ཡུལ་སྲོལ་དཔལ་ཡོན་ནི་ཞིང་སྡེ་དར་སྤེལ་གཏོང་བའི་བྱ་བཞག་གཙོ་བོ་ཡིན་པའི་ཆ་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་པ་གཙོ་གནད་དུ་བཟུང་སྟེ། སྲོལ་རྒྱུན་རིག་གནས་དར་སྤེལ་དང་དེང་རབས་དཔལ་ཡོན་གསར་འཛུགས་གཉིས་ཟུང་འབྲེལ་དམ་ཚགས་བྱ་དགོས། ཁྲི་ཀ་རྫོང་རྨ་ཤར་ཞང་ཁྲེ་ཙེ་ཞོལ་མས་རྒྱལ་ཡོངས་དཔལ་ཡོན་སྡེ་བ་བསྐྲུན་རྒྱུ་དམིགས་འབེན་དུ་བཟུང་སྟེ། མི་གཞི་རྩ་བ་དང་མཉམ་འཛིན་མཉམ་བསྐྲུན། དམངས་ལ་བརྟེན་པ། ཕན་འབྲས་དངོས་སྨིན་པའི་གསར་འཛུགས་ཀྱི་མཛུབ་སྟོན་བསམ་བློ་རྒྱུན་འཁྱོངས་དང་། འབད་རྩོལ་ལྷོད་མེད་སྒོས་དཔལ་ཡོན་སྡེ་བའི་འཛུགས་སྐྲུན་བྱ་བ་གཏིང་ཇེ་ཟབ་དང་། ཧུར་ཐག་ངང་རྣམ་པ་གསར་བའི་བླང་བྱ་དང་མི་དམངས་ཀྱི་འདུན་མར་བསྟུན་ནས་དཔལ་ཡོན་སྡེ་བའི་བྱ་བཞག་ལ་རྣམ་པ་གསར་བ་ཞིག་བཏོད།
"འཚོ་བའི་མཛེས་པར"དམིགས་ནས་དོན་དངོས་གཞི་ལ་བཙུགས་ཏེ་འཕེལ་རྒྱས་གཉེར།
རྨ་ཤར་ཞང་ཁྲེ་ཙེ་ཞོལ་མ་ནི་ཁྲི་ཀ་རྫོང་གི་ཆེས་ཆེ་བའི་སྲིད་འཛིན་སྡེ་བ་ཞིག་ཡིན། ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ནི་ཁྲེ་ཙེ་ཞོལ་མའི་ཆེས་ལེགས་པའི་ཆ་ཡིན། སྡེ་བའི"ཨུ་ལྷན་གཉིས"ཀྱི་ཚན་ཁག་གིས་གནས་བབ་ལ་བསྟུན་ནས་ལེགས་པར་སྣེ་ཁྲིད་ཅིང་། མི་དམངས་ངལ་ལས་ཕྱིར་གཏོང་ལ་ཚབ་ཞུགས་བྱེད་པའི་ཧུར་སེམས་སྐུལ་སྤེལ་གང་ལེགས་དང་། མི་དམངས་རྣམས་རྨོ་འདེབས་ཁོ་ན་སྲུང་བ་དང་ས་ཞིང་འགན་གཙང་ལེན་བྱེད་པའི་འཆིང་རྒྱ་ལས་བྲལ་ནས། ཕྱི་ཡུལ་དུ་ཞོར་ལས་གཉེར་ཏེ་ཡོང་འབབ་ཇེ་མཐོར་གཏོང་བར་སྐུལ་འདེད་བྱས། མིག་སྔར། ངལ་ལས་ཕྱིར་གཏོང་མི་ཐེངས19420ལ་སླེབས་འདུག(རང་རེའི་ཞིང་ཆེན་ཕུད་པའི་མི་ཐེངས9620)། ཞོར་ལས་ཡོང་འབབ་སྒོར་ཁྲི18400ལྷག་ལ་སླེབས། མི་རེར་ལོ་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར9000