སྟོབས་ལྡན་རྒྱལ་ཁབ་ཀྱི་ལམ་བུའི་སྟེང་ལེ་ཚན་གསར་བ་འབྲི་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-08


        ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་གྱི་རྒྱལ་སྐྱོང་སྲིད་འཛིན་གྱི་མུ་འབྲེལ་དཔྱད་བརྗོད་ལས"རྒྱལ་སྐྱོང་གི་ལེའུ།"ལོ་གཅིག་ཡར་སྔོན་གྱི་སྟོན་ཁར།  ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་ལོ་བརྒྱ་ཕྲག་དང་པོའི་དམིགས་འབེན་མངོན་འགྱུར་བྱེད་པའི་གཙོ་གནད་གང་ཡིན་པ་གསལ་པོར་བཏོན་ལ། ལོ་བརྒྱ་ཕྲག་གཉིས་པའི་དམིགས་འབེན་མངོན་འགྱུར་བྱེད་པར་ཡང་འཐབ་ཇུས་ཇུས་འགོད་བྱས།

        ལོ་གཅིག་གི་རིང་ལ།  བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྣེ་ཁྲོད་འོག  སྟོབས་ཤུགས་ཆེར་བསྐྱེད་ཀྱིས་སྟོབས་ལྡན་དུ་འགྱུར་བའི་དུས་རབས་གསར་པར་རྒྱུགས་ལན་བྲིས།

མིག་རྒྱང་རིང་དུ་བསྲིངས་ཤིང་ཚན་རིག་གཞུང་ལུགས་ཀྱིས་སྟོབས་ལྡན་རྒྱལ་ཁབ་ཀྱི་འདུན་མར་མཛུབ་ཁྲིད་བྱས།

        ལོ་གཅིག་སྔོན་གྱི་སྐབས་འདིར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་ཤིང་།  ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་གི་མཛུབ་སྟོན་དགོངས་པ་རུ་གཏན་འཁེལ་བྱས།  2018ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་ཁྲིམས་ནང་བཞག་ལ།  ཏང་གི་དགོངས་པ་དེ་རྒྱལ་ཁབ་ཀྱི་མཛུབ་སྟོན་དགོངས་པར་གྱུར་པར་མ་ཟད།  སྟོབས་ལྡན་རྒྱལ་ཁབ་ཀྱི་འཆར་གཞི་གསར་པའང་འཆར་འགོད་བྱས།

        -2020ལོར་ཐོན་དུས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་།  ལོ་བརྒྱ་ཕྲག་དང་པོའི་འབད་བརྩོན་དམིགས་འབེན་མངོན་འགྱུར་བྱེད་པ་དང་།  2035ལོར་ཐོན་དུས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱ་རྒྱུ་རེད།  དུས་རབས་འདིའི་དུས་དཀྱིལ་བར་དུ་ཁྱོན་ཡོངས་ནས་སྟོབས་ལྡན་དང་དམངས་གཙོ།  དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་རྒྱུ་རེད།

        དེ་ནི་འདས་པར་ཕྱིར་ལྟ་བྱས་པ་ཡིན་ལ།  དེ་ལས་ཀྱང་མ་འོངས་པ་མངོན་གསལ་དུ་བཤད་པ་རེད།

        ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཤིང་།  ཀྲུང་ཧྭའི་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ནས་སྟོབས་ལྡན་དུ་འགྱུར་བའི་རླབས་ཆེན་གྱི་མཆོང་བརྒལ་བསུས་ཡོང་།

        དུས་རབས་གསར་པའི"གསར་པ"གང་དུ་ཡོད། འགལ་བ་གསར་པ་ཇི་ལྟར"ཐག་གཅོད"བྱེད་དགོས། ལས་འགན་གསར་པ་ཇི་ལྟར་བསྒྲུབ་དགོས།

