས། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་བྱེད་པ་ནི་རང་འགུལ་གྱི་སྤྱོད་ལམ་དུ་བསྒྱུར་ཏེ། འདུ་ཤེས་འཛིན་སྟངས་ཀྱི་བྱ་བར་སྣེ་ཁྲིད་པའི་དབང་ཆ་དང་རང་འགུལ་དབང་ཆ། གཏམ་བཤད་དབང་ཆ་བཅས་དམ་འཛིན་བྱ་དགོས། དབྱངས་རྟ་གཙོ་བོ་སྐད་གསང་མཐོན་པོས་སྒྲོག་པ་དང་། དྲང་གནས་དར་སྤེལ་བཏང་སྟེ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་བསམ་བློའི་འགན་ལེན་བརྟན་པོ་དང་བསམ་པའི་ནུས་ཤུགས་སྟོབས་ལྡན་འདོན་སྤྲོད་བྱ་དགོས།

        ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཚོགས་འདུའི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་ནི་ད་ལྟའི་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བཞག་སྟེ། གནད་འཕིགས་པ་ཡོང་བར་འབད་འབུངས་བྱ་དགོས། རང་འགུལ་གྱིས་ཁ་ཕྱོགས་གསལ་སྟོན་དང་དམངས་སེམས་གཅིག་སྡུད། ལས་མི་གསར་པ་གསོ་སྐྱོང་། རིག་གནས་དར་རྒྱས། སྣང་བརྙན་སྟོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ཁག་ཁུར་བྱས་ནས། ལས་འགན་སོ་སོའི་བླང་བྱ་དམ་འཛིན་རྣལ་འཛིན་བྱ་དགོས། མཐོང་རྒྱུའི་མི་དང་བསྟན་རྒྱུའི་དོན་ཡོད་པར་བྱས་ནས། མིའི་ལས་དོན་ལེགས་སྒྲུབ་བྱེད་པ་དང་། སློབ་གསོའི་ཁྲིད་སྟོན་དང་ལག་ལེན་གྱིས་སྐྱེད་པ། ལམ་ལུགས་ཀྱིས་འགན་སྲུང་བྱེད་པ་བཅས་ཤུགས་ཆེར་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོའི་ནང་འདྲེས་སུ་འཇུག་པ་དང་། དུས་རབས་ཀྱི་དར་སྲོལ་གསར་བ་དར་སྤེལ་གཏོང་བ། དུས་རབས་གསར་བའི་མི་གསོ་སྐྱོང་བཅས་བྱ་དགོས། བཅོས་བསྒྱུར་གསར་སྐྲུན་དང་དུས་བསྟུན་ལྷན་སྐྱོད། ཐབས་རྙིང་སྤྱོད་མཁས་པ། ཐབས་གསར་སྤྱོད་ཐུབ་པ། ཐབས་བཟང་སྤྱོད་ཤེས་པ། ཐབས་ནན་མོ་སྤྱོད་ཕོད་པ་བཅས་ཀྱིས། སྤུས་ཚད་མཐོ་བའི་རིག་གནས་མཁོ་སྤྲོད་ཀྱིས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཇེ་དྲག་ཏུ་གཏོང་དགོས། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་བསྣན་ཏེ། ཆབ་སྲིད་ཀྱི་འདུ་ཤེས་བརྟན་ལ་ནུས་པ་ཆེ་བ། རྣལ་བརྩོན་གསར་སྐྲུན་དང་གཡུལ་ལས་རྒྱལ་ཐུབ་པའི་དྲིལ་སྒྲོག་བསམ་བློ་བྱ་བའི་དཔུང་སྡེ་ཞིག་བསྐྲུན་དགོས།

        ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི"རྒྱུད་གཅིག་ལམ་གཅིག" འཛུགས་སྐྲུན་བྱ་བར་སྐུལ་སྤེལ་བྱེད་པའི་ལོ་འཁོར5ལོན་པའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས། གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་ནི་ཤུགས་དྲག་ཆེ་ལ་ཁྱོན་ཡོངས་གཅིག་འདོམས་དང་། བསམ་བློའི་གཏིང་ཟབ་ལ་གོ་དོན་ཕུན་སུམ་ཚོགས་པས། "རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པར་རྩ་བའི་སྲུང་བྱ་འདོན་སྤྲོད་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་མིག་དཔེར་འཛིན་པ་དང་། འཛམ་གླིང་གི་མིག་རྒྱ་སྤྱད་དེ་གནད་དོན་ལ་གདོང་གཏོད་པ་དང་། འཐབ་ཇུས་ཀྱི་བསམ་གཞིགས་ཀྱིས་འཕེལ་རྒྱས་བརྩོན་ལེན་བྱ་དགོས། ལོ5རིང་ཐོབ་པའི་ཉམས་མྱོང་དང་བྱེད་སྟངས་ལ་སློབ་སྦྱོང་དང་བེད་སྤྱད་དེ། དུས་རབས་འཕེལ་རྒྱས་ཀྱི་རྗེས་ཟིན་དགོས། རང་ཞིང་གི་ཐོན་ཁུངས་ཀྱི་ཁྱད་འཕགས་དགེ་མཚན་ལ་རྐང་བཙུགས་ཏེ། འཆར་འགོད་དང་ཇུས་འགོད་བཟང་པོ་བྱ་དགོས། གནད་འགག་ཐུག་ས་དམ་འཛིན་བྱས་ཏེ། འགག་གཏོར་བྱེད་ས་འཁྲུལ་མེད་འཚོལ་ཞིབ་བྱ་དགོས། ལས་དོན་སོ་སོ་ཏན་ཏན་ཏིག་ཏིག་གིས་སྤེལ་ཏེ། མཚོ་སྔོན་གྱི་བྱས་རྗེས་གསར་བ་གསལ་སྟོན་བྱ་དགོས། "རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་གྱི་གྲས་སུ་འདྲེས་སུ་འཇུག་པ་དང་ཕྱི་ཕྱོགས་སྒོ་འབྱེད་ལ་སྤྱིའི་བཀོད་འདོམས་བྱེད་པ་རྒྱུན་འཁྱོངས་བྱ་དགོས། "རྒྱུད་གཅིག་ལམ་གཅིག"དང་འབྲི་ཆུའི་དཔལ་འབྱོར་ས་རྒྱུད་འཕེལ་རྒྱས་སུ་གཏོང་བ་དང་། ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁྱེར་ཚོགས་འཕེལ་རྒྱས་སུ་གཏོང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་མཉམ་མཐུད་བྱེད་པར་ཤུགས་སྣོན་དང་མཉམ་སྐྲུན་བྱ་དགོས། རང་ནུས་བསྐྱེད་པར་འབད་འབུངས་བྱེད་པ། "ནང་དུ་འདྲེན་པ་དང་། ཕྱིར་འགྲོ་བའི"ཁྲོད་འཕེལ་རྒྱས་སུ་བརྩོན་ཏེ། མི་དང་ཚོང་། ཟོག ཆ་འཕྲིན། མ་དངུལ་བཅས་ཀྱི་འཁོར་རྒྱུག་གཅིག་སྡུད་བྱེད་པར་སྐུལ་སྤེལ་བྱས་ཏེ། འབད་པ་ཆེན་པོས་མཚོ་སྔོན་ནི"རྒྱུད་གཅིག་ལམ་གཅིག"གི་འཐབ་ཇུས་ཀྱི་ལམ་ཆེན་དང་། ཉོ་ཚོང་ཟོག་སྐྱེལ་གྱི་འགག་རྩ། ཐོན་ལས་གལ་ཆེན་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་པའི་རྟེན་གཞི་རུ་བསྐྲུན་པ་དང་། རང་ཞིང་གི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་བང་རིམ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས།

        གྲོས་ཚོགས་སྟེང《ལན་ཀྲོའུ་དང་ཟི་ལིང་གཉིས་ཀྱི་གྲོང་ཁྱེར་ཚོགས་འཕེལ་རྒྱས་སུ་གཏོང་བར་ཇུས་འགོད་བྱེད་པའི་མཚོ་སྔོན་གྱི་ལག་བསྟར་ཇུས་གཞི》ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་།

        གྲོས་ཚོགས་སྟེང《མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་རྩིས་བཤེར་བྱ་བར་ཤུགས་སྣོན་པའི་བསམ་འཆར(ཚོད་ལྟའི་ལག་ལེན)》ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1