ལྷག་ཡོད། ངལ་ལས་ཕྱིར་གཏོང་གི་ཕན་འབྲས་ཁག་ཐེག་བྱེད་ཆེད་སྡེ་བའི"ཨུ་ལྷན་གཉིས"ཀྱི་ཚན་ཁག་གིས་ཚན་རིག་ལག་རྩལ་ལ་ཤུགས་བསྣན་ཏེ། ལག་རྩལ་གསོ་སྦྱོང་གི་ལས་འགན་ལྕི་མོ་ཕྲག་ཏུ་བླངས་ལ། ཆེད་ལས་མི་སྣ་གདན་འདྲེན་བྱས་ནས་དངོས་སྤྱོད་ལག་རྩལ་འཆད་ཁྲིད་བྱེད་དུ་བཅུག་སྟེ། ཐོན་སྐྱེད་དང་ལས་ཞུགས་སྔར་ལས་ལྷག་པར་འཕེལ་རྒྱས་ཡོང་བར་འགྱུར་མེད་ཀྱི་ཁག་ཐེག་བྱས་ཤིང་རྫོང་ཡོངས་ཀྱི"ཉི་གཞོན་ལས་གཞི"ལག་རྩལ་གསོ་སྦྱོང་ཁྲེ་ཙེ་ཞོལ་མ་ནས་མགོ་བརྩམས། ཉེ་བའི་ལོ་འགར། ཁྲེ་ཙེ་ཞོལ་མས་རིགས་སྣ་ཚོགས་ཀྱི་ངལ་ལས་ཕྱིར་གཏོང་གསོ་སྦྱོང་འཛིན་གྲྭ་ཐེངས200ལྷག་སྤེལ། གསོ་སྦྱོང་བྱས་པའི་མི་ཐེངས769ལ་སོན། དེའི་ཁྲོད་དུ་མི73གྱིས་དམའ་རིམ་བཟོ་བའི་ལག་རྩལ་འོས་ཐོབ་དཔང་ཡིག་ལོན་ཞིང་། མི13གྱིས་འབྲིང་རིམ་བཟོ་བའི་ལག་རྩལ་འོས་ཐོབ་དཔང་ཡིག་ལོན། དེ་ལས་ཕྱི་ཡུལ་དུ་ཞོར་ལས་གཉེར་བའི་མི་སྣར་འབྱོར་ཕྱུག་ཡོང་བའི་ལག་རྩལ་འདུས་ཚད་མཐོར་འདེགས་བཏང་བ་དང་ཆབས་ཅིག་སྡེ་བའི་ཏང་ཀྲི་པུའི་མི་སྣ་སྐོར་ཞིག་གིས་ནན་ཏན་གྱིས་ཞིབ་འཇུག་བྱས་ཏེ། རྫོང་དང་ཞང་་གི་ཏང་ཨུ་དང་སྲིད་གཞུང་གཉིས་ཀྱི་མཐུན་སྦྱོར་ཧུར་ཐག་དང་ཞིང་ཆེན་དང་ས་ཁུལ། རྫོང་གི་སྤྱིའི་བཟོ་ཚོགས་ཀྱི་རྒྱབ་སྐྱོར་འོག་ཏུ། མཚོ་ལྷོ་ཁུལ་གྱི་ཞིང་པའི་བཟོ་ཚོགས་ཐོག་མ་བཙུགས། དེས་སྒྲིག་སྲོལ་དང་འགན་ནུས་འཐུས་ཚང་དང་། ཞིང་བའི་དབང་སྐྱོང་བ་དང་དབང་སྲུང་བའི་འདུ་ཤེས་ཇེ་དྲག་ཏུ་བཏང་ལ། ཞོར་ལས་ལེགས་པར་གཉེར་བར་འགན་སྲུང་བཏོན།
"ཁོར་ཡུག་གི་མཛེས་པར"དམིགས་ནས་ཁྱིམ་གཙང་སྡེ་མཛེས་ཀྱི་ཡིད་ཆེས་བརྟན།
"ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག ཡུལ་སྲོལ་དཔལ་འཛོམས། སྡེ་བ་གཙང་དག དམངས་འཚོ་དོ་དམ"གྱི་མཐོ་སྒང་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་གྱི་དམིགས་འབེན་ལྟར། "མང་ཚོགས་སྡོད་ཁང་ཆ་རྐྱེན་ལེགས་བཅོས་དང་། གྲོང་སྡེ་གྲོང་ཚོའི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་། རྒྱུན་མཐུད་ཐོན་ལས་འཕེལ་རྒྱས། གྲོང་སྡེའི་ཁོར་ཡུག་ལེགས་བཅོས"བཅས་གཙོ་གནད་དུ་བཟུང་ནས་སྒོར་ཁྲི44101མ་དངུལ་བཏང་སྟེ། སྡོད་ཁང་ཆ་རྐྱེན་ལེགས་བཅོས་དང་སྡེ་བའི་སྣང་བརྙན་ལེགས་སྒྲིག རྨང་གཞིའི་སྒྲིག་ཆས་འཐུས་ཚང་གཏོང་བའི་རྣམ་གྲངས་འཛུགས་སྐྲུན་སྤེལ་ལ། སྡེ་བ་རིམ་པའི་སྤྱིའི་རྣམ་པ་ཇེ་ལེགས་སུ་ཐོན། སྤྱི་ཚོགས་རིང་ལུགས་ཞིང་སྡེ་འཛུགས་སྐྲུན་མགྱོགས་མྱུར་དང་བདེ་བླག་ངང་གོང་དུ་སྤེལ། དེར་མཐུད་"མཁར་ལྔ་མཉམ་བསྐྲུན"བྱ་བར་ཟུང་འབྲེལ་བྱས་ནས་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དཔེ་སྟོན་བྱེས་ཏེ་སྡེ་བ་རིམ་པའི་གཙང་སྦྲ་གཅིག་བསྡུས་གད་བརྡར་བྱེད་པའི་བྱེད་སྒོ་སྤེལ། དྲིལ་བསྒྲགས་དང་སློབ་གསོའི་ནུས་ཚད་ཇེ་མཐོར་བཏང་བར་སྡེ་མི་ཡོངས་ལ་གཙང་སྦྲར་དགའ་བ་དང་གཙང་སྦྲར་དོ་སྣང་བྱེད་པའི་གོམས་གཤིས་བཟང་པོ་ཞིག་ཆགས་པར་ཁྲིད་སྟོན་བྱས། ངེས་གཏན་མེད་པའི་སྒོ་ནས་སྡེ་བ་རིམ་པའི་ཁོར་ཡུག་གཙང་བཅོས་བྱ་བར་ཞིབ་བཤེར་ལྟ་སྐུལ་ཚན་ཆུང་བཙུགས་ཤིང་སྡེ་བ་ཡོངས་ཀྱི་ཁོར་ཡུག་ལ་དཔྱད་བསྡུར་བྱས་ནས་ཁོར་ཡུག་གཙང་སྦྲའི་བཅོས་སྐྱོང་ཐག་གཅོད་བརྩི་སྲུང་མི་བྱེད་པའི་ཞིང་པའི་ཁྱིམ་ཚང་དག་ལ་སྡེ་བ་ཧྲིལ་བོའི་རྒྱང་སྒྲོག་ནང་ནས་བརྡ་ཁྱབ་སྤེལ་ནས་སྐྱོན་བརྗོད་སྤེལ་བའི་བྱེད་ཐབས་ལག་ཏུ་བསྟར་ཏེ། སྡེ་བ་ཡོངས་ཀྱི་སྡེ་མི་རྣམས་ཀྱིས་རང་འགུལ་གྱིས་ཁོར་ཡུག་གཙང་སྦྲ་བྱེད་པའི་གོམས་གཤིས་བཟང་པོ་ཞིག་ཆགས་པར་བྱས། དེ་བས་ཁྲེ་ཙེ་ཞོལ་མས་སྤྱིའི་རྣམ་པ་སྔར་ལས་ཇེ་ལེགས་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཡང་སྔར་ལས་ལྷག་པར་མཐོར་འདེགས་བྱུང་།
