ཀྲི་ཅ་ཀོ་ལ་ཞུས་སློབ་ཆེན་གྱི་ཞིབ་འཇུག་གསར་ཤོས་ཤིག་ལས་མངོན་པ་ལྟར་ན། མིའི་ཤེས་རྟོགས་ནུས་པ་ནི་ན་ཚོད་ཇེ་ཆེར་སོང་བ་དང་བསྟུན་ནས་རང་བྱུང་གིས་ཉམས་དམས་སུ་འགྲོ་བཞིན་ཡོད། གལ་ཏེ་ཉིན་རེར་ལྗང་ལོ་སྔོ་ཚལ་ཟོས་ན་དྲན་ཤེས་དང་བསམ་གཞིག་གི་ནུས་པ་རྒྱུན་འཁྱོངས་བྱེད་པར་ཕན།
ལ་ཞུས་སློབ་ཆེན་གྱིས་ཨ་མེ་རི་ཁའི་དབང་རྩ་ནད་རིགས་སློབ་ཚོགས་ཀྱི《དབང་རྩའི་ནད་རིགས》དུས་དེབ་ཐོག་ཏུ་ཁྱབ་སྒྲོག་བྱས་པའི་ཞིབ་འཇུག་ལྟར་ན། ཁོ་ཚོ་རུ་ཁག་གིས་མི་རྒན་པ་སྟོང་ཕྲག་ལྷག་གི་བཟའ་བཏུང་ལ་དུས་ཡུན་ལོ་བཅུའི་རིང་རྗེས་སྙེག་བྱས་པ་ལས་ཐོབ་པའི་ཞིབ་འཇུག་གི་མཇུག་འབྲས་ནི། ཉིན་རེར་ཉུང་མཐའ་ཡང་མདོག་ནག་པའི་འདབ་ལྡན་སྔོ་ཚལ་རིགས་བཟའ་བའི་རྒན་པ་དག་གི་ཤེས་རྟོགས་ནུས་པ་ལོ11ཙམ་གྱིས་ཇེ་བཟང་དུ་སོང་བར་མ་ཟད། ད་རུང་དྲན་ཤེས་དང་བསམ་གཞིག་གི་ནུས་པ་ཉམས་པའི་མྱུར་ཚད་ནི་སྔོ་ཚལ་མི་བཟའ་བའི་རྒན་རྒོན་དག་ལས་དལ།
ཡང་བཤད་ཚུལ་གཞན་ཞིག་ཡོད་པ་ནི་རྩོམ་པ་པོའམ་འཚོ་བཅུད་ཆམ་རིམས་ནད་ཀྱི་ཆེད་མཁས་པ་མ་ཧྲ་ཁོ་ལའེ་ཨེར་མོ་ལི་སིས་བཤད་པ་ལྟར་ན། མིའི་ཀླད་པའི་བདེ་ཐང་ལ་གནོད་པའི་རྒྱུ་རྐྱེན་མང་པོ་ཞིག་ཡོད་དེ། དཔེར་ན། མཚོ་ཟས། ཆང་འཐུང་བ། ཐ་མག་འཐེན་པ། ཁྲག་ཤེད་མཐོ་བ། ཚོན་པོ། སློབ་གསོའི་ཆུ་ཚད། ལུས་ཀྱི་འགུལ་ཚད་ལ་སོགས་པ་ཡོད། ཞིབ་འཇུག་མཇུག་འབྲས་ལས་མངོན་པ་ལྟར་ན། ལྗང་ལོ་སྔོ་ཚལ་ཟོས་ན་ཀླད་པའི་རྒས་ཚད་ཇེ་དལ་དུ་འགྱུར་བའི་ངེས་པ་མེད་རུང་། དེ་གཉིས་ཀྱི་བར་ལ་འབྲེལ་བ་དམ་ཟབ་ཡོད།།