མཚོ་སྔོན་གསར་བའི་སྙིང་སྟོབས་ནི་དཔའ་ངར་ཞུམ་པ་མེད་པའི་སྟོབས་ཀྱི་འབྱུང་ཁུངས་ཡིན།

ཆིན་ཡན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-08


        སྙིང་སྟོབས་ཀྱི་ས་བོན་རྣམ་པར་འབུས་ཚེ་རྡོ་ཡི་འཕར་རྡོ་ཆེན་པོའང་འདེགས་པར་ནུས། མཚོ་སྔོན་དུ་སྙིང་སྟོབས་ནི་དུས་ནམ་ཡང་རིན་ཐང་གཞལ་བར་བྲལ་བའི་རྒྱུ་ནོར་དང་མི་སེམས་བསྒུལ་བའི་སྟོབས་ཤུགས་ཡིན།

        དུས་སྐབས་གསར་བར་སླེབས་པ་ན། མགོ་འཛུགས་ས་གསར་བ་ན་ཀྲོང་ངེར་འགྲེང་སྟེ་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྙིང་སྟོབས་གསར་བ་མཁོ་བ་ཡིན། མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་། "མཚོ་སྔོན་གསར་བའི་སྙིང་སྟོབས"ལ་འདི་ལྟར་འགྲེལ་བརྗོད་གནང་ཡོད་དེ། ཁུ་ནུ་རི་བོའི་ཡང་རྩེར་འགྲེང་ནས་རྒྱལ་ཡོངས་དང་འཛམ་གླིང་སྲུང་བའི་རྩེར་སྙེག་རྒྱང་གཟིགས་ཀྱི་སྙིང་སྟོབས་དང་། འགྲོ་འོང་འབྲེལ་འདྲིས་དང་མཉམ་འབྲེལ་གྱིས་རྒྱལ་ཡོངས་དང་འཛམ་གླིང་གི་འཕེལ་རྒྱས་ཀྱི་རྣམ་པར་གཟུད་པའི་རང་སྟོན་དཀྱེལ་ཡངས་ཀྱི་སྙིང་སྟོབས། མི་རིགས་མཐུན་སྒྲིལ་སྲུང་ཞིང་སྔོ་ལྗང་རི་ཀླུང་སྐྱོང་བ། རྒྱལ་ཡོངས་དང་འཛམ་གླིང་ལ་ཕན་བདེ་བསྐྲུན་པའི་མཐུན་སྒྲིལ་སྐྱེས་འབུལ་གྱི་སྙིང་སྟོབས། དུས་རབས་གསར་བའི་བླང་བྱ་གསར་བ་ཁོང་དུ་ཆུད་ཅིང་འགན་འཁུར་གསར་བ་དང་སྤྱོད་སྟངས་གསར་བར་སྐུལ་འདེད་གཏོང་བའི་དཔའ་ངར་ཞུམ་པ་མེད་པའི་སྙིང་སྟོབས་ཡིན། "རྩེར་སྙེག་རྒྱང་གཟིགས"ནི་མཚོ་སྔོན་གསར་བའི་སྙིང་སྟོབས་ཀྱི་བླ་སྲོག་དང་། "རང་རྟོན་དཀྱེལ་ཡངས"ནི་མཚོ་སྔོན་གསར་བའི་སྙིང་སྟོབས་ཀྱི་བརྗོད་དོན། "མཐུན་སྒྲིལ་སྐྱེས་འབུལ"ནི་མཚོ་སྔོན་གསར་བའི་སྙིང་སྟོབས་ཀྱི་སྲོག་ཤིང་། "དཔའ་ངར་ཞུམ་མེད"ནི་མཚོ་སྔོན་གསར་བའི་སྙིང་སྟོབས་ཀྱི་གཤིས་སྤྱོད་ཡིན། མཚོ་སྔོན་གསར་བའི་སྙིང་སྟོབས་ཀྱིས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་སྙིང་སྟོབས་མངོན་པར་མཚོན་ཞིང་། དེ་ནི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱིས་མཐུན་སྒྲིལ་ཧུར་བརྩོན་དང་དམིགས་གཞི་ལྷག་ཏུ་མཐོ་བའི་སྒོ་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འབྱུང་བའི་བསམ་བློའི་རྨང་གཞི་ཡིན་པས་རིན་ཐང་ལེན་ཕྱོགས་འབུར་དུ་ཐོན་ཞིང་དུས་རབས་ཀྱི་མཁའ་དབུགས་ལྷག་ཏུ་ལྡན།

