ལི་ཁྲང་ཕིང་སི་ཁྲོན་སྲིད་གྲོས་ཀྲུའུ་ཞི་གཞོན་པར་བདམས།
རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-21
གྲོས་རིམ་ཁག་བདེ་ལེགས་ངང་མཇུག་སྒྲིལ་རྗེས། སྤྱི་ཟླ་དང་པོའི་18ཉིན་གྱི་ཕྱི་དྲོར་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཁྲེན་ཏུའུ་རུ་མཇུག་སྒྲིལ།
མཇུག་སྒྲིལ་བའི་ཚོགས་འདུ་སྔོན་གྱི་འདེམས་བསྐོའི་ཚོགས་ཆེན་ཐོག ལི་ཁྲང་ཕིང་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་པ་དང་། ལིའུ་ཅན་མིང་དང་ལིའུ་སི་ཁྲོན། ཞའོ་ཅན་ཧྲུའུ། ཁྲེན་ཆོན་བཅས་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དུ་བདམས།།