ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། དར་ཆ་སྒྲེང་། དམངས་སེམས་སྡུད། མི་གསར་སྐྱོང་། རིག་གནས་སྤེལ། སྣང་བརྙན་སྟོན་པ་བཅས་ཀྱིས་སྔར་ལས་བཟང་པའི་སྒོ་ནས་གནས་བབ་གསར་པའི་འོག་དྲིལ་སྒྲོག་བསམ་བློ་བྱ་བའི་ལོ་རྒྱུས་ཀྱི་འགན་འཁྲིའི་ལས་འགན་འགྲུབ་པར་བྱེད་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-08


        རྒྱལ་ཡོངས་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་ཟླ8པའི་ཚེས21ཉིན་ནས་ཚེས22ཉིན་བར་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན།  གནས་བབ་གསར་བའི་འོག་དྲིལ་སྒྲོག་བསམ་བློ་བྱ་བའི་ལོ་རྒྱུས་ཀྱི་འགན་འཁྲིའི་ལས་འགན་འགྲུབ་པར་བྱེད་དགོས་ན། ངེས་པར་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཅིས་ཀྱང་མཛུབ་སྟོན་དུ་བཟུང་ནས། "འདུ་ཤེས་བཞི"ཤུགས་ཆེར་གཏོང་བ་དང"རང་རྟོན་བཞི"བརྟན་པོར་གཏོང་བ། རང་རྟོགས་ངང་དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྡུད། མི་སྣ་གསར་པ་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་མངོན་པར་སྟོན་པ་བཅས་ལོ་རྒྱུས་ཀྱི་འགན་འཁྲི་དང་ལས་འགན་འཁུར་བ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་བྱ་བ་ལ་ཧུར་བརྩོན་གྱིས་ཤུགས་སྣོན་པ། འགག་རྩ་དང་འགག་གནད་ལ་ཤུགས་སྣོན་པ། བྱ་བའི་སྤུས་ཀ་དང་ཆུ་ཚད་ལ་ཤུགས་སྣོན་པ། དྲིལ་སྒྲོག་བསམ་བློའི་བྱ་བ་རྒྱུན་ཆད་མེད་པར་ཤུགས་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བ།  མི་དམངས་ཡོངས་ནས་ཕུགས་བསམ་གྱི་འདུ་ཤེས་དང་། རིན་ཐང་གི་འདུ་ཤེས། ཀུན་སྤྱོད་ཀྱི་ལྟ་བ་བཅས་ཀྱི་ཐད་མཐུན་སྒྲིལ་ཡོང་བ་དང་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུར་སྐུལ་འདེད་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་གནས་བབ་ཧྲིལ་པོར་ཞབས་འདེགས་ཞུ་བའི་ཆེད་དུ་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

        ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་དུ།  ང་ཚོས་དྲིལ་སྒྲོག་དང་བསམ་བློའི་བྱ་བ་དེ་ལས་དོན་ཧྲིལ་པོའི་གོ་གནས་གལ་ཆེན་དུ་བཞག་སྟེ། ཇུས་ཆོད་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་ཡོད། ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱིས་ཧུར་ཐག་གིས་ནུས་པ་འདོན་པ་དང་། གསར་འབྱེད་ཡར་བརྩོན་བྱས་པ། ཏང་གི་རིགས་པའི་གཞུང་ལུགས་གསར་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་འདུན་མ་མི་སེམས་སུ་ཟབ་མོར་ཟུག་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱ་ཁྱབ་ཏུ་དར་སྤེལ་བཏང་བ། གཙོ་རྒྱུག་བསམ་བློའི་གླེང་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དང་སྟོབས་ཆེར་བཏང་བ། རིག་གནས་ཡིད་རྟོན་གང་ལེགས་མངོན་པ། རྒྱལ་ཁབ་ཀྱི་རིག་གནས་དངོས་ཤུགས་མཉེན་མོ་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཚད་ཆེས་ཆེར་མཐོ་རུ་བཏང་བ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་བསམ་བློའི་སྟེང་གི་མཐུན་སྒྲིལ་གཅིག་གྱུར་སྔར་བས་ཇེ་བརྟན་དུ་སོང་ཡོད། ལག་ལེན་ལས་ར་སྤྲོད་བྱུང་བ་ནི། ཏང་ཀྲུང་དབྱང་གི་དྲིལ་སྒྲོག་བསམ་བློ་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ནི་ཆ་ཐམས་ཅད་ནས་ཡང་དག་ཡིན་པ་དང་། དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་ནི་ཡོངས་སུ་བློས་འཁེལ་ཆོག་པ་ཞིག་ཡིན།

        ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ལག་ལེན་ཁྲོད། ང་ཚོས་རྒྱུན་ཆད་མེད་པར་དྲིལ་སྒྲོག་བསམ་བློ་བྱ་བའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཚད་གཏིང་ཟབ་ཏུ་གཏོང་བ་དང་། བསམ་བློ་གསར་བ་དང་ལྟ་ཚུལ་གསར་བ།  ཆོད་གཏམ་གསར་བ་བཅས་རབ་དང་རིམ་པ་ཞིག་བཏོན་ཡོད། དེ་དག་ནི། ཏང་གིས་འདུ་ཤེས་འཛིན་སྟངས་བྱ་བའི་མགོ་ཁྲིད་དབང་ཆ་རྒྱུན་འཁྱོངས་བྱེད་པ་དང་། བསམ་བློ་བྱ་བའི"སྲ་བརྟན་གཉིས"ཀྱི་རྩ་བའི་ལས་འགན་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲ་བ་དང་མི་དམངས་ལ་སློབ་གསོ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་རྒྱུན་འཁྱོངས་བྱེད་པ། རིག་གནས་རང་རྟོན་ནི་རྨང་གཞི་སྔར་ལས་ལྷག་པ་དང་། ཁྱབ་རྒྱ་སྔར་བས་ཆེ་བ། གཏིང་སྔར་བས་ཟབ་པ་བཅས་ཀྱི་རང་རྟོན་ཞིག་ཡིན་པ་དང་། ཆེས་གཞི་རྩ་དང་། སྔར་བས་གཏིང་ཟབ་པ། སྔར་བས་རྒྱུན་རིང་བ་བཅས་ཀྱི་སྟོབས་ཤུགས་ཡིན་པ་རྒྱུན་འཁྱོངས་བྱེད་པ། གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྒྲོག་ནུས་པ་དང་ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ནུས་པ། ཀུན་གྱི་ཡིད་རྟོན་ནུས་པ་བཅས་མཐོ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་དམངས་གཙོ་བོ་ཡིན་པའི་གསར་རྩོམ་འདྲེན་ཕྱོགས་རྒྱུན་འཁྱོངས་བྱེད་པ། སྤྱོད་བཟང་གཞུང་དྲང་གི་དྲ་བའི་བར་སྟོང་ཡངས་པོ་བཟོ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་གཏམ་རྒྱུད་ཡག་པོ་གླེང་བ་དང་། ཀྲུང་གོའི་གཏམ་རྒྱུད་དང་སྐད་སྒྲ་བརྒྱུད་སྒྲོག་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་ཡིན། བསམ་བློ་གལ་ཆེན་འདི་དག་ནི་དྲིལ་སྒྲོག་བསམ་བློའི་བྱ་བ་ལེགས་སྒྲུབ་བྱེད་པའི་རྩ་བའི་བསྲུང་བྱ་ཡིན་པས། ངེས་པར་ཡུན་རིང་ལ་རྒྱུན་འཁྱོངས་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་དགོས་པ་རེད།

        ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་བར་བསླེབ་པར་བྱེད་ན། ངེས་པར་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྡུད་བྱ་རྒྱུ་དེ་དྲིལ་སྒྲོག་བསམ་བློ་བྱ་བའི་ལྟེ་བའི་ལྷུ་ཚིགས་ལ་བརྩི་དགོས།

        མིག་སྔར། རང་རྒྱལ་གྱི་འཕེལ་རྒྱས་གནས་བབ་ཀྱི་སྤྱིའི་འཕེལ་ཕྱོགས་ཧ་ཅང་ཡག་པོ་ཡོད་པ་དང་། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་འཐབ་ཇུས་དམིགས་འབེན་མངོན་འགྱུར་ཡོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་བ་ལེན་པར་སྔར་ལས་ཀྱང་ཡིད་ཆེས་བརྟན་པོ་དགོས་པ་དང་དཔའ་ངར་ཆེར་བསྐྱེད་ཡོང་བར་སྐུལ་ལྕག་གཏོང་བ། ཀུན་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པ་ཡིན། ང་ཚོས་ངེས་པར་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