"གསར་གཉིས"ཁྱབ་ཁོངས་ཀྱི་ཏང་འཛུགས་བྱ་བའི་ལག་ལེན་དཔྱད་ཞིབ་ཇེ་དྲག་ཏུ་གཏོང་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-08


        གནོད་ཤུལ་བསྐྱར་སྐྲུན་བྱས་པའི་ཚུན་དུ། མཁར་གྲོང་གི་གཞི་རྐང་བྱེད་ནུས་ཉིན་བཞིན་འཐུས་ཚང་དང་དཔལ་འབྱོར་སྤྱི་ཚོགས་མུ་མཐུད་དུ་འཕེལ་རྒྱས་བྱུང་བ་ལ་བསྟུན། ཡུལ་ཤུལ་གྲོང་ཁྱེར་གྱི"མཁར་གྲོང་ཆུང་བ"ནས"མཁར་གྲོང་ཆེ་བའི"རྣམ་པར་བརྗེ་བསྒྱུར་བྱེད་པའི་གོམ་སྟབས་ཇེ་མགྱོགས་ནས་ཇེ་མགྱོགས་སུ་ཕྱིན་ཅིང་། ཁྱད་པར་དུ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་སྐུལ་འདེད་གཏིང་ཟབ་ཏུ་སྤེལ་རྗེས། ཡུལ་ཤུལ་གྲོང་ཁྱེར་གྱི་སྤྱི་ཚོགས་ཐོན་སྐྱེད་གཞུང་གཉེར་བྱེད་སྟངས་ཀྱང་འདས་པའི་དུས་ཀྱི"སྣ་གཅིག"ནས་རིམ་བཞིན་དུ"སྣ་མང་ཅན"གྱི་གཉེར་སྐྱོང་ལམ་དུ་རྣམ་པ་བརྗེ་བསྒྱུར་བྱས་ལ། སྲིད་ཇུས་ཀྱི་སྣེ་ཁྲིད་འོག་སྤྲོད་མཁོ་སྒྱུར་བཅོས་རྣམ་པ་ལེགས་ཤོས་སུ་སོན་པ་དང་། "གསར་གཉིས"རྩ་འཛུགས་རིམ་གྱིས་ཡུལ་ཤུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྐུལ་འདེད་ཀྱི་སྒུལ་ཤུགས་གཙོ་བོ་དང་ས་གནས་ནོར་སྲིད་ཡོང་སྒོ་འཕར་སྣོན་གྱི་ཡོང་ཁུངས་གཙོ་བོ། སྤྱི་ཚོགས་ལས་ཞུགས་བསྡུ་ལེན་གྱི་འབྲེལ་ལམ་གཙོ་བོ་བཅས་སུ་གྱུར། "གསར་གཉིས"རྩ་འཛུགས་མགྱོགས་མྱུར་ངང་འཕེལ་བས་གཞི་རིམ་ཏང་འཛུགས་བྱ་བའི་ཁྱབ་ཚད་དང་ཁྱབ་ཁོངས་བསྐྱེད་པར་མ་ཟད། ཡུལ་ཤུལ་གྱིས་རྫོང་འཐེན་གྲོང་ཁྱེར་བསྐྲུན་རྗེས་ཞིང་སྡེའི་ཏང་འཛུགས་ནས་གྲོང་ཁྱེར་ཏང་འཛུགས་སུ་རྣམ་པ་བརྗེ་བསྒྱུར་དང་འཕེལ་རྒྱས་སུ་གཏོང་བའི་ཁྱབ་ཁོངས་གཙོ་བོ་དང་འགག་རྩའི་གནད་དོན་ཡང་ཡིན།

གཅིག  བྱེད་ཐབས་གཙོ་བོ་དང་དེའི་ཉམས་མྱོང་།

