འདི་ནི་བརྒྱད་ཟིལ་རྫོང་གི་སློབ་གྲྭ་རེད།
འདི་ནི་ལུས་པོ་ཤིན་ཏུ་ཆེ་བའི་བརྒྱད་ཟིལ་འབྲི་གཡག་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོ་ནས་བཟུང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བརྒྱད་ཟིལ་རྫོང་ཏང་ཨུ་དང་། རྫོང་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཆེ་ཤོས་དང་། དམངས་འཚོའི་ལས་གཞི་ཆེ་ཤོས། འཕེལ་རྒྱས་ཀྱི་གོ་སྐབས་ཆེ་ཤོས་སུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། གཙོ་གནད་རོགས་སྐྱོར་དང་ཞིང་འབྲོག་མང་ཚོགས་ཀྱིས་མུ་མཐུད་འབབ་འཕར་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་དང་། གནད་ཕིགས་དབུལ་སྐྱོར་དང་ཐོན་ལས་དབུལ་སྐྱོར་ཕན་ཚུན་ཟུང་འབྲེལ། དུད་ཚང་རེར་གནད་སྨིན་ཐུབ་པ་དང་ཚོགས་སྤྱི་རེར་གནད་སྨིན་ཐུབ་པ་ཟུང་འབྲེལ་བྱས་ཤིང་། དེ་བཞིན“སྤྱིའི་འཆར་འགོད་དང་། སྔོན་ཚུད་ནས་ལག་བསྟར། ཞན་ཆ་ཁ་གསབ། འབབ་འཕར་ལ་དམིགས་པ”བཅས་ཀྱི་བསམ་ཕྱོགས་ལ་གཞིགས་ནས་བྱ་ཐབས་སྣ་མང་སྲ་བརྟན་དུ་བཏང་སྟེ་དབུལ་ཐར་མཁྲེགས་གཏོར་ཐད་ཕན་འབྲས་མངོན་གསལ་བླངས་པ་རེད།
2018ལོའི་ཟླ12པའི་ཚེས31ཉིན་གྱི་ཚུན་དུ། བརྒྱད་ཟིལ་རྫོང་གི་དུད་ཚང1890དང་དབུལ་ཕོངས་མི་འབོར6985ཡོངས་སུ་དབུལ་ཐར་བྱས་ཏེ། དབུལ་ཕོངས་གྲོང་ཚོ19ཕྱིར་འགྲོལ་བ་ངོས་འཛིན་བྱས། བརྒྱད་ཟིལ་རྫོང་གི་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བྱུང་བ་དེ་གཙོ་བོ་རྫོང་དེ་གའི་ཏང་འཛུགས་སྐྱོང་དང་། ཐོན་ལས། སློབ་གསོ་གསུམ་གྱི་ཐད་ཐབས་ཇུས་ལེགས་པོ་བེད་སྤྱོད་བྱས་པར་རག་ལས་ཡོད་དེ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་པ་བརྒྱུད“ཞན་ཆ”ལེགས་ཆར་འགྱུར་བར་སྐུལ་འདེད་བྱས། ལྷག་པར་དུ“མེ་ཏོག་སེར་པོ་ལྔ+”ལངས་གཟུགས་ཐོན་ལས་འཕེལ་རྒྱས་སྒྲིག་གཞི་བཙུགས་པ་དེས་དབུལ་ཕོངས་དུད་ཚང་ལ་རོགས་རམ་བྱས་ནས་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བགྲོད། བརྒྱད་ཟིལ་རྫོང་གིས་དབུལ་ཕོངས་གྲོང་ཚོར་ཐོན་ཁུངས་དང་། ས་གཞི། ངལ་རྩོལ་ནུས་ཤུགས་ཡོད་མོད། འོན་ཀྱང་མ་དངུལ་དང་། ལག་རྩལ། འཇོན་མི་དཀོན་པའི་གནད་དོན་ལ་དམིགས་ནས“ཚོགས་སྒྲིག+བསྡམས་སྒྲིལ”ཀྱི་ལམ་ལུགས་བཙུགས་ནས་ཕྱུག་འགྱུར་གྱི་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། དཀར་མཛེས་བོད་ཁུལ་གྱི་ཤིན་ཏུ་དབུལ་བའི་རྫོང་གི་ཐོན་ལས་དབུལ་ཐར་གྱི་སྣེ་ཁྲིད་པ་རུ་གྱུར་ཡོད།