བློ་ཁ་ཕྱོགས་པ་དེ་ང་ཚོའི་འབད་འཐབ་དམིགས་འབེན་ཞིག་ལ་བརྩི་དགོས་པ་དང་། དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པར་མ་ཟད་བསམ་བློའི་གནད་དོན་ཡང་ཐག་གཅོད་བྱེད་དགོས། ད་དུང་སྔར་ལས་བཟང་བའི་ངང་ཡིད་ཆེས་དྲག་པོ་དང་། དམངས་སེམས་གཅིག་སྡུད། མི་སེམས་དྲོ་བ། བསམ་པ་གཅིག་མཐུན་ཡོང་བ་བཅས་བྱེད་དགོས། ང་ཚོས་ངེས་པར་ཧུར་ཐག་རང་འགུལ་གྱིས་ཀྲུང་གོའི་འགྲོ་ལམ་དང་ཀྲུང་གོའི་ཁྱད་ཆོས་ལ་འགྲེལ་བཤད་ཡག་པོ་རྒྱག་དགོས་པར་མ་ཟད། ཕན་ནུས་དང་ལྡན་པར་རང་རྒྱལ་གྱི་ཆབ་སྲིད་བདེ་འཇགས་དང་རིག་གནས་བདེ་འཇགས་ལ་ཡང་སྲུང་སྐྱོང་ཡག་པོ་བྱེད་དགོས། ང་ཚོས་ངེས་པར་གསར་འཛུགས་བྱ་རྒྱུ་གཞི་རྩ་དང་རྙིང་དོར་གསར་འཛུགས་བྱ་ཐབས་མཉམ་དུ་འཛིན་དགོས་ལ། སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་གོང་བུར་འགྲིལ་ཤུགས་དང་སྣེ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་ཤུགས་ཇེ་དྲག་ཏུ་གཏོང་དགོས། ང་ཚོས་ངེས་པར་ཚན་རིག་དང་མཐུན་པའི་སྒོ་ནས་དྲ་རྒྱའི་བརྒྱུད་སྒྲོག་ཆོས་ཉིད་ལ་ངོས་འཛིན་ནན་མོ་བྱེད་དགོས་པ་དང་། དྲ་བ་བེད་སྤྱོད་དང་དྲ་བ་བཅོས་སྐྱོང་གི་ཆུ་ཚད་མཐོར་འདེགས་བཏང་སྟེ། སྦྲེལ་དྲ་འདི་ཉིད་ཀྱི་འགྱུར་བ་འགྲོ་ཆེ་བའི་རྣམ་པ་དེ་བྱ་གཞག་གོང་འཕེལ་གྱི་འཕར་ཚད་ཆེ་ཤོས་ལ་འགྱུར་བར་བྱེད་དགོས།

        ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། གནས་བབ་གསར་བའི་འོག་དྲིལ་སྒྲོག་བསམ་བློའི་བྱ་བ་ཡག་པོ་སྒྲུབ་པ་ལ། ངེས་པར་དུ་རང་རྟོགས་ཀྱི་སྒོ་ནས་དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྡུད། མི་སྣ་གསར་པ་གསོ་སྐྱོང་།  རིག་གནས་དར་སྤེལ། སྣང་བརྙན་མངོན་པར་སྟོན་པ་བཅས་ལོ་རྒྱུས་ཀྱི་འགན་འཁྲིའི་ལས་འགན་འཁུར་དུ་ལེན་དགོས།  དར་ཆ་སྒྲེང་ཟེར་བ་ནི་མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་བསྒྲེང་དགོས་པ་དང་། རྒྱུན་འཁྱོངས་ལྷོད་མེད་ངང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲ་བ་དང་། མི་དམངས་ལ་སློབ་གསོ་གཏོང་བ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཤིང་། གསལ་པོར་ཤེས་པ་དང་ཁོང་དུ་ཡག་པོ་ཆུད་པ། བྱ་བ་རྣལ་མོས་སྒྲུབ་པ་བཅས་ཀྱི་ཐད་འབད་བརྩོན་གྱིས་ཤུགས་སྣོན་དགོས་པ་དང་། དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་མི་སེམས་སུ་ཟབ་མོར་ཟུག་པ་དང་། རྩ་བ་ཚུགས་ནས་ལོ་འདབ་རྒྱས་པར་སྐུལ་འདེད་གཏོང་དགོས། དམངས་སེམས་གཅིག་སྡུད་ཟེར་བ་ནི། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་དམ་པོར་ཁོང་དུ་ཆུད་པ་དང་། དུས་རབས་ཀྱི་དབྱངས་རྟ་གཙོ་བོ་ལེན་པ། དྲང་ནུས་འཕེལ་ཞིང་དར་བར་བྱེད་པ། བསམ་བློའི་གླེང་ཕྱོགས་གཙོ་བོ་ཇེ་ཆེར་དང་ཇེ་དྲག་ཏུ་གཏོང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་སེམས་ཤུགས་སྤོབས་པ་དང་སྙིང་སྟོབས་འཕེལ་བར་སྐུལ་མ་གཏོང་བ་བཅས་ཀྱི་ཐོག་ནས། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་རླབས་ཆེན་གྱི་དམིགས་འབེན་ལ་ཀུན་ནས་ཕྱོགས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མདུན་ཕྱོགས་ལ་བསྐྱོད་དགོས་པ་དེ་ཡིན། མི་སྣ་གསར་པ་གསོ་སྐྱོང་བྱེད་པ་ཟེར་བ་ནི། ཀུན་སྤྱོད་ཐོག་ནས་མི་གསར་བ་གསོ་སྐྱོང་བྱེད་དགོས་པ་དང་། རིག་གནས་ལྡན་པའི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་དུ་བསྟར་བ། མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་། ཀུན་སྤྱོད་ཀྱི་ཚད་གཞི།  