སྤང་ཐང་སྐམ་པོ་ཞིག་ལ་ཁ་ཆུ་བླུགས་ནས
མེ་ཏོག་འདྲ་བའི་མཛེས་སྡུག་ཅིག་བཞད་པར་བསྒུགས
ཁྱོད་ཀྱིས་ཨ་མ་དང་ཕ་ཡུལ་ངོ་ཤེས་ནས
ཞོགས་པའི་ཁ་བ་རུམ་ལ་བཅུག་པར་དགའ་ཟིན
ཨ་མས་མི་རིག་སར
ཐལ་བའི་དམག་འཁྲུག་ནང་ཁྱོད་ཐེ་ལ
ཨ་ཕས་མི་མཐོང་སར
ཕུ་ཐུང་སྣེ་མོར་འཇུ་མཁན་དེ་ཁྱོད
སེམས་པ་ནི་རྡོ་ཡིན་ལ
རྡོ་ཐོག་གི་བ་མོ་ཡང་འདྲ
ཉི་འོད་ཀྱི་ལྷན་པ་འགའ་རྡོ་ལ་བསྐོན་རྗེས
ཁྱོད་ཀྱིས་ཧ་གོ་སའི་ནམ་མཁའ་ཆུང་ཆུང་གི་ཕྱི་ནང
བ་མོ་བཞུས་པའི་རློན་ཐིགས་མངོན་ལ
རྡོག་སྒྲ་མེད་པའི་སེམས་པ་ལྷད་མེད་ཅིག་གིས་ལྟ་ལ་རེ
བྱིས་པ་ནི་ཧ་ཅང་མཐོ
འཕུར་འདོད་པའི་གཤོག་པ་རྨི་ལམ་དང་དྲུབས་ནས
མཁའ་དབྱིངས་ལ་ལྡིང་མྱོང
2017.12.23