དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད "ཏན་ཏན་ཏིག་ཏིག་བཞི"དངོས་འབེབས་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-08


        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུངས་བཤད་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་པོ་བསྟན་ཞིང་མཚོ་སྔོན་གྱི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལའང་གསོན་ཤུགས་གསར་བ་བསྩལ། འདིར་གཅན་ཚ་རྫོང་གི་གནས་ཚུལ་དངོས་ལ་གཞིགས་ཏེ། རྫོང་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཁྲོད"ཏན་ཏན་ཏིག་ཏིག་བཞི"དངོས་འབེབས་ཚུལ་ཇི་ལྟར་བགྱིས་པར་མྱོང་ཚོར་ཞིག་བརྗོད།

གཅིག  མིག་འབྲས་སྲུང་བ་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་།

        མཚོ་སྔོན་གྱི་ལྷོ་ཕྱོགས་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ་དང་མི་རིགས་མང་བ། ལྗོངས་ནང་ཁུལ་དུ་རི་ཆུ་ཤིན་ཏུ་མང་བས་གཙང་གསུམ་འབྱུང་ཡུལ་ཏེ"ཀྲུང་ཧྭའི་ཆུ་མཛོད"དང"རྨ་འབྲིའི་མགོ་ཁུངས"ཞེས་སུ་གསོལ། དེ་ནི་ཀྲུང་གོ་དང་ཐ་ན་ཡ་གླིང་གི་སྐྱེ་ཁམས་ཀྱི་བཀག་དངོས་ཡིན་ཞིང་དཔེར་མཚོན་གྱི་མཐོ་སྒང་སྐམ་སའི་རང་བཞིན་གྱི་ནམ་ཟླར་གཏོགས། སྐྱེ་ཁམས་ཁོར་ཡུག་ལྟོས་བཅོས་ཀྱིས་ཉམ་ཐག་ཀྱང་གཏེར་རྫས་ཐོན་ཁུངས་དང་ཡུལ་སྐོར་ཐོན་ཁུངས་ལྟོས་བཅོས་ཀྱིས་འཛོམ་པོ་ཡོད། གཅན་ཚ་རྫོང་ཡང་ཚུལ་དེ་ལས་མ་འདས།

        གཅན་ཚའི་ངོས་ཐད་ནས་བརྗོད་ན་སྐྱེ་ཁམས་ཀྱི་ཕན་འབྲས་ནི་ཕན་འབྲས་ཆེས་ལེགས་ཤོས་དེ་ཡིན། མིག་སྔར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས"སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བའི"བླང་བྱ་གལ་ཆེན་རྒྱུན་བསྐྱངས་ཏེ། སྡོང་མགོ་དང་ལོ་བ་ཡི་ཞིང་ཆེན་རིམ་པའི་སྤྱི་གླིང་གི་སྤྱིའི་འཆར་འགོད་ལེགས་པར་གྲུབ་པ་དང་། རང་བྱུང་སྲུང་སྐྱོབ་དང་སྤྱི་ཕན་ནགས་ར་འཛུགས་པ། ནགས་ར་ཚད་མཐོན་པོ་འཛུགས་པ་སོགས་སྐྱེ་ཁམས་ལས་གཞི་གནད་ཆེན་མུ་མཐུད་དུ་ལག་བསྟར་བྱས་ཤིང་། རྨོ་སྐྱུར་ནགས་སྐྲུན་དང་ནགས་སྐྲུན་ལྗང་སྒྱུར་གྱི་ལས་འགན་ཡོངས་འགྲུབ་དང་། སྔོ་རྒྱ་འགག་ཆུ་མཛོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་ཁབ་དང་ཞིང་ཆེན་ལམ་ཐིག་གི་འགྲིམ་འགྲུལ་གྱི་ལམ་རྒྱུད་དང་ཉེ་འཁོར་སྡེ་བའི་ལྕགས་རའི་ལས་གཞི་སོགས་སྐྱེ་ཁམས་ལས་གཞི་སྐོར་ཞིག་ཁྱོན་ཡོངས་ནས་ལག་བསྟར་བྱས།  