དཔལ་ཡོན་གྱི་བྱང་ཚད་བཅས་མཐོར་འདེགས་གཏོང་བ། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་ཕྲག་ཏུ་འཁུར་ཕོད་པའི་དུས་རབས་ཀྱི་མི་སྣ་གསར་པ་སྐྱེད་སྲིང་གསོ་སྐྱོང་བྱེད་པ་ཞིག་ཡིན། རིག་གནས་དར་སྤེལ་ཟེར་བ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཀྲུང་ཧྭའི་འཛིན་མའི་སྐྱེ་འགྲོ་ཀུན་གྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་དུ་བསྒྱུར་བ་དང་། གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གསར་བརྗེའི་རིག་གནས་རྒྱུན་འཛིན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དེ་ཡིན། སྣང་བརྙན་མངོན་པར་སྟོན་པ་ཟེར་བ་ནི། རྒྱལ་སྤྱིའི་བརྒྱུད་སྒྲོག་ནུས་པ་འཛུགས་སྐྲུན་བགྱིད་པར་སྐུལ་འདེད་བྱེད་དགོས་པ་དང་། ཀྲུང་གོའི་གཏམ་རྒྱུད་ཡག་པོ་གླེང་ཞིང་། ཀྲུང་གོའི་བསམ་ཚུལ་སྤེལ་སྒྲོག་ཡག་པོ་བྱེད་པ། འཛམ་གླིང་ཡོངས་ལ་དེ་བས་དངོས་བདེན་དང་ཆ་ཚང་བའི་ཀྲུང་གོ་ཞིག་མངོན་པར་སྟོན་པ་བཅས་ཀྱི་ཐོག་ནས། རྒྱལ་ཁབ་ཀྱི་རིག་གནས་དངོས་ཤུགས་མཉེན་མོ་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཚད་ཇེ་མཐོར་གཏོང་བ་ཞིག་ཡིན།

        ཞི་ཅིན་ཕེན་གྱིས་བསྟན་དོན། གོང་བུར་འགྲིལ་ཤུགས་དང་སྣེ་ཁྲིད་ནུས་པ་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྲུན་བྱེད་རྒྱུ་ནི། ཏང་ཡོངས་དང་ཁྱད་པར་དུ་དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱིས་ངེས་པར་འགན་འཁུར་དགོས་པའི་འཐབ་ཇུས་ལས་འགན་ཞིག་ཡིན། མར་ཁེ་སི་རིང་ལུགས་ཀྱི་དྲིལ་སྒྲོག་སློབ་གསོའི་བྱ་བ་ཡག་པོ་སྒྲུབ་པ་དང་། ཁྱད་པར་དུ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བསླབས་ནས་རྟོགས་པ་དང་ཁོང་དུ་ཆུད་པའི་ཐད་དངོས་གནས་འབད་བརྩོན་བྱེད་དགོས་ཤིང་། "རང་རྟོན་བཞི"བརྟན་པོ་འཛུགས་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྲུན་བྱེད་པའི་འགག་གནད་དུ་བརྩིས་ནས། རང་རྒྱལ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ནང་གི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་བྱེད་དགོས་པ་དང་།   ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་། ཀྲུང་གོའི་ཉམས་སྣང་དོད་པ། ཀྲུང་གོའི་བརྗིད་ཉམས་ལྡན་པ་བཅས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཛུགས་སྐྲུན་བྱེད་དགོས། ཡང་དག་པའི་གླེང་ཕྱོགས་ཀྱི་འདྲེན་ཕྱོགས་ཁོང་དུ་ཆུད་པར་བྱེད་དགོས་པ་དང་།  གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྤེལ་ནུས་པ་དང་སྣེ་ཁྲིད་ནུས་པ།   ཤུགས་རྐྱེན་ནུས་པ།  སྤྱི་ཚོགས་ཀྱི་ཡིད་རྟོན་བྱ་ཚད་བཅས་མཐོར་འདེགས་གཏོང་དགོས་ལ། བསམ་བློའི་གླེང་ཕྱོགས་གཙོ་བོ་སྔར་བས་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས་ཤིང་།  