        "གསལ་པོ་བརྒྱད"ཀྱི་རྩ་དོན་འཆད་འགྲེལ་ནས"རྒྱུན་འཁྱོངས་བཅུ་བཞི"ཡི་འཆར་གཞི་ཆེན་མོའི་བར་དང་།  དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ནས་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་སྤྱིའི་དམིགས་འབེན་གྱི་བར།  དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་ནས་སྐམ་མཚོ་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་གཉིས་ཀྱིས་ཕན་ཚུནརོགས་རམ་བྱེད་པའི་སྒོ་འབྱེད་རྣམ་པ་གསར་པ་ཆགས་ནས།  མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་བྱེད་པ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བྱེད་པའི་བར……

        ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག  སྟོབས་ལྡན་རྒྱལ་ཁབ་དུས་རབས་ཀྱི་འབད་བརྩོན་གནས་ཚད་གསལ་པོར་བཀོད་ཅིང་། སྐུལ་འདེད་ཀྱི་གོམ་སྟབས་ནི་བརྟན་པོ་ཡིན་ལ་ཤུགས་དང་ལྡན།

        ལོ་ངོ་གཅིག་གི་རིང་།  སྣ་མང་རྙོག་འཛིང་གི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་ཁ་གཏད་ནས།  ཀྲུང་གོས་དད་ལྷོད་ངང་ལན་སྤྲན་ཅིང་།  ཐབས་ཇུས་རྒྱབ་ཕྱོགས་སུ་བཏིང་བས། རྒྱལ་སྐྱོང་སྲིད་འཛིན་ཐད་རྒྱབ་ཁབ་ཆེན་པོའི་ཉམས་འགྱུར་མངོན།

        ཉེན་ཁ་བརྒྱུད་དེ་ཀྲུང་གོའི་དཔལ་འབྱོར་ནི་འོས་འཚམ་གྱི་བར་འཚམས་སུ་བརྟན་པོར་འཁོར་སྐྱོད་བྱེད་བཞིན་འདུག་ལ།  གསོན་ཤུགས་ཀྱིས་ཁེངས་འདུག འཛེམ་མེད་དམར་འདོན་དང་བཅོས་བསྒྱུར་གྱི་རྟ་ཕོར་ལྕག་གིས་བསྐུལ་ཏེ་དཀའ་ཁག་གདོང་གིས་བསུས། རེ་སྒུག་ལ་ཨ་ལན་བསློགས་ཀྱིན་དམངས་འཚོའི་འགན་སྲུང་དང་ལེགས་བཅོས་ཤུགས་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ།  མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།  བདེ་སྣང་བཅས་ཉིན་བཞིན་མཐོར་འདེགས་སུ་ཕྱིན།  ལྷོད་གཡེང་ཅི་ཡང་མི་བྱེད་པར་ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་གྲུབ་འབྲས་མངོན་གསལ་ཡིན་ལ།  དེས་བྱ་གཞག་སྣ་ཚོགས་ཀྱི་འཕེལ་རྒྱས་ལ་ཆབ་སྲིད་ལ་ཁག་ཐེག་བརྟན་པོ་བྱས།

མཐོ་ཕྱོགས་སུ་འཛེགས་པ་དང་རྒྱང་རིང་གི་ཕྱོགས་སུ་བང་གིས་རྒྱུག

        དུས་རབས་གསར་པར་མགོ་ཚུགས་པའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ལམ་གསར་པ་ནི། ཀྲུང་གོའི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་།  རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་བྱེད་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་ལམ་བུ་ཞིག་ཡིན།

        ཉེ་སྔོན། སྡེ་ཁག་བརྒྱད་ཀྱི་འབྲེལ་ཡོད་འགན་ནུས་ཧྲག་སྡེབ་བྱེད་པའི་རང་བྱུང་ཐོན་ཁུངས་པུའུ"གཏན་འཁེལ་གསུམ"གྱི་ཇུས་གཞི་སྒོར་ཐོན་ཞིང་།  "ཀྲུང་གོའི་ཁྱིམ་གཞིས"དོ་དམ་དེ་དུས་དེ་ནས་བཟུང་མགོ་བདག་མང་ཡང་སྒྲུབ་མཁན་ཉུང་བའི་རྣམ་པ་དང་ཁ་གྱེས།