རྫོང་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ལ་གྲུབ་འབྲས་གསར་བ་བླངས་ཤིང་གཅན་ཚ་རྫོང་ལ་རྒྱལ་ཁབ་ནགས་ལས་ལས་ཁུངས་ཀྱིས"རྒྱལ་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་འབུར་དུ་ཐོན་པའི་ཕན་འབྲས་གཟེངས་རྟགས་ཀྱི་སྔོན་ཐོན་ཚོགས་པའི"མཚན་སྙན་བསྩལ། ཆུ་དང་རླུང་ཁམས་ཆེན་མོ། ས་རྒྱུའི་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་ཤུགས་བསྣན་ཏེ་ཆུའི་ཐོན་ཁུངས་ཀྱི"དམར་ཐིག་གསུམ"གྱི་ལམ་ལུགས་དངོས་འབེབས་ནན་མོ་དང་སྲིད་ཇུས་སུ་ཁོར་ཡུག་བཞག་ནས། ཁོར་ཡུག་ལྟ་སྲུང་དང་ཁྲིམས་བསྟར་བྱེད་ཚད་ཤུགས་སྣོན་དང་བཙོག་ཆུ་ཐད་གཏོང་། སོག་མ་བསྲེགས་པ། ས་རྐོ་རྡོ་སློག་སོགས་ཁྲིམས་འགལ་གྱི་སྤྱོད་ལམ་དག་སེལ་ལེགས་བཅོས་དང་། ལྕགས་གཏེར་ཧང་རིགས་ཀྱི་དུད་རླངས་ལེགས་བསྒྱུར་གྱི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་གྲུབ་པར་མ་ཟད། རྫོང་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་མོ༣༢༥ལ་སོན་པས། གཞི་རྩའི་སྟེང་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཁོར་རྒྱུག་གི་དཔལ་འབྱོར་དང་དབུལ་སྐྱོར་བྱ་བ་ཟུང་འབྲེལ་གྱིས་རྫོང་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་དེ་རྒྱུན་མཐུད་མགྱོགས་མྱུར་དང་བདེ་ཐང་ངང་འཕེལ་རྒྱས་འབྱུང་བར་རམ་འདེགས་བྱས།

        དེའི་འཕྲོར། "ལྗང་མདོག་གི་རི་ཆུ་ནི་གསེར་རི་དང་དངུལ་རི་ཡིན"པའི་གཞོམ་མེད་འདུ་ཤེས་བཟུང་ནས། རྒྱལ་ཁོངས་ལྗང་བསྒྱུར་གྱི་འཆར་འགོད་བྱ་བ་ཡུལ་བབ་དང་བསྟུན་ཏེ་ལས་འགན་མི་གཏོང་བ་དང་སྤུས་ཀ་མི་ཆགས་པ། དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་མཉམ་སྐྱོང་། དཔལ་འབྱོར་ཕན་འབྲས་ཀྱི་ཆེད་དུ་སྤྱི་ཚོགས་ཕན་འབྲས་མི་ཤོར་བ། སྲིད་གཞུང་གིས་སྣེ་ཁྲིད་དང་སྡེ་ཁག་མཉམ་དུ་འགུལ་བ། སྤྱི་ཚོགས་རྩ་འཛུགས་མཉམ་ཞུགས་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་དྲག་པོ་སྐུལ་སློང་དང་མཉམ་བསྡུ་བྱེད་པ། སྡོང་འཛུགས་ནགས་སྐྲུན་བྱེད་ཤུགས་ཆེར་གཏོང་བ། ལ་རྒོད་ལུང་རྒོད་དང་ས་ཞིང་བྱེ་འགྱུར་མཛེས་བསྒྱུར་གྱི་བྱ་བ་གནད་དུ་འཛིན་པ། ས་ཁུལ་འདིར་འཚམ་པའི་སྐྱེ་ཁམས་འཛུགས་སྐྲུན་གྱི་ཐོན་ལས་ཞིབ་འཇུག་གསར་བཟོ་དང་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