        ཡུལ་ཤུལ་གྲོང་ཁྱེར་གྱིས་གཞི་རིམ་ཏང་འཛུགས་ནི"རྡེའུ་གཞོང་གཅིག"གི་དགོངས་པ་གཞོམ་མེད་དུ་བསྐྱངས་ཤིང་གནད་དོན་འབུར་ཐོན་གྱི་འདྲེན་ཕྱོགས་རྒྱུན་འཁྱོངས། "གསར་གཉིས"ཏང་རྩ་འཛུགས་དང་ཏང་འཛུགས་བྱ་བའི་ཚད་ལྡན་ཕན་ཡོད་ཀྱི་མ་དཔེའི་འཇུག་ལམ་འཚོལ་ཞིབ་ཟམ་མི་ཆད་པ་བྱས་ཏེ་ས་གནས་ཀྱི་གནས་ཚུལ་དངོས་དང་མཐུན་པའི་ཉམས་མྱོང་གི་བྱེད་ཐབས་སྐོར་ཞིག་གསར་དུ་རྙེད། དཔེར་ན། "གསར་གཉིས"ཏང་རྩ་འཛུགས་དང་ཏང་མི་སོགས་དབུལ་སྐྱོར་གནད་ཁེལ་གྱི"རོགས་སྐྱོར་གཉིས"ཀྱི་རུ་ཁག་ཏུ་བཅུག་ཅིང་ཏང་མིའི་དབུལ་སྐྱོར་སྐར་འགོད་ལམ་ལུགས་ཀྱི་དོ་དམ་ལག་ཏུ་བསྟར་ཏེ་ཏང་མིས་ངེས་པ་དོན་གྱིས་གདོང་ལེན་སྣེ་ཁྲིད་ཀྱི་བྱེད་ནུས་ཐོན་པར་སྐུལ་འདེད་བྱེད་དགོས། ཡང་དཔེར་ན། "ཁང་བ་བགས་གཡར"དང"ཟུར་གཏོགས"སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཚོང་ཁང་གཅིག་ཏུ་འདུས་པའི་སྲང་ལམ་དུ་མཉམ་འབྲེལ་ཏང་ཀྲི་པུའུ་སྡེབ་འཛུགས་དང"ཁེར་གཉེར་པའི"ཏང་ཀྲི་པུའུ་བྱ་འགུལ་ཁང་འཛུགས་པ། འཁོར་སྐྱོད་ཏང་མི་གཅིག་ཏུ་འདུས་པའི་སྡེ་ཁུལ་དུ"འཁོར་སྐྱོད་ཏང་མིའི་གཞིས་ཁྱིམ"བསྐྲུན་པ། སྡོད་དམངས་གཅིག་ཏུ་འདུས་པའི་གཞིས་ཁུལ་དུ་ཏང་ཀྲི་པུའུའི་ཐོག་ཁང་བསྐྲུན་ཏེ"གསར་གཉིས"ཏང་རྩ་འཛུགས་ཀྱི་ཁེབས་ཚད་བསྐྱེད་པ་དང་སྤུས་ཀ་མཐོར་འདེགས་ལ་སྐུལ་འདེད་གཏོང་དགོས། ཡང་དཔེར་ན། དབུལ་སྐྱོར་ཐོན་ལས་གླིང་ཁུལ་ནས་ཁེ་ལས་མཉམ་འབྲེལ་ཏང་ཀྲི་པུའུ་བཙུགས་ཤིང"བཤད་རོགས་ཁྲིད་འདྲེན"བརྒྱུད་དེ་ཁེ་ལས་ཀྱི་ཏང་རྩ་འཛུགས་དང་འཛུགས་སྐྲུན་ལ་ཤུགས་བསྣན་ནས"ཕྲ་ཕུང"སྨིན་ཐག་ཆོད་རྗེས། ཏང་ཀྲི་པུའུ་རིགས་འགའ་རུ་ཆ་བགོས་ཀྱིས་ཏང་ཀྲི་པུའི་ཁེབས་ཚད་རྒྱ་བསྐྱེད་དགོས།

གཉིས། ད་ཡོད་ཀྱི་གནད་དོན།

        ཡུལ་ཤུལ་གྲོང་ཁྱེར་གྱིས"གསར་གཉིས"རྩ་འཛུགས་དང་ཏང་འཛུགས་བྱ་བའི་བཙན་མཁར་གཏོར་བའི་ཐད་དུ་བྱ་བའི་ཉམས་མྱོང་ངེས་ཅན་ཞིག་བསགས་ཡོད་ཀྱང་། མིག་སྔར་གྱི་གནས་བབ་ནས་བརྗོད་ན"གསར་གཉིས"རྩ་འཛུགས་དང་ཏང་འཛུགས་སྔར་བཞིན་གྲོང་ཁྱེར་ཧྲིལ་བོའི་གཞི་རིམ་ཏང་འཛུགས་བྱ་བའི་ཞན་ཆ་དང་འཁོས་ཆུང་བ་དེ་ཡིན་པས་ཚོད་འཛིན་གྱི་རྒྱུ་རྐྱེན་གང་མང་ལྷགས་ཡོད།