        གསར་འཛུགས་དང་བསྐྱར་སྒྲིག   སྒོ་བྱང་འགེལ་བ།  ལས་གནས་བསྒྱུར་བ། དུས་ཡུན་ཐུང་ཐུང་ཟླ་འགའི་རིང་ལ།  བློ་གཤོགས་ཆེན་པོའི་ལས་ཁུངས་ལ་བཅོས་བསྒྱུར་བྱས་པ་དང་།  ཕྱི་ཕྱོགས་སུ་རྒྱུན་ཆད་མེད་པར་བཅོས་བསྒྱུར་མཐའ་འཁྱོལ་བར་བྱས་པའི་བརྡ་རྟགས་ཤུགས་ཆེན་པོས་བཏང་།

        དཀའ་གནད་འགག་སྒྲོལ་བྱས་ཏེ་སྤུས་ཚད་མཐོན་པོས་སྟོབས་ལྡན་རྒྱལ་ཁབ་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་བ།

        དོན་ཐེངས་དུང་ཕྱུར7.26རྒྱལ་ནང་དུ་ཡུལ་སྐོར་བྱས་ཏེ་སྒོར་དུང་ཕྱུར6000འཛད་སྤྱོད་བྱས་པ་དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་ཆ་སྙོམས་ཀྱིས9%ཡིས་བརྒལ། འདས་མ་ཐག་པའི་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐབས་སུ།  ཡང་བསྐྱར་མཐོ་ཚད་གསར་པའི་གཞི་གྲངས་བསྐྲུན་ཏེ།  ཡང་བསྐྱར་འཛམ་གླིང་ཡོངས་ཧ་ལས་སུ་བཅུག

        རླུང་སྤྲིན་ལྟ་བུའི་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ཏུ་འདུག་པར།  ཀྲུང་གོའི་དཔལ་འབྱོར་གྱི་རྦ་རླབས་ལ་འཛད་མཐའ་མེད་པའི་ནང་གནས་སྒུལ་ཤུགས་གང་ནས་བྱུང་བ་ཡིན་ནམ།

ཨ་རིའི་ཡེ་ལུའུ་སློབ་ཆེན་གྱི་མཐོ་རིམ་ཞིབ་འཇུག་མི་སྣ་སི་ཀྲེ་ཝུན་རའོ་ཆི་ཡིས་བལྟས་ན།  ཀྲུང་གོའི་དཔལ་འབྱོར་གྱི་གྲུབ་ཚུལ་ལེགས་སྒྱུར་བྱས་པའི་ནུས་པ་མགྱོགས་པ་དེ་དཔལ་འབྱོར་གྲུབ་ཚུལ་གཞན་དག་ལས་མངོན་གསལ་གྱིས་བརྒལ་ཞིང་།  ཁེ་བཟང་དེའི་འབྱུང་ཁུངས་གཙོ་བོ་ནི་ཀྲུང་གོའི་མགོ་ཁྲིད་པས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་པའི་འགུལ་སྐྱོད་ནུས་པ་དང་ཀྲུང་གོའི་སྲིད་ཇུས་ལག་ཏུ་བསྟར་བའི་གོང་བུར་སྒྲིལ་ཤུགས་རེད།

        ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་རྗེས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་ཐེངས་མང་པོར་ས་གནས་སུ་བརྟག་དཔྱད་ཞིབ་འཇུག་བྱེད་དུ་ཕེབས་ནས།  བཟོ་གྲྭ་དང་ཁུལ་གསར་ལ་འཚམས་འདྲི་བྱེད་དུ་ཕེབས་ཏེ།  གསར་སྐྲུན་གྱི་གནས་ཚུལ་འདྲི་བ།  སྐྱེ་ཁམས་ལ་གཟིགས་པ་བཅས་ཀྱིས།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱེད་པ་དང་།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་དམིགས་ཏེ་ཐབས་ཇུས་བཀོད་སྒྲིག་བྱས།

སྟོབས་ལྡན་རྒྱལ་ཁབ་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བར་ངེས་པར་འཕེལ་རྒྱས་ནི་རྨང་གཞི་ཡིན།

        ལོ་ངོ་གཅིག་གི་རིང་།  མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ནི་གཙོ་ཐིག་ཏུ་བཟུང་ཞིང་།  གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་དང་། ས་ཁོངས་མཐུན་སྦྱོར་ནི་འདེགས་སྐྱོར་གཙོ་བོ། ཕྱོགས་ཡོངས་སྒོ་འབྱེད་ནི་ནུས་ལྡན་བྱེད་སྟངས་སུ་བཟུང་སྟེ།  "གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་གཉིས"རྒྱུན་འཁྱོངས་བྱས་ཤིང་། འཕེལ་རྒྱས་ཀྱི་འགྱིག་གཞོང་ཆེན་པོའི་སྟེང་གོ་རིམ་ལྡན་པའི་ངང་སྤུས་ཚད་མཐོ་བའི་འགྱིག་འབབ་ཏུ་འཇུག་དགོས།

        -རིགས་བསྒྱུར་ལ་དེ་ལས་ཀྱང་ཕན་འབྲས་མངོན།  "དོར་བ་གསུམ་དང་འཕྲི་བ་གཅིག་ཁ་གསབ་གཅིག"གི་ཐད་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་།  མཁོ་འདོན་འབྲེལ་བ་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་ལ།  སྲོལ་རྒྱུན་ཐོན་ལས་ལ་རང་འགུལ་གྱིས་འགྱུར་ལྡོག་བྱུང་ལ།  ཁོར་སྲུང་གི་ཆར་རླུང་དྲག་པོའི་ཤུགས་ཚད་ཇེ་ཞན་དུ་མ་སོང་།ད་ལོའི་ལོ་སྟོད་ཀྱི་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་ཚད་ཐད་ཀྱི་བྱས་རྗེས་ཚད་ཚད་མཐོན་པོས་ཡར་སྤར་ཏེ78.5%ལ་སླེབས་པ་དང་།  དཔལ་འབྱོར་གྱི་གྲུབ་ཚུལ་ཐད་ཕྱོགས་ཡོངས་ནས་ལེགས་སྒྱུར་རིམ་སྤར་གྱི་རྣམ་པ་མངོན།

        -སྐྱེ་སྟོབས་སྔར་ལས་འབར་ཞིང་སྔར་ལས་རྒྱས།  ད་ལོའི་ལོ་སྟོད་དུ་ཚོང་རའི་གཙོ་གཞི"བཀོལ་བདག་དུང་ཕྱུར་གྱི་དུས་རབས"སུ་གོམ་པ་སྤོས་ཤིང་།  ཀྲུང་གོ་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་བྱ་གཞག་གསར་གཏོད་ཀྱི་རྒྱལ་ཁབ་ཏུ་གྱུར་ལ།  དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་།  རྒྱལ་དབང་ཁེ་ལས་བཅོས་བསྒྱུར་ཟབ་སྤེལ་བྱས་ལ།  གནད་ཁེལ་དང་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ཁེ་ལས་ཆུང་འབྲིང་དང་ཆུང་གྲས་འཕེལ་རྒྱས་སུ་གཏོང་བར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས།  ལས་སྒོ་གསར་པ་དང་མ་དཔེ་གསར་པ།  སྒུལ་ནུས་གསར་པ་རྫོགས་མཐའ་མེད་པར་བྱུང་སྟེ།  དཔལ་འབྱོར་གསར་སྐྲུན་གྱི་སྐྱེ་སྟོབས་ལ་སྔར་མེད་འཕེལ་རྒྱས་བྱུང་།