བརྒྱུད་སྤེལ་བྱ་ཐབས་དང་སྐད་ཆའི་བརྗོད་སྟངས་གསར་སྐྲུན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། ཏང་གི་རིགས་པའི་གཞུང་ལུགས་གསར་སྐྲུན་དེ་མདའ་འཕངས་པ་བཞིན་མང་ཚོགས་ཀྱི་ཁྱིམ་དུ་བསླེབ་ཏུ་འཇུག་དགོས། རྫོང་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ་ཏན་ཏིག་གིས་ལེགས་འཛིན་བྱེད་དགོས་ལ། སྔར་ལས་བཟང་བའི་སྒོ་ནས་མང་ཚོགས་ལ་སྣེ་ཁྲིད་དང་། མང་ཚོགས་ལ་ཞབས་ཞུ་ལེགས་པོ་བསྒྲུབ་དགོས། དར་ཆ་གསལ་སྒྲེང་གི་ཐོག་ནས་བདེན་དོན་རྒྱུན་འཁྱོངས་བྱེད་དགོས་པ་དང་། ལངས་ཕྱོགས་བརྟན་པོའི་ཐོག་ནས་ནོར་འཁྲུལ་ལ་དགག་པ་རྒྱག་དགོས། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡི་འགན་འཁྲི་དངོས་སུ་ལེགས་པར་སྒྲུབ་པ་ལ་སྐུལ་འདེད་གཏོང་བའི་ཐོག་ནས། ལས་འགན་དངོས་འབེབས་དོན་འཁྱོལ་བྱེད་དུས་ལྷོད་གཡེང་མི་བྱེད་པ་དང་། འཐབ་ས་དོ་དམ་ལ་སྒྱིད་ལུག་ཉབ་ཉོབ་མི་བྱེད་པ། འགན་འཁྲི་རྩད་གཅོད་ལ་ཁྲལ་སེལ་སླ་བཅོས་མི་བྱེད་པར་ནན་ཏན་གསལ་པོ་ཞིག་བྱེད་དགོས།

        ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། དྲིལ་སྒྲོག་བསམ་བློ་བྱ་བ་ནི་མིའི་བྱ་བ་སྒྲུབ་པ་ཡིན་པས།  མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་ཕྲག་ཏུ་འཁུར་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱེད་པ་དེ་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩི་དགོས། གལ་ཆེན་ནང་གི་འགངས་ཆེན་ནི་བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དང་འདུ་ཤེས་ཀྱིས་བསམ་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་མར་ཁེ་སི་རིང་ལུགས་ཀྱི་དད་མོས་དང་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དད་མོས་བཅས་སྲ་བརྟན་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ལ་ཡིད་ཆེས་སྲ་བརྟན་དུ་གཏོང་དགོས། སློབ་གསོའི་སྣེ་ཁྲིད་དང་ལག་ལེན་དུ་བསྟར་བ། ལམ་ལུགས་ཀྱིས་འགན་སྲུང་བྱེད་པ་བཅས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བའི་རིན་ཐང་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་འདྲེས་འགྱུར་བྱེད་དུ་འཇུག་དགོས་པར་མ་ཟད། མི་དམངས་ཡོངས་རྫོགས་ཀྱི་སྣེ་ཁྲིད་དེ་རང་རྟོགས་སྒོས་ལག་བསྟར་བྱེད་དགོས། ན་གཞོན་ལོ་ཆུང་གི་རིན་ཐང་ལྟ་བ་ཆགས་པ་དང་གཏན་ལ་ཕབ་པའི་གནད་འགག་གི་དུས་སྐབས་དམ་འཛིན་བྱས་ཏེ། ན་གཞོན་ལོ་ཆུང་གིས་མི་ཚེའི་གོམ་པ་དང་པོ་སྤོ་བར་སྣེ་ཁྲིད་དགོས། སྔོན་ཐོན་མིག་དཔེ་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་བྱ་འགུལ་རྒྱ་ཁྱབ་ཏུ་སྤེལ་དགོས། དཔའ་བོ་ལ་བརྩི་མཐོང་དར་སྤེལ་དང་སློབ་སྦྱོང་། སྲུང་སྐྱོབ། གཅེས་སྐྱོང་བཅས་བྱེད་པའི་སྣང་ཚུལ་ཟབ་མོར་བསྐྲུན་དགོས།  དུས་རབས་ཀྱི་གོམས་སྲོལ་གསར་པ་ཤུགས་ཆེན་པོས་དར་སྤེལ་དང་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་གཏིང་ཟབ་ཏུ་ལག་ཏུ་བསྟར་བ། བསམ་བློའི་ཆབ་སྲིད་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། མུ་མཐུད་དུ་མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་ཀུན་སྤྱོད་ཆུ་ཚད། དཔལ་ཡོན་བྱང་ཚད། སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་ཆུ་ཚད་བཅས་ཇེ་མཐོར་གཏོང་དགོས། དཔེ་ཡག་སྲོལ་བཟང་དར་སྤེལ་བཏང་ནས། གོམས་སྲོལ་བསྒྱུར་བར་སྐུལ་འདེད་དང་དཔལ་ཡོན་ཡུལ་སྲོལ་དང་ཁྱིམ་སྲོལ་ཡག་པོ། གཞུང་དྲང་བབ་ཆགས་ཀྱི་དམངས་སྲོལ་དར་སྤེལ་གཏོང་དགོས་ལ། ཞང་སྡེའི་དཔལ་ཡོན་གོམས་སྲོལ་གསར་བ་བསྐྱེད་དུ་འཇུག་དགོས།