"མི་ཆོས་ཀྱི་མཛེས་པར"དམིགས་ནས་ལེགས་དཔྱད་དཔེ་སྟོན་གྱི་མཛེས་ཉམས་ངོམ།
སྔོན་ལ་སྡེ་སྲོལ་དམངས་ཆིངས་དང་དཀར་དམར་རྒྱུན་ལས་ལྷན་ཚོགས། ཀུན་སྤྱོད་དཔྱད་བརྗོད་ཚོགས་པ། སྡེ་མིའི་གཞུང་དོན་གྲོས་བསྡུར་ལྷན་ཚོགས་སོགས་ལམ་ལུགས་རབས་དང་རིམ་པ་ལག་ཏུ་བསྟར་ཞིང་། སྡེ་མིའི་ཟབ་ཞུགས་དང་དཔྱད་འཇོག ཚབ་ཞུགས་དང་འདེམས་བསྐོ། འདེམས་བསྐོ་དང་གཏན་འབེབས་བཅས་ལ་ཤུགས་བསྣན་ནས། ཡུན་རིང་བའི་རྒྱུན་རྣམ་རང་བཞིན་གྱི་དོ་དམ་བརྒྱུད་དེ་ཞིང་བ་རྣམས་ཀྱིས་རང་ཉིད་ཀྱིས་རང་ཉིད་ལ་སློབ་གསོ་དང་དོ་དམ་བྱེད་པ། མཐོར་འདེགས་གཏོང་བ་བཅས་དངོས་ནས་མངོན་འགྱུར་ཡོང་བར་སྣེ་ཁྲིད་ཅིང་། ཧུར་ཐག་ངང་དཔེ་བཟང་འདེམས་བསྐོའི་བྱེད་སྒོ་གང་མང་སྤེལ། ད་ལྟའི་བར་དུ། སྡེ་བ་ཡོངས་ལས"སྒྱུག་མོ་བཟང་བ་དང་མནའ་མ་བཟང་བ། ཁྱིམ་མཚེས་བཟང་བ"བཅས་མི་8དང་། སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང30འདེམ་ཐོན་བྱུང་ཡོད། སྡེ་མིའི་ལྷན་ཚོགས་དང་མང་ཚོགས་བཞུགས་མོལ་ཚོགས་འདུ་འཚོགས་པ། སྡེ་དོན་སྤྱི་བསྒྲགས་སྒྲོམ་བྱང་། ཁ་པར་བརྡ་འཕྲིན་སོགས་ཀྱི་རྣམ་པ་བརྒྱུད་ནས"བརྩོན་ལྡན་ཕྱུག་འགྱུར་དང་། གཞུང་བཟང་སྤྱོད་གཙང་། འབད་འཐབ་ཕོད་པ"བཅས་སྡེ་སྲོལ་དམངས་ཆིངས་དང་ཁྱིམ་སྲོལ་གདམས་ངག་ཁྲོད་མངོན་ཏེ་ཁོར་ཡུག་ལེགས་པོ་ཤུགས་ཆེར་བསྐྲུན། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་དང་ཧུར་ཐག་ངང་བསམ་པའི་དཔལ་ཡོན་བསྐྲུན་པའི་ལས་དོན་ཁྲོད་དུ་རྒྱལ་ཡོངས་ཀྱི་ངལ་རྩོལ་མིག་དཔེ་རིན་ཆེན་སྐྱིད་མངོན་པར་གསལ། ཁོ་མོའི་རང་ཉིད་ཀྱི་བློ་རིག་དང་བརྩོན་པར་བརྟེན་ནས་ཉེ་འགྲམ་གྱི་སྡེ་མིའི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་འགྱུར་ལ་གོམ་ཁ་ཕྱོགས་ཤིང་། ཞིང་སྡེ་ནི་རྔུལ་ཆུ་གཏོར་ས་དང་རང་ཉིད་ངོམ་སའི་གར་སྟེགས་སུ་བསྒྱུར།