        ང་ཚོའི་ཡར་ཐོན་དང་འཕེལ་རྒྱས་ཀྱིས་ལོ་རྒྱུས་ཀྱི་དེ་ཉིད་བརྩི་དགོས་ཤིང་མ་འོངས་སྔོན་གཟིགས་ཀྱང་ཐུབ་དགོས། མཚོ་སྔོན་གསར་བའི་སྙིང་སྟོབས་ནི་མཚོ་སྔོན་གྱི་ལོ་རྒྱུས་ལས་སྦྲུམ་ཞིང་མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་ལ་རྐང་བཙུགས། མཚོ་སྔོན་གྱི་འབྱུང་འགྱུར་མིག་གིས་གཟིགས། དུས་རབས་ཀྱི་ཁྱད་རྟགས་ཚུར་སྣང་བགྱིས། དུས་རབས་འཕེལ་རྒྱས་ཀྱི་སྣེ་ཁྲིད་ཡོད་པ་ཡིན། ལོ་ཇི་སྙེད་ཅིག་གི་རིང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་ཧུར་ཐག་གིས་མི་རིགས་རང་ཚུགས་དང་མི་རིགས་བཅིངས་འགྲོལ་གྱི་ལས་སྒོ་རླབས་ཆེན་ལ་གཞོལ་བ་དང་། བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་དབལ་ཚ་བའི་ལག་ལེན་ལ་འབད་དེ་གཅིག་མཐུན་གྱི་རིན་ཐང་ངོས་ལེན་དང་སྙིང་སྟོབས་ཀྱི་འཚོལ་སྙེག་ཅིག་གྲུབ་ཡོད། "མདེའུ་གཉིས་སྐར་མ་གཅིག"གི་སྙིང་སྟོབས་ནས"དམིགས་བསལ་ལྔའི"མདོ་དབུས་མཐོ་སྒང་གི་སྙིང་སྟོབས། "ལམ་ཕྱོགས་གཉིས"ཀྱི་སྙིང་སྟོབས་ནས་ཡུལ་ཤུལ་གནོད་སེལ་རྒུད་སྐྱོབ་ཀྱི་སྙིང་སྟོབས་སོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་འཐབ་དང་དཔའ་ངར་ཧུར་བསྐྱེད་ལ་སྐུལ་འདེད་དང་འབོད་སྐུལ་བཏང་སྟེ། དུས་རབས་སྙིང་སྟོབས་ཀྱི་ཁྱད་གཤིས་སུ་བསྒོམས་ཤིང་དུས་རབས་གསར་བའི་མཚོ་སྔོན་མི་དམངས་ཀྱི་བསམ་པའི་ཁྱིམ་གཞིས་གསར་འཛུགས་བྱས་ནས། ང་ཚོ་ཐུན་མོང་ལ་དབང་བའི་སྙིང་སྟོབས་ཀྱི་འདེགས་རྟེན་དང་རྩ་ཆེ་བའི་རིན་ཆེན་ནོར་བུར་ཆགས་སུ་འཇུག་དགོས།

