ངས་སྒེའུ་ཁུང་གི་ཤེལ་ངོས་སུ་བབས་པའི་སྦྲང་ནག་ཅིག་ལ
འཇིག་རྟེན་འདི་ནས་ཆོས་དགེ་བ་བསྒྲུབ་དགོས
རྒྱུ་མཚན་ནི
འཇིག་རྟེན་འདི་ནས་ཚེ་ཚད་རྫོགས་རྗེས
ཚེ་ཕྱི་མ་ཞེས་པ་ཞིག་ལ་འགྲོ་དགོས་ལ
དེ་ནས དགེ་ལས་ལྕི་ན་དག་ཞིང་དང
སྡིག་ལས་ལྕི་ན་དམྱལ་བར་འགྲོ་དགོས་ཞེས་བཤད
སྦྲང་ནག་གིས་ང་ལ
དག་ཞིང་ཞེས་པ་ནི་འཇིག་རྟེན་དཀར་ངོགས་ཤིག་རེད
དེ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་རང་དབང་གིས་ལོངས་སྤྱོད་བྱས་ཆོག
དམྱལ་བ་ཞེས་པའང་འཇིག་རྟེན་དཀར་ངོགས་ཤིག་རེད
དེ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་སེམས་ཀྱིས་མྱོང་བ་ཙམ་ཡིན
དག་ཞིང་དང་མི་འདྲ་ས་ནི
རང་དབང་ལ་བརྩོན་ཅིང་འབད་པའི་མཐར
རེ་བ་དང་དཀའ་སྡུག་གི་ཁྲོད་ནས་སྡུག་ཤི་རྒྱག་དགོས་པ་དེ་རེད་ཟེར
ངས་སྦྲང་ནག་ལ
དེ་བས་འཇིག་རྟེན་དཀར་ངོགས་ན་འཚོ་དུས
གཞན་ཕན་དང་སྙིང་རྗེ་སོགས་དགེ་ལས་ཅི་ནུས་སུ་བསྒྲུབ་དགོས་ཞེས་བཤད
སྦྲང་ནག་གིས་ང་ལ
ཁ་དྲོ དེས་ན་ཁྱེད་ཀྱིས་གཞན་ཕན་དང་སྙིང་རྗེའི་སེམས་བསྐྱེད་དེ
ང་རང་འཚམས་པོར་སྒེའུ་ཁུང་གི་ཕྱི་རོལ་ལ་གཏང་རོགས་ཟེར
༢༠༡༧ལོའི་ཟླ༡༡པའི་ཚེས༡༩ལ་གཏེར་ལམ་ནས་བྲིས།