་འཛུགས་སྐྲུན་ནན་ཏན་གྱིས་བསྒྲུབས་པའི་ཞོར་དུ་ས་ཁུལ་འདིའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གསོན་ཤུགས་དང་གོ་སྐབས་སྔོག་འདོན་ལེགས་སྤེལ་ལ་མཐོང་ཆེན། དངོས་སྟོབས་དཔལ་འབྱོར་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་བཅས་བྱས་ཏེ། གསར་གཏོད་དང་རེ་བ་ནན་པ། ལྗང་མདོག་ཐཱན་ཉུང་།མཉམ་སྤྱོད་དཔལ་འབྱོར་སོགས་ཁྱབ་ཁོངས་ནས་དགེ་མཚན་གསར་བ་དང་སྒུལ་ཤུགས་གསར་སྣོན། ས་ཁོངས་གནམ་གཤིས་ཀྱི་ཁྱད་ཆོས་དང་འབྲེལ་ཏེ་འདེབས་འཛུགས་ཁྲོད་དུ་ཁྲོམ་རར་སྔོན་དཔག་དཔྱད་ཞིབ་དང་ཆ་ཡོངས་འཆར་འགོད་བྱས་ཏེ། ཧྲིལ་གཟུགས་རང་བཞིན་དང་། ཚན་རིག་རང་བཞིན། སྤྱན་གཟིགས་རང་བཞིན་བཅས་མཚོན་དགོས་ལ། ཕན་འབྲས་རང་བཞིན་དང་ལག་རྩལ་རང་བཞིན། དངོས་སྤྱོད་རང་བཞིན་ལའང་བསམ་དགོས། ཁྲོམ་ར་རྨང་གཞིར་འཛིན་ཞིང་འདོན་ཕྱོགས་ཀྱི་བཅོས་སྒྱུར་རང་བཞིན་གཙོ་ཐིག་ཏུ་བཟུང་ནས། དཔལ་འབྱོར་ཕན་འབྲས་ཅུང་ལེགས་པའི་འབྲས་ཤིང་དང་མེ་ཏོག  གཟན་རྩྭ་སྤུས་ལེགས་འདེམ་གསེས་ཀྱིས་འདེབས་འཛུགས་བྱེད་དགོས། སྐྱེ་ཁམས་དང་འབྲེལ་ཏེ་རིག་གནས་ཡུལ་སྐོར་དང་བཟའ་བཏུང་སྡོད་གནས། ཁྱད་ཐོན་ཚོང་གཉེར། མི་སྣ་བརྗེ་རེས་སོགས་གཉེར་སྐྱོང་གི་བྱེད་སྒོ་འཕེལ་རྒྱས་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསོ་སྐྱོང་། ཁྱབ་སྤེལ་གང་ལེགས་སྒོས་རིམ་བཞིན་དུ་རྒྱ་ཆེའི་མང་ཚོགས་ཀྱིས"རི་ཆུར་བརྟེན་ནས་ཁ་རྒྱབ་གསོ་བ་དང་ས་ཆུ་གོར་མ་གཅིག་གིས་ཡུལ་མི་སྐོར་ཞིག་གསོ་བའི"གཉེར་སྐྱོང་འདུ་ཤེས་གསར་བར་བརྗེ་བསྒྱུར་དང་གསོ་སྐྱོང་བྱ་དགོས། སྡོང་འཛུགས་ནགས་སྐྲུན་ཁྲོད་ཐོག་མར་ཟབ་ཞུགས་ཐུབ་དགོས་པ་དང་རྨང་གཞིའི་སྒྲིག་བཀོད་འཛུག་སྐྲུན་ཁྲོད"ཆུ་གློག་ལམ་གསུམ་སྔོན་ལ་འགྲུབ"ཐུབ་པ།  སྐྱེ་ཁམས་འཛུགས་སྐྲུན་འཛུགས་གཉེར་དང་དོ་དམ་བྱེད་རྒྱུར་བརྩི་མཐོང་གཅིག་བཞིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཉིན་བཞིན་སྐོར་ཞིབ་ཀྱིས་རི་ལུང་སོ་སོར་ལྟ་མཁན་དང་གང་སར་འགན་འཁུར་མཁན་ཡོད་པ་མངོན་དུ་གྱུར། ཤིང་ནགས་གང་བྱུང་དུ་གཅོད་པ་དང་ནགས་ས་ཁྲིམས་དང་མི་མཐུན་པར་ཧམ་འཛིན་བྱེད་པ་སོགས་ཁྲིམས་འགལ་གྱི་སྤྱོད་ལམ་རྩད་ཞིབ་དང་ཐག་གཅོད་བྱེད་ཤུགས་ཇེ་ཆེར་བཏང་ནས། དུས་རྟག་པར་ནགས་ཚལ་དང་རྩྭ་ཐང་གི་ནད་འབུའི་གནོད་པ་དང་བྱི་བའི་གནོད་པ་སོགས་འགོག་བཅོས་ཀྱི་བྱ་བ་སྤེལ་ཏེ། རང་བྱུང་གནོད་འཚེས