    (གཅིག)"གསར་གཉིས"རྩ་འཛུགས་རྒྱ་ཆེ་ཞིང་བརྟན་རླིང་རང་བཞིན་ཞན། ཡུལ་ཤུལ་གྲོང་ཁྱེར་ནི་ཁུལ་ཡོངས་ཀྱི་ཚོང་ལས་ལྟེ་གནས་དང་དཔལ་འབྱོར་ལྟེ་གནས། ཆབ་སྲིད་ལྟེ་གནས་ཡིན་པའི་ཆ་ནས། "གསར་གཉིས"རྩ་འཛུགས་ཀྱི་གཞི་གྲངས་ཆེ། ཁོངས་གཏོགས་ཅན་དོ་དམ་གྱི་རྩ་དོན་གཞིར་བཟུང་ན་ཁུལ་གཏོགས"གསར་གཉིས"རྩ་འཛུགས་ཡང་གྲོང་ཁྱེར་རིམ་པའི་དོ་དམ་གྱི་ཁོངས་སུ་སྒྲིལ་ངེས། ཐོག་མའི་སྡོམ་རྩིས་བྱས་པ་ལྟར་ན་ཁུལ་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི"གསར་གཉིས"རྩ་འཛུགས2810ལ་བསླེབས་པས། གྲངས་ཀ་མང་ཞིང་ལས་རིགས་ཀྱི་རང་བཞིན་དམིགས་བསལ་ཡིན་པ། "སྡོམ་སྡོད་སྒྲིལ་བརྗེ"ནམ་ཡང་འབྱུང་བ། ཁྱད་པར་དུ་གཞུང་མིན་ཁེ་ལས་དང་སྒེར་གྱི་ཚོང་ཁང་གི་གཏན་བརླིང་རང་བཞིན་ཞན་ཞིང་ངེས་མེད་རང་བཞིན་དྲག་པ་དང་། "གསར་གཉིས"ཏང་རྩ་འཛུགས་དང་བྱ་བའི་ཁེབས་ཚད་ཤིན་ཏུ་དཀའ།

    (གཉིས།)"གསར་གཉིས"རྩ་འཛུགས་ཀྱི་ཏང་མིའི་སྒྲིག་གཞི་རྙོག་འཛིང་ཆེ་ཞིང་ངེས་མེད་རང་བཞིན་དྲག "གསར་གཉིས"རྩ་འཛུགས་ཀྱིས་ལས་བཟོ་པ་སྤྱོད་པའི་ལམ་ལུགས་བབ་ལ་བསྟུན་ཞིང་ཁེ་ལས་ལས་བཟོ་པ་ཕལ་ཆེ་བ"སྐྱེ་ཁམས་སྤོས་དམངས"ལ་གཏོགས་པ་དང་། དབྱར་རྩྭ་དགུན་འབུ་བརྐོ་བ་སོགས་རྒྱུ་རྐྱེན་གྱིས་ཤུགས་རྐྱེན་ཐེབས་པ། ཁེ་ལས་ཏང་མིས་ཁེ་ལས་བར་དུ་ཡུན་རིང་གཏན་ཆགས་ཀྱི་གླ་པའི་འབྲེལ་བ་འཛུགས་ཐབས་མེད་པ་དེས། ཏང་མིའི་ངེས་མེད་ཀྱི་ཆ་བསྟུད་མར་འབྱུང་དུ་བཅུག་པ་དང་། ཐ་ན་ཉིན་མཚན་ལྟོས་མེད་ལ་མཉམ་དུ་འདུག་པའི་སྣང་ཚུལ་ཡང་བྱུང་སྟེ། རོང་འབྲོག་མང་ཚོགས་ཀྱིས་ངེས་མེད་ཏང་མིའི་ཐོབ་ཐང་རང་འགུལ་སྒོས་གསལ་བོར་རྟོགས་པའི་འདུ་ཤེས་ཞན་ཅིང་། "ཁུག་མའི"ཏང་ཡོན་དང་། "མི་མངོན་པའི"ཏང་ཡོན་ཅུང་མང་།

    (གསུམ།)"གསར་གཉིས"ཁེ་བདག་གི་ཏང་འཛུགས་འདུ་ཤེས་ཞན་པ་དང་འགན་སྲུང་ཚད་མི་ལོངས་པ། "གསར་གཉིས"ཁེ་བདག་འགའ་ཤས་ཀྱི"ཏང་འཛུགས་བཟུང་ནས་འཕེལ་རྒྱས་ལ་སྐུལ་བའི"འདུ་ཤེས་ཞན་པ་དང་འགན་འཁྲི་མི་གསལ་བ། ལས་ཀར་མི་བྱང་བ། རྐྱེན་སྲོལ་མི་ལེགས་པ། "རྩ་འཛུགས་ལྡན་ཡང་བྱེད་སྒོ་མེད་པ། བྱེད་སྒོ་སྤེལ་ཡང་ཕན་འབྲས་མེད་པའི"གནད་དོན་ལྷགས་པ། ཏང་འཛུགས་བྱ་བ་ངོ་རུ་འཛིན་པ་དང་ཁ་རུ་འཁྱེར་བ། ཤོག་བུའི་ངོས་ནས་ལུས་པ། ཁེ་ལས་འགའ་ཤས་ཀྱིས་ཏང་འཛུགས་བྱ་བ་ཁུར་བོ་རུ་བསམས་པ། འགན་སྲུང་ཚད་མ་ལོངས་པ་དང་རྒྱབ་སྐྱོར་ཚད་མ་ལོངས་པ། "ཕན་འབྲས་ལ་མཐོང་ཆེན་དང་ཏང་འཛུགས་དམའ་སར་འཛིན་པའི"གནད་དོན་སོགས་ལྷགས་ཡོད།

གསུམ། ལག་ལེན་གྱི་དཔྱད་ཞིབ།

        གྲོང་ཁྱེར་གནས་བབ་ཀྱི་གནས་ཚུལ་དངོས་ལ་གཞིགས་ཏེ་དུས་བབ་གསར་བའི"གསར་གཉིས"རྩ་འཛུགས་ཀྱི་ཏང་འཛུགས་བྱ་བའི་ཁྱད་ཆོས་དང་ཆོས་ཉིད་ཡང་དག་སྒོས་བཟུང་ཞིང་། རྩ་འཛུགས་ནུས་པ་མཐོར་འདེགས་སྔར་ལས་ལྷག་པར་བཏང་ནས། ཧུར་ཐག་སྒོས"གསར་གཉིས"ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་དེ་ཏང་གི་དགོངས་དོན་དྲིལ་སྒྲོག་དང་ཏང་གི་ཐག་གཅོད་དོན་ཐོག་ཏུ་འཁྱོལ་བ། མང་ཚོགས་ལ་ཞབས་ཞུ་འབྲེལ་བ་འཛིན་པ། གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། བཅོས་སྒྱུར་འཕེལ་རྒྱས་ལ་རམ་སྐྱོར་བྱེད་པ་བཅས་ཀྱི་བཙན་རྫོང་དུ་བསྐྲུན་དགོས།

    (གཅིག)ཁྲིད་སྟོན་ཇེ་དྲག་དང་མ་དཔེ་འཚོལ་ཞིབ་བྱས་ཏེ"གསར་གཉིས"ཏང་འཛུགས་དང་རྩ་འཛུགས་ཚད་ལོངས་པར་འགན་སྲུང་བྱ་དགོས། ཡུལ་བབ་དང་བསྟུན་ཏེ་ས་གནས་ཀྱི་གནས་ཚུལ་དངོས་དང་འཚམ་པའི་དོ་དམ་མ་དཔེ་དང་རྩ་འཛུགས་སྒྲིག་འགོད་བྱེད་ཐབས་འཚོལ་ཞིབ་དང་རྨང་གཞིའི་འགན་སྲུང་ཇེ་དྲག་བཏང་ནས། "གསར་གཉིས"རྩ་འཛུགས་ཀྱི་འཕེལ་ཕྱོགས་གང་ཡིན་དང་ཏང་གི་རྩ་འཛུགས་ཁེབས་ཚད་ག་འདྲ་ཡིན་པ། ཏང་གི་བྱ་བ་གང་ཞིག་ཏུ་སྤེལ་བ་གང་ལེགས་ཀྱིས་བསྒྲུབ་དགོས། གཅིག་ནི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱེད་རྒྱུ་སྟེ་ཚན་རིག་དང་མཐུན་པའི"གསར་གཉིས"རྩ་འཛུགས་ཀྱི་དོ་དམ་མ་དཔེ་བསྐྲུན་པ། "བཟོ་ཨུས་སྣེ་ཁྲིད་དེ་སྤྱི་ནས་འཛིན་རྒྱུ་དང་ཞང་དང་གྲོལ་རྡལ་སྲང་ལམ་གྱིས་གཅིག་གྱུར་འཆར་འགོད་ཀྱིས་འགན་འཁུར་རྒྱུ། སྡེ་བ་དང་སྡེ་ཁུལ་གཞིས་ཁུལ་གྱིས་བྱེ་བྲག་གི་དོ་དམ་བྱེད་རྒྱུའི"བྱེད་ཐབས་ལག་ཏུ་བསྟར་ཏེ། "རིམ་པ་གསལ་ཞིང་གོ་རིམ་ལྡན་པ།  མཉམ་དུ་འཛིན་པ་དང་མཉམ་དུ་དོ་དམ་བྱེད་པའི"དོ་དམ་རྣམ་པ་བསྐྲུན་ནས། "གསར་གཉིས"ཀྱི་ཏང་འཛུགས་དང་མགོ་ཁྲིད་རྩ་འཛུགས་ཚད་ལོངས་པར་འགན་སྲུང་བྱེད་དགོས། གཉིས་ནི་ཡུལ་བབ་དང་བསྟུན་པ་སྟེ་ཚན་རིག་དང་མཐུན་པའི"གསར་གཉིས"ཏང་རྩ་འཛུགས་སྒྲིག་འགོད་བྱེད་ཐབས་བསྐྲུན་ནས། "ས་ཁོངས་ཉེ་འབྲེལ་དང་ལས་རིགས་ཉེ་མཚེས། དོ་དམ་སྟབས་བདེའི"རྩ་དོན་ལྟར། "དབྱེ་ཁུལ་མཉམ་འབྲེལ་གྱིས་བསྐྲུན་པ་དང་ལས་རིགས་གཅིག་པ་ཐུན་མོང་དུ་བསྐྲུན་པ། ཟུར་གཏོགས་མཉམ་སྡེབ་ཀྱིས་བསྐྲུན་པ། མངགས་བཏང་རོགས་སྐྱོར་གྱིས་བསྐྲུན་པ"སོགས་བྱེད་ཐབས་བསྟར་ཅིང་། སྡེ་བ་དང་སྡེ་ཁུལ་གཞི་རྩའི་སྡེ་ཚན་དུ་འཛིན་པ་དང་དབྱེ་ཁུལ་བགོས་ཏེ་ཏང་རྩ་འཛུགས་བཙུགས་ནས་ཏང་རྩ་འཛུགས་ཀྱི་ཁེབས་ཚད་འབད་བརྩོན་གྱིས་རྒྱ་བསྐྱེད་དགོས། གསུམ་ནི་"གསར་གཉིས"རྩ་འཛུགས་དང་ཏང་འཛུགས་ཀྱི་རྨང་གཞིའི་འགན་སྲུང་ཇེ་དྲག་ཏུ་གཏོང་བ་སྟེ། "གསར་གཉིས"རྩ་འཛུགས་དང་ཏང་འཛུགས་ཀྱི་བྱ་བའི་རྐྱེན་སྲོལ་གསར་བ་འཐུས་ཚང་སྒོས་བསྐྲུན་ནས"གསར་གཉིས"ཏང་རྩ་འཛུགས་དང་ཏང་འཛུགས་བྱ་བའི་འགན་འཁུར་ལམ་ལུགས་དངོས་འབེབས་ཀྱིས"གསར་གཉིས"ཏང་རྩ་འཛུགས་དང་ཏང་འཛུགས་གྲོན་དངུལ་གྲོང་ཁྱེར་རིམ་པའི་ནོར་སྲིད་སྔོན་རྩིས་སུ་བསྡུས་ཏེ། "གསར་གཉིས"ཏང་རྩ་འཛུགས་ཀྱི་བྱེད་སྒོར་གྲོན་དངུལ་གྱིས་རྒྱབ་སྐྱོར་དང"གསར་གཉིས"ཏང་རྩ་འཛུགས་བྱེད་སྒོའི་ཡུལ་དངོས་སུ་ཞུགས་ཚད་ཇེ་དྲག་ཏུ་གཏོང་དགོས།