        -སྒོ་འབྱེད་ལ་སྟོབས་ཤུགས་སྔར་ལས་མངོན།  ལོ་ངོ5བརྒྱུད་ཟིན་པའི"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་གྱིས"ཞིབ་ཚགས་ཀྱི་རི་མོ"ཞིག་འབྲི་བཞེངས་བྱེད་བཞིན་ཡོད་ཅིང་།  ཀོང་ཏུང་དང་ཞང་ཀང་ཨོ་མོན་གསུམ་གྱི་ཁུག་ཆེན་ཁུལ་གྱིས་འཕེལ་རྒྱས་སྟོབས་ཤུགས་བསགས་ཡོད་པ་དང་།  ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་སྐབས་དང་པོ་མགོ་རྩོམ་ལ་ཉེ་ཞིང་།  ཁྱོན་ཡོངས་ནས་སྒོ་འབྱེད་པའི་གནས་སྟངས་མགྱོགས་མྱུར་ངང་འགྲུབ་བཞིན་ཡོད།

        མིག་སྔར།  ཀྲུང་གོའི་དཔལ་འབྱོར་སྤྱིའི་ཆ་ནས་བརྟན་བརླིང་ངང་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་རྒྱུན་སྲུང་ཐུབ་ཡོད་ལ།  དཔལ་འབྱོར་འཁོར་སྐྱོད་དེ་འོས་འཚམ་གྱི་ཁོངས་སུ་གནས་ཤིང་། ལོ་རྒྱུས་འཕེལ་ཕྱོགས་ཀྱི་མདུན་ལ་བལྟས་ཚེ།  འཕེལ་རྒྱས་མདུན་ལྗོངས་ཤིན་ཏུ་འོད་སྟོང་ལྡན།

        ལོ་ངོ་གཅིག་གི་རིང་ལ།  ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་གནད་ཁེལ་སྟོབས་ཤུགས་བཏོན་པས།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒྲིག་སྲོལ་ནང་རྐྱེན་གྱི་འགན་སྲུང་མཁོ་འདོན་བྱས།

        -ཁ་ཕྱོགས་ཐད་གནད་འགག་དམ་འཛིན་བྱས།  རྒྱལ་དབང་ཁེ་ལས་བཅོས་བསྒྱུར་ཏན་ཏིག་ངང་སྐུལ་འདེད་བཏང་བ་དང་།  ནོར་ཁྲལ་དང་དངུལ་རྩ།  སྤྱི་ཚོགས་འགན་སྲུང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་བསྟུད་མར་ཐོད་བརྒལ་བྱུང་།

        -བྱེད་ཐབས་ཐད་གནད་དོན་དམ་འཛིན་བྱས། སློབ་ཕྱིའི་གསོ་སྦྱོང་ཚད་ལྡན་དུ་བཏང་བ་ནས་སྨན་བཅོས་འཕྲོད་བསྟེན་ལས་རིགས་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བཅོས་བསྒྱུར་འཐུས་ཚང་དུ་བཏང་བའི་བར་དང་།  ཞིང་སྡེའི་ཁང་པའི་གཞིས་ས་རྒྱ་བསྐྱེད་པའི་ལམ་ལུགས་བཅོས་བསྒྱུར་ཚོད་ལྟ་བྱེད་པ་ནས་གཞི་རྩའི་རྒན་གསོ་འགན་སྲུང་ཐེབས་རྩ་ཀྲུང་དབྱང་གིས་སྙོམ་སྒྲིག་བྱེད་པའི་བར། གནད་དོན་ཆེས་གཅིག་བསྡུས་ཡིན་ས་དང་ཆེས་འབུར་དུ་ཐོན་པའི་གནད་དོན་ལ་དམིགས་ནས།  སྲིད་ཇུས་ཀྱི་ལྟེ་བ་ཡང་དག་དམ་འཛིན་དང་། སྔོན་དཔག་སྒྲིག་བཀོད་འོས་འཚམ་བྱས།