་ནགས་སྐྲུན་ལྗང་བསྒྱུར་གྱི་འབྲས་བུར་གནོད་པ་བྱས་པ་ཇེ་ཉུང་དང་། ལྗང་བསྒྱུར་ནགས་སྐྲུན་འདེབས་འཛུགས་བྱེད་པ་དང་ལྗང་འགྱུར་དུ་གཏོང་བ་གང་ལེགས་ཡོང་བར་འགན་སྲུང་དང་། དེའི་ཞོར་དུ་རྩྭ་ས་དང་མཚེའུ། རླན་སའི་སླར་གསོ་ལྟ་སྲུང་གི་བྱ་བར་ཤུགས་བསྣན། འཁོར་སྲུང་ལྟ་ཞིབ་ཕན་ནུས་ཇེ་བརྟན་དུ་བཏང་ནས་འཁོར་སྲུང་འགན་འཁྲི་དང་འགན་ཁུར་འདུ་ཤེས་ཇེ་དྲག་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། "ཆུ་བདག་ལམ་ལུགས"དངོས་འབེབས་བགྱིས་ཏེ། དྭངས་གསལ་གྱི་གཙང་བོའི་བཞུར་རྒྱུན་དང་མཐོ་སྒང་གི་ཉམ་ཐག་སྐྱེ་ཁམས་ཁོར་ཡུག་ལ་ཕན་འབྲས་ལྡན་པའི་སྲུང་སྐྱོབ་འཐོབ་པར་འགན་སྲུང་བྱས།

གཉིས། དམངས་འཚོ་ལེགས་བཅོས་དང་མཐོར་འདེགས་ལ་ཤུགས་བསྣན་ཏེ་སྤྱི་ཚོགས་དོ་དམ་ཇེ་དྲག་དང་གསར་དུ་བསྐྲུན།

        དམངས་འཚོའི་ལས་གཞི་ནི་སྲིད་གཞུང་གིས་དམངས་དོན་དངོས་སྒྲུབ་དང་དམངས་དོན་ལེགས་པར་སྒྲུབ་པའི"དམངས་སེམས་ལས་གཞི"ཡིན་ཞིང་། "ཏང་འཛུགས་དམངས་ཀྱི་ཆེད་དང་སྲིད་སྐྱོང་དམངས་ཀྱི་ཆེད"ཀྱི་མི་དམངས་ལ་ཞབས་འདེགས་ཞུ་བའི་མཚོན་སྟངས་བྱེ་བྲག་པའང་ཡིན། མིག་སྔར། རྫོང་ཡོངས་སུ་གཅིག་བསྡུས་སྒོས་འཐུང་ཆུའི་བདེ་འཇགས་དང་གློག་བ་སྤྱོད། འགྲིམ་འགྲུལ་སོགས་དམངས་འཚོའི་རྣམ་གྲངས་སྐོར་ཞིག་ལག་ཏུ་བསྟར་ཏེ་དམངས་འཚོའི་བྱ་བ་དང་འབྲེལ་བའི་གནད་དོན་འབུར་ཐོན་སྐོར་ཞིག་ཐག་གིས་བཅད། འོན་ཀྱང་དམངས་འཚོའི་ལས་གཞིའི་འགན་ལྕི་ཞིང་ཡུན་རིང་བས་སློབ་གསོའི་བྱ་བར་ཞུགས་ཚད་ལ་སྔར་ལས་ཤུགས་སྣོན་དང་མི་ལོ15རིན་མེད་སློབ་གསོ་ཁྱོན་ཡོངས་ནས་དངོས་འབེབས། སློབ་སྔོན་སློབ་གསོའི་འཛུགས་སྐྲུན་དང"དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་ཉམས་ཞན་ཁྱོན་ཡོངས་ནས་ལེགས་བཅོས་བྱེད་པའི"རྣམ་གྲངས་ལག་ཏུ་བསྟར་བར་ཤུགས་བསྣན་ཏེ། སློབ་གསོའི་ཐོན་ཁུངས་ཀྱི་འགྲེམ་ཚུལ་དང་སློབ་གསོའི་དོ་སྙོམ་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བརྒྱབ། མིང་གྲགས་དགེ་རྒན་དང་ཞིང་སྡེའི་དགེ་རྒན་ཕུལ་བྱུང་ལ་གཟེངས་བསྟོད་ཀྱི་རྒྱུན་བསྐྱངས་ཏེ་དགེ་རྒན་གྱི་བྱ་བའི་ཡར་སེམས་དང་གསར་གཏོད་རང་བཞིན་ལ་སྐུལ་སྤེལ་བྱས།  