    (གཉིས།)བྱེད་ཐབས་ཤུགས་ཆེན་དང་བྱེད་ནུས་འབུར་དུ་བཏོན་ནས"གསར་གཉིས"ཏང་འཛུགས་བྱ་བ་ཡར་འདེགས་རིམ་སྤར་ལ་ཁག་ཐེག་ནན་ཏན་བྱེད་དགོས། གཅིག་ནི་དྲིལ་སྒྲོག་སློབ་གསོ་གཏོང་ཚད་ཇེ་དྲག་ཏུ་བཏང་ནས་ཁེ་ལས་ཁེ་བདག་ལ"ཏང་འཛུགས་འཛིན་པ་ནི་འཕེལ་རྒྱས་འཛིན་པ་དང་ཏང་འཛུགས་སྟོབས་ཆེན་ནི་ཕན་འབྲས་འཕར་བའི"ཏང་འཛུགས་བྱ་བའི་འདུ་ཤེས་ཀྱིས་སྣེ་ཁྲིད་དེ"གསར་གཉིས"ཏང་རྩ་འཛུགས་དང་ཏང་མིའི་རུ་དཔུང་གི་འགྲིལ་ཤུགས་དང་འཐབ་ཤུགས་དེ"གསར་གཉིས"རྩ་འཛུགས་ཀྱི་སྲོག་ཤིང་འགྲན་རྩོད་ནུས་ཤུགས་སུ་བསྒྱུར་དགོས། གཉིས་ནི་མཛུབ་སྟོན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་ལས་འཁྱུར་ངལ་གསོའི་མགོ་ཁྲིད་རྒན་པ་དང་འགན་ཕབ་ཀྲི་པུའུ་རྒན་པ། ཏང་དོན་བྱ་བ་ལས་མཁན་སོགས་ཏང་མིའི་རུ་དཔུང་ཁྲོད་ཧུར་ཐག་སྒོས་ཏང་འཛུགས་མཛུབ་སྟོན་པ་མངགས་ཏེ། མངའ་ཁུལ་གྱི"གསར་གཉིས"རྩ་འཛུགས་དང་ཏང་འཛུགས་བྱ་བའི་སྤྱི་ཁོག་དོ་དམ་དང་བྱེ་བྲག་མཛུབ་སྟོན་འགན་ཁུར་ནས། "གསར་གཉིས"ཏང་འཛུགས་བྱ་བ་ཚད་ལྡན་རིམ་ཡོད་དང་གཏིང་ཟབ་ནུས་ལྡན་ལ་ཁག་ཐེག་ནན་ཏན་བྱེད་དགོས། གསུམ་ནི"ཚད་ལྡན་ཕན་ཡོད"གཞི་རྩའི་བླང་བྱ་རུ་བཟུང་ཞིང་། "དོན་རྩའི་སློབ་གསོ"གཞི་རྩའི་ནང་དོན་དུ་བྱས་ལ། "ཚོགས་གསུམ་ཐུན་གཅིག"གཞི་རྩའི་ནང་དོན་དུ་བཟུང་ནས། "གསར་གཉིས"རྩ་འཛུགས་དང་ཏང་འཛུགས་བྱ་བར་ཤུགས་སྣོན་དང་། "གསར་གཉིས"རྩ་འཛུགས་ཏང་འཛུགས་གཉིས་ཁྱབ་ཁོངས་གཞན་པའི་ཏང་འཛུགས་དང་བཀོད་སྒྲིག་གཅིག་དང་དངོས་འབེབས་གཅིག དཔྱད་ཞིབ་གཅིག་ཏུ་ཁེལ་བར་ཁག་ཐེག་ནན་ཏན་བྱེད་དགོས། བཞི་ནི་རྣམ་པ་བརྗེ་བསྒྱུར་འཕེལ་རྒྱས་ཀྱི་གོམ་སྟབས་ལ་ཤུགས་བསྣན་ཞིང་ཚོང་ཚོམས་ཚོང་ར་དང་གཞིས་ཁུལ་ཐོག་ཁང་སོགས་ཁྱབ་ཁོངས་གསར་བའི་ལས་རིགས་གསར་བའི་ཏང་འཛུགས་བྱ་བ་ལེགས་པར་བཟུང་སྟེ། "རྩ་འཛུགས་མཉམ་བྱེད་དང་ཐོན་ཁུངས་མཉམ་སྤྱོད། ཏང་མི་མཉམ་འདོམས། བྱེད་སྒོ་མཉམ་སྒྲུབ། ལས་དོན་མཉམ་གྲོས"ཀྱི་བྱེད་ཐབས་བསྟར་ནས།  