-        ལག་བསྟར་ཐད་དངོས་འབེབས་དམ་འཛིན་བྱས།  རང་དབང་ཉོ་ཚོང་ཁུལ་གྱི་བཅོས་བསྒྱུར་མུ་མཐུད་ནས་གཏིང་ཟབ་ཏུ་སྤེལ།  ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཀྱིས"ཕྱིར་མིག་བལྟ་བ"མགོ་བརྩམས་ཤིང་།  ཀྲུང་དབྱང་བཅོས་བསྒྱུར་གྱི་ཁྱོན་ཡོངས་ལྟ་ཞིབ་དང་།  ཆེད་དམིགས་ལྟ་ཞིབ་རྩ་འཛུགས་བྱས་ནས་སྤེལ། སྒྲུབ་མགོ་བརྩམས་པ་རྣམས་བྲེལ་མྱུར་ངང་སྒྲུབ་བཞིན་ཡོད་ལ། མགོ་བརྩམས་མ་ཐག་པ་དག་མགྱོགས་མྱུར་གྱིས་སྐུལ་འདེད་བྱེད་བཞིན་ཡོད།

    འགུལ་སྐྱོད་ནི་ཆེས་ནུས་ལྡན་གྱི་དྲིས་ལན་ཡིན།

        ཧའེ་ནན་ནི་འཛམ་གླིང་ཡོངས་ཀྱི་ཆེས་ཆེ་བའི་རང་དབང་ཉོ་ཚོང་གྲུ་ཁར་བསྐྲུན་པ་ནས་འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི"སྲུང་སྐྱོབ་ཆེན་མོ་མཉམ་འཛིན་དང་།  གསར་སྤེལ་ཆེན་པོ་མི་བྱེད་པ"ཡི་བར་དང་།  དབུལ་ནག་ས་ཁུལ་དབུལ་ཐར་འགག་སྒྲོལ་ནས་གྲོང་གསེབ་དར་སྤེལ་འཐབ་ཇུས་འཆར་འགོད་དཔར་འགྲེམ་བྱས་པའི་བར།  རྒྱལ་ཁབ་ཀྱི་ལྟ་ཞིབ་ལམ་སྲོལ་བཅོས་བསྒྱུར་ཚོད་ལྟར་སྐུལ་འདེད་བྱེད་པ་ནས་ནག་སེལ་ངན་འཇོམས་ཀྱི་ཆེད་དམིགས་འཐབ་འཛིང་མུ་མཐུད་ནས་གཏིང་ཟབ་ཏུ་སྤེལ་བའི་བར།  རྒྱལ་ཁབ་ཆེན་མོའི་བཅོས་སྐྱོང་གི་འཆར་འགོད་སྔར་ལས་གོ་རིམ་ལྡན་ཞིང་གོམ་སྟབས་སྔར་ལས་མཐུན་སྦྱོར་བྱུང་།

        2020ལོར"ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལེན་པ"ཡི་ལྡོག་རྩིས་དུས་ཚོད་དང་ཐོད་གཏུག་སྟེ།  ཚོགས་ཆེན་བཅུ་དགུ་པས་བཏོན་པའི་བཅོས་བསྒྱུར་བྱེད་ཐབས158ཀྱིས་ཐད་ཀར་ཆེས་རྙོག་འཛིང་ཆེ་བ་དང་ཆེས་ཐག་གཅོད་དཀའ་བའི་གནད་དོན་ཐག་གཅོད་བྱས།