ཤེས་ཡོན་ཅན་དང་ལག་རྩལ་ཅན། གསར་གཏོད་ཅན་གྱི་ངལ་རྩོལ་དཔུང་ཆེན་འཛུགས་པའི་སྟེང་ལ་རྩལ་འདོན་དང་ངལ་རྩོལ་ནུས་རྩལ་ཟབ་སྦྱོང་བྱེད་ཚད་ལ་ཤུགས་བསྣན་པའི་ཞོར་དུ། ལག་རྩལ་འཛོམས་ཤིང་ལས་སྒོ་སྤེལ་འདོད་པའི་མི་སྣར་སྟེགས་བུ་བསྐྲུན་པ་དང་བབ་མཚུངས་སྲིད་ཇུས་ཀྱི་བྱེད་ཐབས་གཏན་འབེབས་དངོས་འདོན་བགྱིས་ཏེ། ནང་འདྲེན་དང་ཕྱིར་གཏོང་མཐོང་ཆེ་ཆུང་གཅིག་བཞིན་བྱེད་པའི་རྩ་དོན་རྒྱུན་བསྐྱངས། མི་སྣའི་སྣེ་ཁྲིད་དེ་ཕྱི་རོལ་ནས་འཕང་འབྲས་འཐུ་བ་སོགས་ངལ་ལས་ཕྱིར་གཏོང་གི་བྱེད་སྒོ་རྩ་འཛུགས་བྱས་ཏེ། ངལ་རྩོལ་ནུས་ཤུགས་བརྗེ་བསྒྱུར་ཕྱིར་གཏོང་གི་རྩ་འཛུགས་ཅན་གྱི་ཚད་གཞི་དང་ཁྲོམ་རའི་དཔལ་འབྱོར་གྱི་ངོས་ཟིན་ཚད་མཐོ་རུ་བཏེགས། རིམ་ཕྱེས་ནད་བཅོས་ལམ་ལུགས་འཐུས་ཚང་དུ་བཏང་ནས་གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་གང་མགྱོགས་ཀྱིས་འཛུགས་པར་སྐུལ། གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་གཞི་ཆེ་བའི་སྨན་བཅོས་ཉེན་སྐྱོབ་སོགས་སྨན་བཅོས་འགན་སྲུང་གི་སྲིད་ཇུས་སྣ་ཚོགས་དངོས་འབེབས་ཏན་ཏིག་གིས་མཁར་གྲོང་སྡོད་དམངས་ཀྱི་གཞི་རིམ་སྨན་བཅོས་ཉེན་སྐྱོབ་དངུལ་བསྡུའི་ཚད་གཞི་ཇེ་མཐོ་དང་། རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་རྣམ་གྲངས་དང་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་འགངས་ཆེན་ལ་ཤུགས་བརྒྱབ་ནས་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་ཆ་སྙོམས་ལ་སྐུལ་འདེད་བཏང་། སྲིད་གཞུང་གིས་སྡོད་ཁང་ཉོས་ཏེ་རྒན་གསོའི་ཞབས་ཞུའི་བྱ་བར་ཤུགས་བསྣན་ཞིང་། དབང་བོ་སྐྱོན་ཅན་གྱི་འཚོ་བའི་བདག་སྐྱོང་ཁ་གསབ་ལམ་ལུགས་འཐུས་ཚང་དང་། ཞིའི་སྡེའི་ཆེས་དམའ་བའི་འགན་སྲུང་དང་དབུལ་སྐྱོར་གསར་སྤེལ་བྱ་ཡུལ་གྱི་ཁས་ལེན་མ་ལག་ཚད་ལྡན་དང་འཐུས་ཚང་དུ་བཏང་། སྤྱི་བའི་ཞབས་ཞུའི་ཆུ་ཚད་མཚམས་མེད་དུ་མཐོར་འདེགས་བཏང་བར་མ་ཟད། ཟི་ཁྲིན་ལྕགས་ལམ་དང་མར་གདོང་གཞུང་ལམ(མར་ཁུ་ཐང་ནས་གདོང་སྣ)སོགས་ཀྱི་ལས་གཞིའི་འཛུགས་སྐྲུན་གོ་སྐབས་སུ་བཟུང་ནས། ཉེ་འཁོར་གྱི་ཐོན་ལས་གཉིས་པ་དང་གསུམ་པའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས།

        བློ་ཐག་རྦད་ཆོད་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ལ་རྒྱལ་ཁ་བླངས། དབུལ་ཐར་མཁྲེགས་གཏོར་དེ་དམངས་འཚོའི་ལས་གཞི་ཆེ་ཤོས་སུ་འཛིན་པ་རྒྱུན་བསྐྱངས་ཏེ"ལས་གཞི་ཨང་དང་པོའི"འདུ་ཤེས་དངོས་འབེབས་ཇེ་དྲག་དང་། རྫོང་གི་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ་དབུལ་སྐྱོར་བྱ་ཡུལ་གནད་ཆེན་ལ་ཞིབ་གཅོད་འབུར