ཝང་ཅན་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ངོས་ཟིན་གཞི་གཅིག་ཏུ་འབབ་པ། སྟོབས་ཤུགས་གཅིག་སྒྲིལ་བྱེད་པ་བཅས་ཀྱིས་ཏང་གི་སྐད་སྒྲ་སྔར་ལས་ལེགས་པའི་སྒོ་ནས་ཁྱིམ་ཚང་མང་པོར་ཁྱབ་སྒྲོག་བྱེད་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-08


        ཟླ11པའི་ཚེས12ཉིན་ནས་ཚེས13ཉིན་བར། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་རྒྱལ་ཡོངས་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། རང་རྟོགས་སྒོས་འགན་འཁྲིའི་ལས་འགན་ཕྲག་ཏུ་ལེན་པ་དང་རྩ་བའི་ཐོག་ནས་སྒྱུར་བཅོས་བྱེད་པ།  དྲང་བདེན་སྲུང་བ་དང་གསར་གཏོད་བྱེད་པ་བཅས་ཀྱིས།"ལྔ་བཞི་འཐབ་ཇུས"ལག་བསྟར་གཏིང་ཟབ་བྱེད་པ་དང"དམིགས་བསལ་གཅིག་དང་མཐོ་བ་གཉིས"ལ་སྐུལ་འདེད་ཧུར་ཐག་བྱས་ནས།འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་བཅས་ལ་བསམ་བློའི་ཁག་ཐེག་བརྟན་པོ་དང་བསམ་བློའི་ནུས་ཤུགས་སྟོབས་དང་ལྡན་པ་འདོན་སྤྲོད་བྱེད་དགོས།

        ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ལིའུ་ཉིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

        ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་དྲིལ་སྒྲོག་བསམ་བློ་བྱ་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་།  ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་གནང་ཞིང་།  ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན།  སྤྱི་ཡོངས་རང་བཞིན།  འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་རབས་དང་རིམ་པ་ཞིག་ལ་ལན་ཞིབ་མོ་བཏབ་སྟེ།  ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་གི་དྲིལ་སྒྲོག་བསམ་བློ་བྱ་བའི་ལོ་རྒྱུས་ཀྱི་ཕྱོགས་གནས་དང་འགན་འཁྲིའི་ལས་འགན། བྱ་བ་གལ་ཆེན་བཅས་ཞིབ་བརྗོད་མཛད་ཡོད། "འདུ་ཤེས་བཞི"བརྟན་པོར་འཛུགས་པ་དང"རང་རྟོན་བཞི"ཤུགས་ཆེར་གཏོང་བ།"སྲུང་འཛིན་གཉིས"ཇེ་བརྟན་དུ་བཏང་སྟེ།  ཁ་མིན་དོན་གྱིས་བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་དགོངས་དོན་སྟེང་འབབ་ཏུ་བཅུག་སྟེ།  ཧུར་ཐག་སྒོས་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་རྣམ་པ་གསར་པ་འབྱེད་དགོས།

        ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན།  ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བར་རྩིས་བཤེར་བྱེད་དགོས།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བས་ཐོག་མཐའ་བར་གསུམ་གང་དུའང་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ།  ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མི་དམངས་ལ་སློབ་གསོ་དང་མི་དམངས་སྣེ་ཁྲིད་བྱེད་པ།  མི་དམངས་ལ་སྐུལ་མ་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ནས།  བྱས་རྗེས་གསར་པ་བསྐྲུན་ཅིང་གྲུབ་འབྲས་གསར་པ་བླངས། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བར་ཐབས་ཇུས་བཏོན།  "རྒྱུན་འཁྱོངས་དགུ"ཡི་བྱ་བའི་ཆོས་ཉིད་ཁོང་དུ་ཆུད་པ་དང་།  དར་ཆ་སྒྲེང་བ་དང་དམངས་སེམས་གཅིག་སྒྲིལ་བྱེད་པ།  མི་གསར་པ་གསོ་སྐྱོང་བྱེད་པ།  རིག་གནས་དར་སྤེལ་གཏོང་བ། སྣང་བརྙན་སྟོན་པ་བཅས་ཀྱི་འགན་འཁྲིའི་ལས་འགན་ཡིད་ལ་བརྟན་པོར་འཆང་ཞིང་།  ཁ་ཕྱོགས་གསར་པར་གཞི་འཛུགས་པ་དང་རྣམ་པ་གསར་པ་ཁོང་དུ་ཆུད་པ། གནས་ཚད་གསར་པ་ཡང་དག་པར་འཚོལ་བ།  འགན་འཁྲི་གསར་པ་གནད་འཛིན་བྱེད་པ།  དུས་རབས་གསར་པར་བྱས་རྗེས་འཇོག་པ་བཅས་ཀྱིས།  རྩ་བའི་ཐོག་ནས་སྒྱུར་བཅོས་བྱེད་པར་མ་ཟད། སྔར་ལས་ཀྱང་དྲང་བདེན་གསར་གཏོད་བྱེད་དགོས་ལ། བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་ནི་དྲིལ་སྒྲོག་བསམ་བློ་བྱ་བའི་གནད་འགག་གི་རིམ་པ་རུ་བཟུང་སྟེ། རྨང་གཞི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་བྱ་བའི་སྟེང་ཤུགས་འདོན་པ་དང་།  གནད་འགག་དང་འགག་རྩར་ཤུགས་བཏོན་ཏེ། དུས་རབས་གསར་པའི་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བར་ལེ་ཚན་གསར་པ་འབྲི་དགོས། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བར་སྐུལ་འདེད་བྱེད་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ་དང་། ཐུན་མོང་གི་ཕུགས་བསམ་དད་སེམས་བརྟན་པོར་འཛུགས་པ།  དྲང་ཕྱོགས་ཀྱི་དྲིལ་སྒྲོག་ཆེ་ཆེར་སྒྲུབ་པ།  རྣམ་པ་མི་འདྲ་བའི་གཡུལ་ས་ལེགས་པོར་འཛུགས་པ་དང་ལེགས་པོར་བཀོལ་ཏེ། དྲང་བདེན་གྱི་ཁྲོད་དུ་རྒྱུན་ཆད་མེད་པར་གསར་འབྱེད་གསར་གཏོད་བྱེད་ཕོད་པ། དུས་རབས་དང་འཚམ་པའི་ཀུན་སྤྱོད་ལེགས་པོ་སྦྱོང་བརྡར་བྱས་ནས།  བརྟན་པོ་ཅན་དང་དཔའ་མཛངས་རྟུལ་ཕོད་ཅན།  གསར་གཏོད་མཁན་བཅས་ཀྱིས་རྣམ་འགྱུར་ལེགས་པོའི་སྒོ་ནས་དུས་རབས་ཀྱི་ལས་འགན་ལྕི་མོ་འཁུར་དགོས།

        ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོལ་པུའུ་ཡི་པུའ་ཀྲང་ཀྲང་ཞི་མིང་གིས་ཕྱོགས་སྡོམ་གསུང་བཤད་ཁྲོད་ནན་གྱིས་བསྟན་དོན།  ཀྲུང་དབྱང་གི་སྙིང་སྟོབས་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ཡིས་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་ལ། འཛེར་མ་རྡེབ་པ་ལྟ་བུའི་སྙིང་སྟོབས་ཀྱིས་བྱ་བ་སྣ་ཚོགས་བཟུང་ནས། ཏང་གི་གསར་གཏོད་གཞུང་ལུགས་མིའི་སེམས་སུ་སིམ་པར་སྐུལ་འདེད་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་འཁྲི་ལམ་ལུགས་དངོས་འབེབས་བྱེད་པ། གཙོ་རྒྱུགས་ཀྱི་བསམ་བློའི་གླེང་ཕྱོགས་ཇེ་བརྟན་དང་ཇེ་རྒྱས་སུ་གཏོང་བ།  མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་མོ་ཕྲག་ཏུ་ལེན་པའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་རིག་གནས་མཁོ་འདོན་གྱིས་རིགས་སོ་སོའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཡི་རེ་སྒུག་གསར་པའི་འདོད་བློ་ཚིམ་དུ་འཇུག་དགོས་ལ། མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བཤད་པ་དང་མཚོ་སྔོན་གྱི་སྐད་སྒྲ་ཁྱབ་སྒྲོག་བྱས་ནས། འགན་ཁུར་གསར་པ་དང་བྱེད་སྟངས་གསར་པས་བྱ་བའི་རྣམ་པ་གསར་པ་གསར་འབྱེད་བྱེད་དགོས།

        གྲོས་ཚོགས་ཀྱིས《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》(གྲོས་ཞིབ་མ་ཟིན)ལ་གྲོས་བསྡུར་དང་བཟོ་བཅོས་བྱས།ཞིང་ཆེན་རིག་གནས་གསར་འགྱུར་གླེང་ཕྱོགས་དཔེ་སྐྲུན་ཐིན་དང་སྦྲེལ་མཐུད་འཕྲིན་དྲའི་ཆ་འཕྲིན་གཞུང་ལས་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་རླུང་འཕྲིན་དང་བརྙན་འཕྲིན་ཁང་། ཟི་ལིང་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ། མཚོ་ནུབ་ཁུལ་ཏང་ཨུའི་དྲིལ་བསྒྲགས་པུའུ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ། ཀྲུང་གོའི་རྡོ་སྣུམ་མཚོ་སྔོན་སྣུམ་གཏེར་ཡན་ལག་ཀུང་སི་སོགས་ཀྱི་སྡེ་ཁག་དང་སྡེ་ཚན་གྱི་འགན་ཁུར་པ་རྣམས་ཀྱིས་བརྗེ་རེས་གཏམ་བཤད་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1