གླག་མོ།—དགེ་རྒན་དཔལ་མོར་ཕུལ་བ།
སྨག་ཚང་གསང་མྱུལ།(རྔ་བ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
བུགས་ཧལ་ཧལ་ངང
སྤྲིན་པའི་བར་སྣང་ལ་རྒྱུ་དུས
སྔོ་བསངས ཁྱེད་ཀྱི་གཤོག་སྣེ་རུ་བརྒྱངས་འདུག
མུན་པ་སླེབས་ནའང
སྡེར་མོའི་ནང་གི་དབལ་ཤད་ཇེ་རྣོ་ལ་འགྲོ
སེམས་ནང་གི་དུས་ཚོད་མཁྲེགས་པར་ཆགས
བྱིའུ་ཁྱུ་སྤྲིན་དང་འདྲེས་དུས
བར་སྣང་གི་ནམ་མཁའ་ཁོ་ན
གླག་མོའི་རྗེས་སུ་འདུ
བསམ་པ་དང་ཉི་ཟེར་ཡང་འབྲལ་དུ་མེད
ངས་ཐག་སྣེ་ནས་བཏང་བའི་ཤོག་བྱ་དེ
གླག་མོའི་ལྟོ་ལ་ཁེལ རླུང་གིས
ངའང་གླག་མོའི་གཤོག་འོག་གི་ཕྲུ་གུ་དང་མཚུངས