་དུ་ཐོན་ཞིང་གནད་དུ་ཁེལ་བ་བྱས། "ལྔ་དྲུག་གཅིག་དྲུག"གནད་ཁེལ་དབྱེ་འབྱེད་བྱ་བའི་བཅའ་ཁྲིམས་ཐོག་མར་བཏོན་ཏེ། གནད་ཁེལ་གཏན་ཁེལ་གྱི་དབུལ་ཕོངས་སྡེ་བ34དང་། གནད་ཁེལ་དབྱེ་འབྱེད་དབུལ་ཕོངས་བྱ་ཡུལ་གྱི་ཁྱིམ་ཁ2558དང་དབུལ་པོ9642ཡོད། དེའི་ཞོར་དུ་དབུལ་སྐྱོར་གྲངས་འཛིན་གཙང་སེལ་ནན་ཏན་གྱིས་སྤེལ་ཏེ་དབུལ་ཁྱིམ་སྐར་རིམ་གསལ་སྟོན་གྱི་དོ་དམ་ལག་ཏུ་བསྟར་བ་དང་། རྫོང་ཡོངས་ཀྱི་སྡེ་བ་བཅུའི་ཁྱིམ་ཁ699ཡི་དབུལ་པོ2666དབུལ་ཕོངས་ལས་ཐར་ཏེ"སུ་ལ་རོགས་སྐྱོར་བྱ་བའི"གནད་དོན་ཐག་གིས་བཅད། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཧུར་ཐག་སྒོས་དབུལ་ཐར་མཁྲེགས་གཏོར་གྱི་འགན་ཁུར་གཙོ་བོ་ཁུར་དུ་བླངས་ཤིང་། "ཞང་དང་གྲོང་རྡལ་ཏང་ཨུས་གཙོ་བོར་འཛིན་པ་དང་རྫོང་ཨུས་སྤྱིའི་འགན་འཁུར་བའི"དོ་དམ་མ་དཔེ་ཉིས་གཤིབ་མ་ལག་ཏུ་བསྟར་ཏེ། ཞང་དང་གྲོང་རྡལ། སྡེ་ཁག དེ་བཞིན་ཞང་དང་གྲོང་རྡལ་སྡེ་བ་སོགས་རིམ་པ་སོ་སོའི་བར་འགན་ཁུར་ཡི་གེ་བཞག་ཡོད་པ་དང་། རྫོང་རིམ་པའི་མགོ་ཁྲིད་ཀྱི་ཞང་དང་གྲོང་རྡལ༩སོ་སོར་འབྲེལ་ཏེ་སྡེ་ཁག་གི་ལས་ཁུངས་ཀྱིས་དབུལ་ཕོངས་སྡེ་བར་ཆ་ཡོངས་ནས་ཁེབས་ཤིང་འབྲེལ་བ་བྱས། དེའི་ཞོར་དུ་ནན་ཏན་སྒོས《གཅན་ཚང་རྫོང་གི་དབུལ་སྐྱོར(སྡེ་སྡོད)"ཧྲུའུ་ཅི་དང་པོ"དང་བྱ་བའི་རུ་ཁག་གི་ལས་བྱེད་དཔྱད་འཇོག་བྱེད་ཐབས》ཞིབ་འཇུག་གཏན་ཁེལ་གྱིས་ཕྱིར་བཏོན་ཞིང་། དམངས་གཙོའི་དཔྱད་འཇོག་དང་ལས་དོན་དཔྱད་ཞིབ་ཇེ་དྲག་ཏུ་བཏང་ནས་སྡེ་སྡོད་བྱ་བའི་རུ་ཁག་དང་ཞང་དང་གྲོང་རྡལ་གྱི་སྡེ་འབྲེལ་ལས་བྱེད་དབུལ་ཕོངས་སྡེ་བ་ནས་རྒྱུན་སྡོད་ལ་སྐུལ་འདེད་དང་། དབུལ་སྐྱོར་མཛུབ་སྟོན་གནད་ཁེལ་གྱིས་རྫོང་དང་ཞང་། སྡེ་བ་རིམ་པ་གསུམ་གྱིས་མཉམ་འགུལ་དང་མཉམ་འདུས་ཀྱིས་མཁྲེགས་གཏོར་བྱེད་པའི་གནད་ཁེལ་དབུལ་སྐྱོར་གྱི་བྱ་བའི་རྣམ་པ་གྲུབ་སྟེ"སུ་ཡིས་རོགས་སྐྱོར་བྱེད་པའི"གནད་དོན་ཐག་བཅད། དབུལ་ཕོངས་སྡེ་བའི་རྨང་གཞིའི་ཆ་རྐྱེན་ལེགས་བཅོས་བྱེད་པ་གནད་ཁེལ་དབུལ་སྐྱོར་གྱི"ལག་བསྲིངས་ས་སྔ་མ"བྱས་ཏེ། རྣམ་གྲངས་མ་དངུལ་རིགས་སོ་སོ་དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་ཁྱིམ་ཚང་ལ་གཞོལ་བར་སྐུལ་འདེད་བཏང་ཞིང་། དབུལ་སྐྱོར་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་གསུམ་མཐུན་སྦྱོར། ས་གནས་ཆ་བསྒྲིགས་མ་དངུལ་སྒོར་ཁྲག་ཁྲིག་གཉིས་ཐེར་འབུམ་བཞི་དུང་ཕྱུར་ལྔ་བྱེ་བ་དགུ་ས་ཡ་དགུ་འབུམ་གཉིས་དངོས་འབེབས། "ཞིང་གསུམ"དང་འབྲེལ་བའི་མ་དངུལ་སྒོར་ཐེར་འབུམ་གསུམ་དུང་ཕྱུར་བརྒྱད་བྱེ་བ་དགུ་ལེགས་སྡེབ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་གཉིས་བྱེད་པ་ལྔ་བརྩོན་ལེན། དངུལ་རྩའི་ཡིད་རྟོན་དངུལ་བུན་གྱི་མ་དངུལ་སྒོར་དུང་ཕྱུར་གསུམ་བྱེ་བ་གསུམ་ས་ཡ་བདུན་འབུམ་ལྔ་འགྲེམ་གཏོང་། ("530"དངུལ་བུན་འདུ། ) རོགས་རེས་མ་དངུལ་གྱི་དུས་ཐུང་བུ་ལོན་སྒོར་དུང་ཕྱུར་གསུམ་བྱེ་བ་ལྔ་ས་ཡ་ལྔ་འབུམ་བརྒྱད་འགྲེམ་གཏོང་བཅས་བྱས། ཐབས་ལམ་མི་འགྱུར་བ་དང་ངོ་བོ་མི་འགྱུར་བ། མཉམ་སྡེབ་ཀྱིས་སྤྱོད་པའི་རྩ་དོན་ལྟར། དབུལ་ཕོངས་ཁྱིམ་ཁ1667གྱི་དབུལ་བོ6440ལ་རོགས་སྐྱོར་གྱིས་སོན་འདེབས་ལས་རིགས་དང་ཞིང་ཕྱུགས་ཐོན་རྫས་ལས་སྣོན། བཟའ་བཏུང་ཞབས་ཞུ་སོགས་ཁྱད་ལྡན་ཐོས་ལས་དང་རྒྱུ་ནོར་ཡོང་སྒོའི་རྣམ་གྲངས་འཕེལ་རྒྱས་བཏང་། སྣང་ར་ཞང་ཆུ་ཤར་གྱི་ལྕགས་རྟའི་ཡུལ་སྐོར་གྱི་སྒར་རྒྱག་རྣམ་གྲངས་ལག་ཏུ་བསྟར་ཞིང་དུས་ཐོག་ཏུ་ཆར་ཟིལ་འཆར་གཞི་སྤེལ་ལ། དབུལ་ཕོངས་ངལ་རྩོལ་པ300ཟབ་སྦྱོང་དང་། དབུལ་ཕོངས་སློབ་ཆེན་སློབ་མ་དང་དཀའ་ཁག་ཅན་གྱི་སློབ་མར་སྒོར་བྱེ་བ་གསུམ་ས་ཡ་དྲུག་གི་རོགས་སྐྱོར་བྱས། ཁྱིམ་ཁ421ལ་བརྗེ་སྤོར་གནས་སྤོའི་རྣམ་གྲངས་ལག་ཏུ་བསྟར་ཏེ་རྒུད་གསབ་ལས་སྤྲོད་མ་དངུལ་བཏང་། མར་ཁུ་ཐང་ཡོ་ཆེ་སྡེ་བ་ནས་ཀླུ་རྒྱལ་སྡེ་བའི་འགྲོ་ལམ་འཛུགས་སྐྲུན་ལག་ཏུ་བསྟར་བར་མ་ཟད། ཁྱོན་ཡོངས་ནས་དྲ་འབྲེལ་གྱི་གནད་ཁེལ་དབུལ་སྐྱོར་རྣམ་གྲངས་ལག་བསྟར་དང་དབུལ་སྐྱོར་དངུལ་བུན་ཁག་འཁུར་མ་དངུལ་དངོས་འབེབས་ཇེ་མགྱོགས་སུ་བཏང་ནས"ཇི་ལྟར་རོགས་སྐྱོར་བྱེད་པའི"གནད་དོན་ཐག་བཅད། བྱ་བའི་རྐྱེན་སྲོལ་ལེགས་གྲས་བསྐྲུན་ཏེ་དབུལ་ཐར་མཁྲེགས་གཏོར་གྱི"སྟོབས་ཤུགས་མཉམ་འདུས"ལ་ཁག་ཁུར་ཏན་ཏིག་བྱས། དེང་ཕྱིན། རྫོང་ཡོངས་ཀྱིས་འཆར་གཞི་ལྟར་དབུལ་ཕོངས་སྡེ་བ14དང་ཁྱིམ་ཁ890ཡི་དབུལ་བོ3631དབུལ་ཐར་དམིགས་སོན་དང་ཁྲོམ་ར་རིགས་སོ་སོའི་གསོན་ཤུགས་གཙོ་བོ་སྐུལ་སྤེལ་བྱས། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་ལ་རྒྱབ་སྐྱོར་དང་རྒྱ་བསྐྱེད་པའི་ཞོར་དུ། ནུས་ལྡན་གྱི་ཐོན་ལས་གཉིས་པ་དང་གསུམ་པའི་མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ཞིང་མུ་མཐུད་དུ་བསམ་བློའི་ཐད་ནས་དབུལ་ཐར་གྱི་གྲ་སྒྲིག་བྱས་ནས་དབུལ་ཕོངས་ཀྱི་ཞ་མོ་ཕུད་དེ་བློ་ཐག་གཙང་གཅོད་ཀྱིས་འཐབ་འཛིང་བྱ་རྒྱུ་དང་རྒྱལ་ཁ་ལེན་རྒྱུར་ཁག་ཐེག་བྱས།