        ཞི་ཅིན་ཕེན་གྱིས་བསྟན་དོན། རྒྱ་ཆེའི་རིག་གནས་རིག་རྩལ་ལས་བྱེད་མཁན་འཚོ་བར་ཟབ་ཞུགས་དང་མི་དམངས་ཀྱི་ནང་དུ་རྩ་བ་རྒྱས་པར་སྣེ་ཁྲིད་དེ། སྤུས་ཀ་ཇེ་མཐོར་གཏོང་བ་དེ་རིག་རྩལ་རྩོམ་རིག་གི་སྲོག་རྩ་རུ་བརྩིས་ནས་སེམས་པ་དང་བརྩེ་དུང་། འབད་བརྩོན་བཅས་ཀྱིས་རླབས་ཆེན་གྱི་དུས་རབས་འབྲི་བ་དང་། མུ་མཐུད་དུ་ཏང་ལ་བསྟོད་གླུ་ལེན་པ་དང་མེས་རྒྱལ་ལ་བསྟོད་གླུ་ལེན་པ། མི་དམངས་ལ་བསྟོད་གླུ་ལེན་པ། དཔའ་བོ་ལ་བསྟོད་གླུ་ལེན་པའི་རྩོམ་རིག་རྩེ་གྲས་བསྐྲུན་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་མཚོན་པའི་སྙན་ངག་གསར་བ་འབྲི་དགོས། སྤྱི་ཚོགས་ཀྱི་ཁེ་ཕན་དེ་གོ་གནས་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། རིག་རྩལ་ལས་བྱེད་མཁན་གྱིས་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་ཚུལ་དང་མི་རིགས་ཀྱི་ལྟ་ཚུལ། རྒྱལ་ཁབ་ཀྱི་ལྟ་ཚུལ། རིག་གནས་ཀྱི་ལྟ་ཚུལ་བཅས་བཙུགས་ནས། སྤུས་ཀ་དག་ཚད་ཇེ་མཐོར་དང་གཤིས་རྒྱུད་ལ་དོ་སྣང་། འགན་འཁྲི་ཁག་ཁུར་བྱེད་པ་བཅས་ཀྱིས་རང་རྟོགས་སྒོས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱེད་པ་དང་། ཀུན་སྤྱོད་གཤིས་རྒྱུད་ཀྱི་བློ་སྦྱོང་གསོ་སྦྱོང་བྱེད་པར་ཤུགས་སྣོན་པ། བློ་ཐག་རྦད་ཆོད་ཀྱིས་མ་རབས་ཐ་ཤལ་ལ་བཀག་འགོག་བྱེད་ཅིང་བདེ་ཐང་ཡར་ཐོན་གྱི་རིག་རྩལ་རྩོམ་རིག་དང་མི་ཚུལ་ལྡན་ཞིང་དོན་དག་ཐག་གཅོད་པར་བརྟེན་ནས་བསམ་ཚུལ་གསོ་སྐྱོང་དང་བློ་རིག་འབྱེད་པ། གོམས་སྲོལ་འཁྲིད་པ་བཅས་བྱེད་དགོས། བདེ་ཐང་དང་སྤུས་ལེགས་ཀྱི་དྲ་རྒྱའི་རིག་རྩལ་རྩོམ་རིག་སྔར་ལས་མང་པོ་ཁྱབ་གདལ་དུ་གཏོང་དགོས།  སྤྱི་སྤྱོད་རིག་གནས་ཞབས་ཞུ་ཚད་ལྡན་ཅན་དང་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། སྲིད་གཞུང་གིས་སྣེ་ཁྲིད་དང་སྤྱི་ཚོགས་ཞུགས་པ། གནད་ཆེ་ས་གཞི་རིམ་དུ་སྐྱེལ་བ། མཉམ་འཛུགས་མཉམ་སྤྱོད་བཅས་བྱས་ཏེ། སྤྱི་སྤྱོད་རིག་གནས་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཞི་རྩའི་སྤྱི་སྤྱོད་རིག་གནས་ཞབས་ཞུའི་ཁེབས་ཚད་དང་སྤྱོད་གོ་ཆོད་པའི་རང་བཞིན་ཇེ་མཐོར་གཏོང་དགོས།  རིག་གནས་ཐོན་ལས་སྤུས་ཀ་མཐོ་བའི་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་དེང་རབས་རིག་གནས་ཐོན་ལས་མ་ལག་དང་ཁྲོམ་རའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། རིག་གནས་ཁྲོམ་རའི་གཙོ་གཞི་སྣ་ཚོགས་གོང་འཕེལ་སྟོབས་ལྡན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་།  རིག་གནས་ལས་རྣམ་གསར་བ་དང་རིག་གནས་འཛད་སྤྱོད་དཔེ་དབྱིབས་གསོ་སྦྱོང་བྱེད་དགོས་ཤིང་། སྤུས་ཀ་མཐོ་བའི་རིག་གནས་མཁོ་སྤྲོད་ཀྱིས་མི་རྣམས་ཀྱི་རིག་གནས་ཐོབ་སྣང་དང་སྐྱིད་སྣང་ཇེ་མཐོར་གཏོང་དགོས། བློ་བརྟན་འགྱུར་མེད་སྒོས་རིག་གནས་སྒྲིག་སྲོལ་བཅོས་བསྒྱུར་དེ་གཏིང་ཟབ་ཏུ་བཏང་ནས། མུ་མཐུད་དུ་རིག་གནས་གསར་སྐྲུན་དང་གསར་གཏོད་ཀྱི་གསོན་ཤུགས་ལ་སྐུལ་མ་གཏོང་དགོས།

        ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། མུ་མཐུད་དུ་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཚད་ཇེ་དྲག་ཏུ་བཏང་ནས། གནས་བབ་ཆེན་པོ་དམ་འཛིན་དང་བྱ་ཡུལ་དབྱེ་འབྱེད།  གནད་ཁེལ་ཇུས་ཆོད་འགོད་པ་བཅས་ཀྱིས་རང་འགུལ་སྒོས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་སྒྲོག་བྱེད་པ་དང་རང་འགུལ་སྒོས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་གཏམ་རྒྱུད་དང་ཀྲུང་གོའི་མི་དམངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པའི་འདུན་མའི་གཏམ་རྒྱུད།  ཀྲུང་གོས་ཞི་བདེ་འཕེལ་རྒྱས་དང་མཉམ་ལས་ཟུང་ཁེ་ཡོང་བ་རྒྱུན་འཁྱོངས་བྱས་པའི་གཏམ་རྒྱུད་བཅས་བཟང་པོར་གླེང་ནས། འཛམ་གླིང་གིས་སྔར་ལས་བཟང་པོའི་སྒོ་ནས་ཀྲུང་གོར་རྒྱུས་ལོན་བྱེད་དུ་འཇུག་དགོས། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་རྩ་བ་ཡིན་པས། དེར་འདུས་པའི་བསམ་བློའི་འདུ་ཤེས་དང་མི་ཆོས་བསམ་པ། ཀུན་སྤྱོད་ཚད་ལྡན་བཅས་ནི་ང་ཚོ་ཀྲུང་གོ་པའི་བསམ་བློ་དང་བསམ་པའི་ནང་དོན་ཁོ་ན་ཡིན་ལ། མིའི་རིགས་ཀྱི་གནད་དོན་ཐག་གཅོད་པ་ལའང་རིན་ཐང་གལ་ཆེན་ལྡན། ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་བསམ་པའི་མཚོན་རྟགས་བཅུད་ལེན་དང་མཚོན་གང་ཐུབ་བྱེད་དགོས་པ་དང་། ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་དེང་རབས་ཀྱི་རིན་ཐང་དང་འཛམ་གླིང་གི་དོན་སྙིང་ལྡན་པའི་རིག་གནས་ཀྱི་སྙིང་བཅུད་ལེན་པ་དང་མཚོན་གང་ཐུབ་བྱས་ནས།  རྒྱལ་སྤྱིའི་ཁྱབ་སྒྲོག་བྱ་བའི་བཀོད་སྟངས་འཐུས་ཚང་དུ་གཏོང་བ་དང་དྲིལ་སྒྲོག་འདུ་ཤེས་དང་འཁོར་སྐྱོད་ནང་རྐྱེན་གསར་སྐྲུན་བྱེད་ཅིང་།  སྔར་ལས་མང་བའི་ཐོན་ཁུངས་ཀྱི་སྟོབས་ཤུགས་འཛོམ་དགོས།

        ཞི་ཅིན་ཕེན་གྱིས་བསྟན་དོན། ཏང་གིས་དྲིལ་སྒྲོག་བསམ་བློའི་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པར་ཤུགས་སྣོན་དགོས་པ་དང་དར་ཆ་གསལ་སྒྲེང་གིས་ཏང་གིས་དྲིལ་སྒྲོག་ལ་དོ་དམ་དང་ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།  ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་གཅིག་འདོམས་བྱས་ཏེ།"འདུ་ཤེས་བཞི"དམ་པོར་འཛུགས་དགོས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོང་བྱས་ཏེ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡིད་ལ་དམ་པོར་འཛིན་དགོས། སྤྱོད་ཚུལ་གྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས།  བློ་བརྟན་འགྱུར་མེད་སྒོས"སྤྱོད་ཚུལ་བཞི"དང་ལྷག་པར་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱེད་དགོས། དྲིལ་སྒྲོག་བསམ་བློའི་ལས་བྱེད་པས་མུ་མཐུད་དུ་ཤེས་བྱ་གསར་བ་ཁོང་དུ་ཆད་པ་དང་ཁྱབ་ཁོངས་གསར་བ་གསལ་ཤེས་བྱེད་པ། མཐོང་རྒྱ་གསར་བ་རྒྱ་བསྐྱེད་པ། ཡོན་ཏན་དང་ནུས་པ་ཇེ་དྲག་ཏུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་བྱེད་པར་ཤུགས་སྣོན་པ་བཅས་བྱས་ཏེ། མུ་མཐུད་དུ་རྐང་ཤུགས་དང་མིག་ཤུགས། ཀླད་པའི་ནུས་པ། རྩོམ་འབྲིའི་ནུས་པ་བཅས་ཇེ་དྲག་ཏུ་གཏོང་དགོས་པར་མ་ཟད།  ཆབ་སྲིད་ཀྱི་ཆུ་ཚད་མཐོ་ལ་ལས་སྒོའི་ནུས་པ་ལྡན་ཞིང་བདེན་འཚོལ་གསར་སྐྲུན་དང་གཡུལ་ལས་རྒྱལ་ཐུབ་པའི་དྲིལ་སྒྲོག་བསམ་བློའི་བྱ་བའི་དཔུང་སྡེ་ཞིག་བསྐྲུན་ཅི་ཐུབ་བྱེད་དགོས།

        ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་མགོ་འཛིན་གནང་སྐབས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་ནི་དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་འཕེལ་བའི་ཁྱོན་ཆེན་གྱི་ཚད་མཐོན་པོར་ལངས་ནས།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཏང་གི་དྲིལ་སྒྲོག་བསམ་བློའི་བྱ་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཕྱོགས་སྡོམ་ཟབ་མོར་བྱས་པ་དང་། གནས་བབ་གསར་བའི་འོག་གི་ཏང་གི་དྲིལ་སྒྲོག་བསམ་བློའི་བྱ་བའི་ལོ་རྒྱུས་ཁ་ཕྱོགས་དང་ལོ་རྒྱུས་ཀྱི་འགན་འཁྲི་རྣམ་བཤད་ཟབ་མོར་བྱས་ལ། ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན། ཁྱོན་ཆེན་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་ཆེན་པོ་རབ་དང་རིམ་པར་ལན་བཏབ་སྟེ། གནས་བབ་གསར་པའི་འོག་ཏུ་ཏང་གི་དྲིལ་སྒྲོག་བསམ་བློའི་བྱ་བ་ལེགས་པོར་བསྒྲུབ་པར་བཀོད་སྒྲིག་གལ་ཆེན་གནང་། གསུང་བཤད་ནི་ཁྱོན་ཆེན་ལ་གཅིག་འདོམས་བྱེད་པ་དང་མཐོང་རྒྱ་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པ། བསམ་པ་ཟབ་ཅིང་ཡངས་པ་བཅས་ཡིན་པས། གནས་བབ་གསར་བའི་འོག་ཏུ་ཏང་གི་དྲིལ་སྒྲོག་བསམ་བློའི་བྱ་བར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་ལ།  ང་ཚོས་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ལེན་པ་དང་བསམ་བློ་དང་བྱ་འགུལ་དེ་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། སྟོབས་ཤུགས་ཡོད་ཚད་ཀྱིས་ལས་འགན་སྣ་ཚོགས་དངོས་འབེབས་བྱེད་པ་ནན་འཛིན་བྱེད་དགོས།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མིང་གིས་གསུང་བཤད་ལ་ཕྱོགས་སྡོམ་བྱེད་པའི་ཁྲོད་བསྟན་དོན། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་དྲིལ་སྒྲོག་བསམ་བློའི་བྱ་བའི་སྐོར་གྱི་དགོངས་པ་གལ་ཆེན་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བྱེད་པ།  "འདུ་ཤེས་བཞི"ཇེ་དྲག་ཏུ་གཏོང་བ་དང"རང་རྟོན་བཞི"སྲ་བརྟན་དུ་གཏོང་དགོས།  གནས་བབ་གསར་བའི་འོག་གི་དྲིལ་སྒྲོག་བསམ་བློའི་བྱ་བའི་ལོ་རྒྱུས་ཀྱི་འགན་འཁྲིའི་ལས་འགན་རང་རྟོགས་སྒོས་ཕྲག་ཏུ་ཁུར་ནས།  བློ་བརྟན་འགྱུར་མེད་སྒོས་བཅོས་བསྒྱུར་གསར་སྐྲུན་བྱེད་པ་དང་ཁག་ཁུར་བྱེད་ཕོད་ཅིང་དྲིལ་སྒྲོག་བསམ་བློའི་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་འབད་འཐབ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཡོང་བར་འགྱུར་བ་མེད་པའི་བསམ་བློའི་ཁག་ཐེག་དང་སྟོབས་དང་ལྡན་པའི་བསམ་པའི་སྟོབས་ཤུགས་འདོན་སྤྲོད་བྱེད་དགོས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1