ཡུལ་ཁོངས་ཅན་གྱི"གསར་གཉིས"རྩ་འཛུགས་དང་ཏང་འཛུགས"མཉམ་འཛུགས་མཉམ་འཁྲིད"ཀྱི་དོ་དམ་མ་དཔེ་བསྐྲུན་དགོས། ལྔ་ནི་རིགས་དགར་ཇུས་བསྟར་དང་འགྲོས་ཉམས་དོ་དམ་ཡིན་ཏེ། འཐུས་ཚང་ཚད་ལྡན་གྱི"གསར་གཉིས"ཏང་རྩ་འཛུགས་ལ"གསར་གཉིས་ཏང་འཛུགས་དཔེ་སྟོན་ས་ཁུལ"བསྐྲུན་པ་བརྒྱུད་དེ་མཐོར་འདེགས་ལ་རོགས་འདེགས་དང་ལེགས་བསྒྱུར་ལ་སྐུལ་འདེད་གཏོང་དགོས། ཏང་འཛུགས་རྨང་གཞི་ཞན་པའི"གསར་གཉིས"ཏང་རྩ་འཛུགས་ལ་བྱེད་ཐབས་ཇེ་ཞིབ་དང་མཛུབ་སྟོན་ཇེ་དྲག་གཏོང་བ་བརྒྱུད་དེ་ཚད་ཐུབ་ལ་རོགས་འདེགས་དང་སྲ་བརྟན་ལ་སྐུལ་འདེད་གཏོང་དགོས། གསར་འཛུགས་ཆ་རྐྱེན་དང་འཚམ་པའི"གསར་གཉིས"ཏང་རྩ་འཛུགས་ལ་མཛུབ་སྟོན་པ་མངགས་གཏོང་གི་ཐབས་ལམ་བརྒྱུད་དེ་གསོ་སྐྱོང་དང་མཛུབ་སྟོན་གལ་ཆེན་བྱེད་དགོས།

    (གསུམ།)འགག་རྩ་གནད་དུ་བཟུང་ཞིང་དོན་དངོས་དང་ཕྲ་ཞིབ་བཟུང་ནས"གསར་གཉིས"ཏང་རྩ་འཛུགས་དང་ཏང་མིའི་རུ་དཔུང་གི་ཧྲིལ་གཟུགས་སྤུས་ཚད་མཐོར་འདེགས་གཏོང་དགོས། གཅིག་ནི་ཏང་མིའི་དོ་དམ་ལ་ཤུགས་བརྒྱབ་སྟེ"གཏན་ཁེལ་མེད་པའི་ཏང་ཡོན་མང་བ་དང་། ཁུག་མའི་ཏང་ཡོན་མང་བ། མི་མངོན་པའི་ཏང་ཡོན་མང་བ"བཅས་ཀྱི་མང་གསུམ་གནད་དོན་ལ་ཁ་གཏད་ཅིང་། ཏང་རྩ་འཛུགས་ཀྱི་འབྲེལ་བར་ཁྱོན་ཡོངས་ནས་འབུད་བཤེར་དང"ཏང་ཡོན་གྱིས་རྩ་འཛུགས་བཙལ་བ་དང་རྩ་འཛུགས་ཀྱིས་ཏང་ཡོན་བཙལ་བའི"བྱེད་སྒོ་སྤེལ་ནས། "གསར་གཉིས"རྩ་འཛུགས་ཁྲོད་ཀྱི་ངེས་མེད་ཏང་ཡོན་གྱི་ཐོབ་ཐང་གསལ་རྟོགས་ལ་སྐུལ་འདེད་དང་། རང་འགུལ་གྱིས་རྩ་འཛུགས་འབྲེལ་བ་བརྗེ་འབྲེལ། ཏང་མིའི་རྩ་འཛུགས་འབྲེལ་བའི་དོ་དམ་ལ་ཤུགས་སྣོན། ཕར་འགྲོ་ཚུར་འོང་གི་ཏང་མི་གཙང་བཤེར་སྐུལ་འདེད་ལེགས་སྒྲུབ། ཏང་མིའི་འཕེལ་ཕྱོགས་གཙོ་བོ"གསར་གཉིས"རྩ་འཛུགས་སུ་གཞོལ་བ་བཅས་བྱེད་དགོས། གཉིས་ནི་ཏང་མིའི་སློབ་སྦྱོང་དང་ཟབ་སྦྱོང་ལ་ཤུགས་སྣོན་དགོས། རྒྱང་བསྟེན་སློབ་གསོ་དང་ཁྲ་འགུ་སྡེ་བའི་དྲིན་གཟོའི་སློབ་གསོའི་རྟེན་གཞི། རོང་བོ་གྲོང་རྡལ་གྱི་དམར་པོའི་སློབ་གསོའི་རྟེན་གཞི། ཏང་གི་སློབ་གྲྭ་སོགས་སློབ་གསོའི་ཐོན་ཁུངས་སྤྱད་དེ། "གསར་གཉིས"རྩ་འཛུགས་ཏང་མིའི་དུས་རྒྱུན་གྱི་སློབ་གསོ་དམ་དུ་འཛིན་དགོས་ཤིང་། གཅིག་བསྡུས་ཟབ་སྦྱོང་དང་ལས་ཐོག་སྦྱོང་བརྡར། ལྟ་སྦྱོང་བརྗེ་རེས་སྤེལ་བ་བརྒྱུད་ཏན་ཏིག་གིས"གསར་གཉིས"རྩ་འཛུགས་ཏང་མིའི་ཏང་གཤིས་འདུ་ཤེས་དང་འགན་བབ་འདུ་ཤེས་ཇེ་དྲག་དང་ལས་གནས་ནུས་རྩལ་མཐོར་འདེགས་གཏོང་དགོས། གསུམ་ནི"གསར་གཉིས"རྩ་འཛུགས་ཏང་མིའི་གདོང་ལེན་སྟོན་གྲངས་ཀྱི་བརྟག་བསྡུར་སྐུལ་འདེད་བཏང་ནས། "གསར་གཉིས"རྩ་འཛུགས་ཏང་མི་སྡེ་ཁུལ་གྱི་དང་བླངས་ཞབས་ཞུའི་རུ་དཔུང་དུ་ཞུགས་པར་སྣེ་འཁྲིད་དང་དམངས་ལ་ཕན་ཞིང་། དམངས་ལ་སྤྲོད་པ། དམངས་ལ་བསྟུན་པའི་ཞབས་ཕྱི་བསྒྲུབ་དགོས། "གཏན་ཆགས་ཏང་གི་ཉིན་མོའི"ལམ་ལུགས་དངོས་འབེབས་དང"གསར་གཉིས"ཏང་མིའི་གནས་ཚུལ་དོ་དམ་ལམ་ལུགས་བཙུགས་ཏེ། ཡུལ་ཁོངས་བགོས་ནས"གསར་གཉིས"རྩ་འཛུགས་ཀྱི་སྐད་འཕྲིན་ཚོགས་པ་བཙུགས་ཏེ། ཁྱོན་ཡོངས་ནས"གསར་གཉིས"ཏང་རྩ་འཛུགས་ཀྱི་བྱེད་སྒོའི་གནས་ཚུལ་དང་། གཉེར་སྐྱོང་གནས་ཚུལ། ད་དུང་སྒོ་གཏན་པ་དང་། གཉེར་མཚམས་འཇོག་པ། མཉམ་སྒྲིལ་བྱེད་པ། ཐོན་སྐྱེད་བསྒྱུར་བ་བཅས་ཀྱི་གནས་ཚུལ། གཞན་ཏང་མིའི་འགྲོ་ཕྱོགས་བཅས་ཁོང་དུ་ཆུད་དགོས། དུས་ཐོག་ཏུ"གསར་གཉིས"ཏང་འཛུགས་བྱ་བའི་ཉམས་མྱོང་དང་སྒྲུབ་ཐབས་ཕྱོགས་སྡོམ་བྱས་ཏེ་དྲིལ་སྒྲོག་རྒྱ་ཁྱབ་ཏུ་སྤེལ་ནས། དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་དང"གསར་གཉིས"རྩ་འཛུགས་ཀྱི་ཏང་འཛུགས་བྱ་བ་ཁྱོན་ཡོངས་ནས་ཡར་འདེགས་རིམ་སྤར་ལ་སྐུལ་འདེད་གཏོང་དགོས་སོ། །

       ཡུལ་ཤུལ་གྲོང་ཁྱེར་ཨུ་ལྷན་གྱི་རྩ་འཛུགས་པུའུ་ཡིས་མ་ཡིག་བཏོན།)བསམ་གྲུབ་ཀྱིས་བསྒྱུར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1