གསུམ། བསམ་བློ་ཀུན་སྤྱོད་ཀྱི་གསོ་སྐྱོང་ལ་ཤུགས་བསྣན་ནས་འཕེལ་རྒྱས་ཅན་གྱི་རིག་གནས་ཐོན་ལས་བསྐྱངས།

        མིག་སྔར། གཡང་མདའ་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་གདན་ཞུའི་འགྲན་སྡུར་དང་མདའ་སྟོན་རིག་གནས་དུས་ཆེན་བདེ་ལེགས་ངང་སྤེལ་ཞིང་། 《སྣང་རའི་སྟོང་དཔོན》དང《གཡང་མདའ》 《མཚར་སྡུག་གི་གཅན་ཚར་བཅར་བ། 》 《གཅན་ཚའི་འདས་དོན》སོགས་ཆེད་དོན་དྲིལ་སྒྲོག་བརྙན་ཕབ་གྱི་བྱ་བ་བསྒྲུབས་ཏེ། བསམ་བློ་ཀུན་སྤྱོད་ཀྱི་གསོ་སྐྱོང་ལ་ཤུགས་བསྣན་ཞིང་འཕེལ་རྒྱས་ཅན་གྱི་རིག་གནས་ཐོན་ལས་བསྐྱངས་ཏེ་རྨང་གཞི་ལེགས་པོ་བསྐྲུན། དེང་ཕྱིན། རིག་གནས་དར་རྒྱས་གོང་འཕེལ་གྱི་སྐུལ་འདེད་ལ་ཤུགས་བརྒྱབ་ནས་འདུ་ཤེས་འཛིན་སྟངས་ལས་དོན་གྱི་དབུ་ཁྲིད་ཀྱི་དབང་ཆ་དང་རང་འགུལ་གྱི་དབང་ཆ། གཏམ་བརྗོད་ཀྱི་དབང་ཆ་གདེང་ཁེལ་ཏེ་འདུ་ཤེས་འཛིན་སྟངས་ཀྱིས་རིག་གནས་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་འཕེལ་རྒྱས་ལམ་བུའི་བླང་བྱ་ཐག་གཅོད་པ་ལག་ལེན་དུ་འཁྱོལ་ནས། རྫོང་རྒྱང་སྒྲོག་བརྙན་འཕྲིན་དང"གཅན་ཚ་ཕྱི་ཡུལ་དུ་སྒྲོག་པའི"འཕྲིན་སྟེགས་སོགས"དྲ་རྒྱ་གཉིས་དང་འཕྲིན་སྟེགས་གཅིག སྣེ་ཁུང་གཉིས"ཀྱི་འཕྲིན་སྦྱོར་བྱེད་ནུས་འདོན་སྤེལ་གང་ལེགས་དང་། སྤྱི་ཚོགས་ཀྱི་འགྲིལ་ཤུགས་སྟོབས་པོ་ཆེ་གོང་བུར་འགྲིལ་བ། དཔལ་ཡོན་གསར་བསྐྲུན་གྱི་གོམ་སྟབས་ལ་སྐུལ་འདེད་བཅས་བྱས་ཏེ། བློ་དཀར་འཛུགས་སྐྲུན་དང་དང་བླངས་ཞབས་ཞུ། སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གསར་འཛུགས་གཞི་རིམ་དུ་རྐང་ཚུགས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྲོལ་བཟང་དུ་ཆགས་སུ་འཇུག་དགོས། དེའི་ཞོར་དུ། ཁམས་ར་སྤྱི་གླིང་གི་རྒྱལ་ཁབ་ཀྱིAརིམ་པ་བཞིའི་ལྗོངས་ཁུལ་དང་སྣང་རའི་སྟོང་དཔོན། རྨ་ཆུའི་འགྲམ་རྒྱུད་ཀྱི་ས་ཁོངས་དང་སྐྱེ་ཁམས་འཛུགས་སྐྲུན་བཅས་ཀྱི་དགེ་མཚན་ལ་བརྟེན་ཏེ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་གཉེར་སྐྱོང་གི་མ་དཔེ་རིགས་སོ་སོ་དང་ཐོན་ལས་འཕེལ་རྒྱས་སྔོག་འདོན་དང་གསོ་སྐྱོང་བྱས་ཏེ་རིག་གནས་ཐོན་ལས་གསར་བ་དེ་ཐེམ་སྐས་གསར་བར་སྤོ་བར་འབད་པ་བྱ་དགོས་སོ།།   བསམ་གྲུབ་ཀྱིས་བསྒྱུར།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1