སེམས་ཤུགས་གཅིག་སྒྲིལ་གྱིས་འོད་ཟེར་ལྡན་པའི་ཕ་རོལ་ལ་སྙིང་སྟོབས་ཆེན་པོས་བསྐྱོད།

        དེང་སྐབས།  ཨ་མེ་རི་ཁས་འགྲན་སློང་དང་རིམ་སྤར་བྱས་པའི་དཔལ་འབྱོར་ཉོ་ཚོང་འགལ་བ་དེ་ནི། ཀྲུང་གོ་འཕེལ་རྒྱས་ལ་དཀའ་སྡུག་ཡོད་ཀྱང་བསུ་དགོས་པའི"འཁྱག་རིའི་ཟུར་ཞིག"ཙམ་རེད།

        འཛམ་གླིང་ཡོངས་སུ་ལོ་ངོ་བརྒྱ་ཕྲག་ལ་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་མོར་གདོང་གཏད་དེ།  འཛམ་གླིང་གི་དཔལ་འབྱོར་ཕུང་གཟུགས་ཨང་གཉིས་པ་རིགས་སྒྱུར་རིམ་སྤར་ཇི་ལྟར་བྱ།  སྐྱེ་ཁམས་དང་འཕེལ་རྒྱས།  ཕན་འབྲས་དང་འདྲ་མཉམ།  མཉམ་སྐྲུན་དང་མཉམ་རོལ་ཇི་ལྟར་གཅིག་གྱུར་འཆར་འགོད་བྱ།

ལོ་ངོ་གཅིག་གི་རིང་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་ཏ་ལིའང་ཧྲན་རི་ཁུལ་གྱི་ལྟེ་བར་ཕེབས་ཤིང་། བྱང་ཤར་གྱི་བཟོ་ལས་རྙིང་པའི་རྟེན་གཞིར་བསྐྱོད་དེ།  མི་དམངས་མང་ཚོགས་ཐུགས་ལ་བཅངས།

དབུལ་ཐར་འགག་སྒྲོལ་ཐད་རྒྱལ་ཁ་ལེན་པའི་ལོ་གསུམ་འགུལ་སྐྱོད་སྐོར་གྱི་མཛུབ་སྟོན་དགོངས་འཆར་བཏོན་ཅིང་།  མ་དངུལ་དུང་ཕྱུར2140གསར་དུ་ཁ་སྣོན་བྱས་ཏེ་དབུལ་ནག་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ལ་རོགས་སྐྱོར་མཛད་པ་དང་།  "ཆེས་ཉུང་མཐར་ཡང་ད་དུང་རྫོང200དབུལ་ཐར་བྱ་དགོས་པ"ཡི"ལས་འགན་སྤྲོད་ཐོ"གསལ་པོར་བཏོན།

        དབུལ་ཕོངས་མི་གྲངས་ནི་ཁྲི3000རེད།  འདི་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་ལེན་པའི་ཆེས་མཇུག་མཐའི་ལམ་ཐག་དང་།  ཀྲུང་གོས་དབུལ་ཕོངས་འཐབ་འཛིང་ལ་ངོ་རྒོལ་བྱེད་པའི"དམག་གི་བཀའ་ཤོག"ལྟ་བུ་རེད།