        ལི་ཏ་ཀྲའོ་ཡིས་འདི་ལྟར་གསུངས་མྱོང་སྟེ། "སྐབས་འགར་དཀའ་ཉེན་གྱི་གནས་སུ་ལྷུང་ཚེ་ཟིལ་རྔམ་ཆེ་བའི་སྙིང་སྟོབས་ལ་བརྟེན་ན་ད་གཟོད་ཐོལ་གྱིས་བརྒལ་ཐུབ་ངེས།"སྙིང་སྟོབས་དེ་ནི་དམར་བོ་མེ་དཔུང་དང་འདྲ་ཞིང་འོད་ཀྱི་ལམ་སྒྲོན་དང་ཡང་འདྲ་བར་དུས་རྟག་ཏུ་མདུན་སྐྱོད་ཀྱི་ལམ་བུ་འོད་ཀྲིག་གེར། འགྱུར་མེད་དམ་བཅའ་དང་ཞུམ་མེད་མདུན་སྐྱོད་ཀྱི་སྟོབས་ཤུགས་རླབས་པོ་ཆེ་བསྐྱོམས་པས་དངོས་པོའི་དཔལ་ཡོན་ལས་རིན་ཐང་བྲལ་ཞིང་སྟོབས་ཆེ་བ་དང་ཡུན་དུ་བརྟན། མཚོ་སྔོན་གྱིས་དབུལ་ཕོངས་མཁྲེགས་གཏོར་ལ་འཐབ་མོ་དང་འགྲོས་མཉམ་འབྱོར་འབྲིང་ལ་རྒྱལ་ཁ་འཐོབ་རྒྱུ་མངོན་འགྱུར་དང་། "ལེགས་པ་གཅིག་དང་མཐོ་བ་གཉིས"ཀྱི་འཐབ་ཇུས་སྒྲིག་གཤོམ་སྐུལ་འདེད་གཏོང་བར། མཚོ་སྔོན་གསར་བའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། བློ་བརྟན་འགྱུར་མེད་དང་བསམ་བློ་བཅིངས་འགྲོལ། བློ་གཤོག་ཆེར་བསྐྱེད་ཀྱིས་ལས་སྒོ་གསར་སྤེལ་ལ་སྐུལ་འདེད་བཏང་ནས་མཁྲེགས་གཏོར་དཀའ་བ་སེལ་བའི་གཤིས་སྤྱོད་ཀྱི་རྐྱེན་སྣར་འགྱུར་བར་འབད་བརྩོན་དང་ཞིང་ཆེན་གོང་འོག་བར་གསུམ་གྱི་སྤྲོ་སྣང་དང་ངར་ཤུགས་སྐུལ་སློང་ཆེས་ཆེར་གཏོང་རྒྱུ་ནི། ང་ཚོས་རྒྱལ་ཡོངས་དང་འགྲོས་མཉམ་གྱིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པར་ཁག་ཐེག་དང་། སྔར་ལས་འབྱོར་ཕྱུག་དང་དཔལ་ཡོན་ལྡན་པ། འཆམ་མཐུན་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་བ་བསྐྲུན་པའི་རིན་ཐང་གཞལ་མེད་ཀྱི་རྒྱུ་ནོར་དང་འཛད་མེད་སྒུལ་ཤུགས་ཡིན།

        བསྒྲུབ་པས་འཁྱོངས་ཞིང་བསྐྱོད་པས་དམིགས་སྒོ་ཟིན། མཚོ་སྔོན་གསར་བའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་དུ་གཏོང་བར། ཏང་ཡོན་ལས་བྱེད་པས་སྙིང་སྟོབས་འདི་ཉིད་དར་སྤེལ་གཏོང་མཁན་དང་ལག་ལེན་པར་འགྱུར་བར་བརྩོན་དགོས་པ་དང་། སྙིང་སྟོབས་འདི་ཉིད་ཀྱི་གསར་སྐྲུན་པ་དང་འཐུས་ཚབ་པར་འགྱུར་བར་བརྩོན་དགོས། མཚོ་སྔོན་ལོ་རྒྱུས་སྟེང་གི་ཕུལ་དུ་བྱུང་བའི་སྙིང་སྟོབས་ཀྱི་རྒྱུ་ནོར་ལ་བརྟེན་ཏེ་དམར་པོའི་རིག་གནས་ཀྱིས་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་དང་། སྔོན་ཐོན་རིག་གནས་ཀྱིས་དུས་ཀྱི་དར་སྲོལ་གྱི་སྣེ་འཁྲིད་པ། མི་ཆོས་སྙིང་སྟོབས་ཀྱིས་བརྩོན་པའི་སྤྲོ་སེམས་སྐུལ་སློང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་བསམ་བློ་ཡར་རྒྱས་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་ལ་དགའ་བ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་སྐྱེས་སུ་འབུལ་བའི་སྟོབས་ཤུགས་དྲག་པོ་མཉམ་དུ་བསྡུས་ནས། སྐྱེ་ཁམས་དཔལ་ཡོན་ལྟ་གྲུབ་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་ཧྲིལ་བོ་འགོ་འདོམས་དང་། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གཤིས་སྤྱོད་བཟང་བའི་འཚོ་བའི་ལམ་བུར་བསྐྱོད་དེ། སྒྱིད་ལུག་གཏན་ནས་མི་བྱེད་པའི་སྙིང་སྟོབས་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་བརྩོན་ཉམས་འགྱུར་གྱིས་བསྒྱུར་བཅོས་ཕོད་པ་དང་གསར་གཏོད་ཕོད་ཚེ། ང་ཚོའི་ལས་དོན་སྣ་སྒོ་མོ་ནས་མི་རྒྱལ་བ་མེད་ཅིང་སྔར་ལས་བདེ་སྐྱིད་ལྡན་པའི་ད་ལྟ་དང་འབྱུང་འགྱུར་ཡང་འཐོབ་པར་ངེས་སོ།།      བསམ་གྲུབ་ཀྱིས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1