"འཆམ་མཐུན་གྱི་མཛེས་པར"དམིགས་ནས་རིག་གནས་ཤུགས་ཆེར་སྤེལ་ཅིང་སྲོལ་གསར་བཙུགས།
ཁྲེ་ཙེ་ཞོལ་མས་ཤུགས་ཆེན་པོས་ཡུལ་སྲོལ་དཔལ་ཡོན་འཛུགས་སྐྲུན་དང་མང་ཚོགས་རིག་གནས་བྱ་འགུལ་གཉིས་དམ་པོར་ཟུང་དུ་སྦྲེལ། ཞིང་སྡེའི་རིག་གནས་སློབ་གསོ་ཤུགས་སྣོན་དང་སྤྱི་སྤྱོད་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་བཏང་སྟེ། སྡེ་བ་རིམ་པའི་བྱ་འགུལ་སྟེ་གནས་སུ་དཔེ་ཁང་བཙུགས་ཏེ། རིག་གནས་བྱེད་སྒོ་སྤེལ་ཞིང་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་ལེན་དང་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་། ཁྲེ་ཙེ་ཞོལ་མས་རིག་གནས་ཚོགས་པ་དང་རོལ་མོ་འཁྲབ་སྟོན་རུ་ཁག་བཙུགས་ནས་འབད་ཐག་སྒོས"ཁྲེ་ཙེ་ཞོལ་མའི་ཞིང་སྡེའི་གར་སྟེགས་ཆེན་པོ"བསྐྲུན། རིག་གནས་གར་སྟེགས་བརྒྱུད་དེ་ཟླ་རེར་མང་ཚོགས་རིག་གནས་བྱ་འགུལ་སྤེལ་ཏེ། བྱ་འགུལ་གྱི་མི་རྣམས་སྣེ་ཁྲིད་དང་། རིག་གནས་ཀྱི་མི་གསོ་སྐྱོང་བྱེད་པ་གཟེངས་སུ་ཐོན་པར་བྱས་ཤིང་གཡུལ་སའི་རྩིབས་འཕྲོས་ནུས་པ་དང་དབུ་ཁྲིད་ནུས་པ་འདོན་སྤེལ་བྱས། ད་ལོར་དུས་ཆེན་གཙོ་བོའི་མཛད་སྒོ་དང་ཐང་ཆེན་རིག་རྩལ་འཁྲབ་སྟོན། རིག་གནས་འབྲེལ་འདྲེས་སོགས་མང་ཚོགས་རིག་གནས་བྱ་འགུལ་ལྔ་བཅུ་ལྷག་སྤེལ་ལ། དུས་ཆེན་རེ་རེར་བརྗོད་གཞི་ལྡན་པའི་བྱ་འགུལ་དང་ཟླ་རེ་རེར་ཁྱད་ཆོས་ལྡན་པའི་བྱ་འགུལ། གཟའ་རེ་རེར་ར་བསྐོར་བྱ་འགུལ། ཉིན་རེ་རེར་ཐང་ཆེན་བྱ་འགུལ་བཅས་ཡོད་པར་བྱས། རྣམ་པ་སྣ་ཚོགས་ཀྱི་རིག་གནས་བྱེད་སྒོ་བརྒྱུད་དེ། སྡེ་བའི་སྣང་བརྙན་གྱི་འགྱུར་ལྡོག་དང་ཞིང་སྡེའི་རིག་གནས་ཀྱི་དར་རྒྱས། སྡེ་མིའི་གཤིས་རྒྱུད་མཐོར་འདེགས་ལ་སྐུལ་འདེད་ཆེས་ཆེར་བྱས།
ཁྲི་ཀ་རྫོང་ཨུའི་རྩ་འཛུགས་པུའུ།
བསམ་གྲུབ་ཀྱིས་བརྩམས།