ལོ་ངོ་གཅིག་གི་རིང་ལ།  རང་རྒྱལ་གྱིས་དབུལ་ནག་ས་ཁུལ་བརྟན་པོར་མཐོང་བའི་མཐའ་ཐིག་ལ་དམིགས་ཏེ། ཞན་ཆ་མུ་མཐུད་དུ་ཁ་གསབ་བྱས་པ་དང་། ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་སོགས་བྱེད་ཐབས་དྲག་པོས་སྦགས་བཙོག་འགོག་བཅོས་འགག་སྒྲོལ་ལ་སྐུལ་འདེད་བཏང་ཞིང་།  མང་ཚོགས་ཀྱིས་རེ་སྨོན་བྱེད་པའི"མཛེས་སྡུག་གི་ཀྲུང་གོ"བསྐྲུན་བྱུང་།  དུས་དཔག་བབ་བསྟུན་དང་།  བཀན་ཤིང་འོས་འཕྲིའི་ནུས་ཤུགས་དང་འགྲོས་རིམ་ཁོང་དུ་ཆུད་པ་དང་། དངུལ་རྩའི་ཉེན་ཁ་སྔོན་འགོག་གང་ལེགས་བྱས། "འགག་སྒྲོལ་འཐབ་འཛིང་ཆེན་མོ་གསུམ"མཉམ་དུ་དུས་གཅིག་ཏུ་བསྒྲུབས་པ་དང་།  "ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་དམངས་ཀྱིས་ཁས་ལེན་ཐོབ་པ་དང་།  ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པར"བརྩོན་ལེན་བྱས།

        ལོ་ངོ་གཅིག་གི་རིང་ལ།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་གཏིང་ཟབ་བྱེད་པའི་འགུལ་སྐྱོད་དེ་ཐད་ཀར་མི་འདང་སར་དམིགས་པ་དང་། མུ་མཐུད་དུ་གློད་བཀྲོལ་བཏང་བའི་བཅོས་བསྒྱུར་ཁེ་བཟང་གིས་སྤོབས་སེམས་རྒྱས་སུ་བཅུག

        ཀུན་ཤེས་སྨན་པ་གསོ་སྐྱོང་དང་བེད་སྤྱོད་ལྟ་སྐུལ་ལམ་ལུགས།  འདྲ་བཟོའི་སྨན་རྫས་མཁོ་འདོན་འགན་སྲུང་དང་བཀོལ་སྤྱོད་སྲིད་ཇུས་སྔར་ལས་འཐུས་ཚང་དུ་བཏང་བ།  སྨན་པར་བསྟེན་དཀའ་བ་དང་སྨན་བཅོས་རིན་གོང་མཐོ་བའི་གནད་དོན་རིམ་བཞིན་ཐག་གཅོད་ཀྱིན་ཡོད་ལ།  མི་སྒེར་གྱི་ཐོབ་ཁྲལ་སྡུད་མགོ་རྩོམ་སར"སྤྱིའི་བགོ་གྲངས་ཆེ་ཤོས"གཅིག་བསྡུས་དང་ལེན་བྱས་ཡོད་ལ།  ཡོང་སྒོ་འབྲིང་དམན་ཡིན་མཁན་རྣམས་ལ"ཐོབ་ཚོར"སྔར་ལས་མང་པོ་ཡོད། ཞིབ་བཤེར་ཆོག་མཆན་ཞབས་ཞུ་སྟབས་བདེ་ཅན་དུ་གཏོང་བའི་བཅོས་བསྒྱུར་ལ་འབྲས་བུ་སྨིན་པ་དང་།  ཆབ་སྲིད་བཅོས་སྐྱོང་ནུས་ཤུགས་དང་མང་ཚོགས་ཡིད་ཚིམས་ཚད་གཉིས་ཀ་མཐོར་འདེགས་བྱུང་། "མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་ཧུར་བརྩོན་བྱ་སའི་དམིགས་འབེན་ཡིན།"

        ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་འཚོལ་བ་དང་།  ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་ཆེད་དུ་བརྩོན་པའི་གཏན་དུ་འགྱུར་བ་མེད་པའི་ཐོག་མའི་ཕུགས་བསམ་དང་འགན་འཁྲིས་མུ་མཐུད་དུ་མི་དམངས་དུང་ཕྱུར་ལ་འབོད་སྐུལ་དང་སྣེ་ཁྲིད་བྱས་ཏེ།  སྔར་ལས་འོད་སྟོང་ལྡན་པའི་ཕ་རོལ་ལ་ཕྱོགས་ཏེ་སྙིང་སྟོབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1