འཁྱག་སྒམ་ནང་གི་དྲི་ངན་སེལ་ཐབས་འགའ་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-08


འཁྱག་སྒམ་ཡུན་རིང་བེད་སྤྱོད་བྱས་རྗེས་དྲི་ངན་ཡོད་སྲིད་པས།  དུས་ཐོག་ཏུ་ཆེད་སྤྱོད་ཀྱི་དྲི་ངན་སེལ་བྱེད་སྨན་རྫས་བླུགས་དགོས་པའམ་གཙང་མར་འཁྲུད་པ་ཕུད།  ད་དུང་བྱ་ཐབས་འགའ་ཡོད་པ་གཤམ་གསལ་ཏེ།

1.མེས་ཚིག་ཟིན་པའི་རྡོ་སོལ་དམིག་ཚག་ཅན་མི་ཆག་པར་ཕྱིར་བཏོན་ནས་འཁྱག་སྒམ་ནང་ཉིན་གཉིས་གསུམ་བཞག་ན་དྲི་ངན་སེལ་ཐུབ།

2.སྐྱུར་སྙལ་གྲོ་ཞིབ་ལྷག་མ་ཕོར་པའི་ནང་བླུགས་ཏེ་འཁྱག་སྒམ་གྱི་འཁྱག་གཏོང་སའི་བང་ཁྲིའི་སྒང་དུ་ཟླ2ནས3བར་བཞག་ན་དྲི་ངན་སེལ་ཐུབ།

3.སེང་རས་ནང་ཇ་ལོ་ཁེ50ཙམ་གཅུད་དེ་འཁྱག་སྒམ་ནང་བཞག་ན་དྲི་ངན་སེལ་ཐུབ་ལ།  ཟླ་བ་གཅིག་ཙམ་སོང་རྗེས་ཇ་ལོ་དེ་ཉི་མར་བསྐམས་ནས་ཡང་བསྐྱར་བཀོལ་སྤྱོད་བྱེད་ཆོག

4.སྲིང་བལ་གྱིས་བཟོས་པའི་ཨ་ཅོར་གཙང་མ་ལྟེབ་རྩེག་བརྒྱབ་ནས་འཁྱག་སྒམ་གྱི་བང་ཁྲིའི་སྟེང་དུ་བཞག་ན།  ཨ་ཅོར་གྱིས་དྲི་ངན་སེལ་ཐུབ་ལ།  དུས་ཚོད་ངེས་ཅན་སོང་རྗེས་ཨ་ཅོར་ཆུ་དྲོད་འཇམ་གྱིས་བཀྲུས་ནས་བསྐམས་རྗེས་ཡང་བསྐྱར་བཀོལ་སྤྱོད་བྱེད་ཆོག

5.ཚ་ལུ་མའི་ཤུན་པ་གཙང་མར་བཀྲུས་ནས་བསྐམས་རྗེས།  འཁྱག་སྒམ་ནང་དུ་བཞག་ན་དྲི་ངན་སེལ་ཐུབ།།

རྒྱུན་དུ་ཐ་མག་འཐེན་ན་གློ་བའི་འབྲས་སྐྲན་དང་དལ་གཤིས་གློ་བའི་འགག་ནད་འབྱུང་སླ་བ་ཀུན་གྱིས་ཤེས་མོད། འོན་ཀྱང་དེས་སྙིང་གི་ཁྲག་རྩའི་ནད་སློང་བ་ཚང་མས་ཤེས་ཀྱིན་མི་འདུག  ཆེད་མཁས་པས་བཤད་པ་ལྟར་ན། ཐ་མག་འཐེན་ན་སྙིང་གི་ཁྲག་རྩའི་ནད་འབྱུང་བ་དང་སློང་བའི་ཉེན་ཁ་ཧ་ཅང་ཆེ་བས། ནད་འདིའི་རིགས་ཡོད་པའི་ནད་པ་རྣམས་ཀྱིས་ཐ་མག་གཅོད་རྒྱུ་གལ་ཆེ།

ཐ་མག་གི་ནང་དུ་ཐ་མག་གི་བ་ཚྭ་སོགས་ཀྱི་དུག་རིགས་སྣ་ཚོགས་འདུས་པས། ཁྲག་རྩའི་ནང་ངོས་ལ་གནོད་འཚེ་ཆེན་པོ་ཐེབས་ཤིང་། ཁྲག་རྩ་རེངས་འཁུམ་བྱུང་སྟེ་སྙིང་གི་ལྡིང་ཚད་ཇེ་མགྱོགས་དང་ཁྲག་ཤེད་དང་མཁྲིས་རྒྱུ་གཤེར་རྩི་ཇེ་མཐོར་སོང་ནས། ཁྲག་རྒྱུན་དཀག་རྡོག་འབྱུང་ཉེན་ཆེ་ཞིང་། འཕར་རྩ་འཇམ་འདྲའི་སྲ་འགྱུར་འབྱུང་སླ་བ་རེད། གལ་ཏེ་འཇམ་འདྲའི་སྲ་འགྱུར་ཁྲ་རྡོག་རལ་བའམ་ཡང་ན་གོག་ན། དུས་ཡུན་ཐུང་ངུའི་ནང་ཁྲག་རྩ་འགགས་ནས་མྱུར་གཤིས་སྙིང་རྩའི་ཁྲག་འགག་ནད་དང་ཡང་ན་གཟའ་གྲིབ་ཕོག་སྟེ། ཚེ་སྲོག་ལ་ཉེན་ཁ་འབྱུང་བ་རེད།  རྒྱུན་དུ་ཐ་མག་འཐེན་ན་སྙིང་གཟེར་ནད་དང་སྙིང་གི་འཕར་ལྡིང་མི་མཉམ་པ། ཁང་འདར་སོགས་ཀྱི་ནད་རིགས་མང་པོ་འབྱུང་བར་མ་ཟད། ཉེ་འགྲམ་གྱི་མིས་རྒྱུན་དུ་ཐ་མག་འཐེན་ནའང་སྙིང་གཟེར་ནད་པར་གནོད་འཚེ་ཆེན་པོ་ཡོད་པ་རེད། ཆེད་མཁས་པས་སྔོན་ཆད་སྨན་བཅོས་བྱས་མྱོང་བའི་བཟའ་ཟླ་རྒན་པ་གཉིས་ལ་མཉམ་དུ་སྙིང་གཟེར་ནད་བྱུང་བ་དང་། དེ་ནི་ཁྱོ་གས་ལོ་ངོ་མང་པོའི་རིང་ཐ་མག་འཐེན་པར་འབྲེལ་བ་དམ་པོ་ཡོད། ཞིབ་འཇུག་ལས་མངོན་པ་ལྟར་ན། ཁྱོ་གས་རྒྱུན་དུ་ཁྱིམ་ནས་ཐ་མག་འཐེན་ན་ཆུང་མར་སྙིང་གཟེར་ནད་འབྱུང་བའི་ཉེན་ཁ་ཤིན་ཏུ་ཆེའོ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1