ཇ་རྐྱང་འཁྱག་པ་ཞིག་ལྟར་བཞག་པའི་ཁྱོད།
རྩེ་སྲས་ཨ་རྡོ།(རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
ང་ཚོས་རང་རང་གི་གཏམ་རྒྱུད་གཅེེར་བུ་དག་ཁུར་ཡོང་སྟེ
སྐྱོ་སུན་གྱིས་བཞུས་ཤུལ་གྱི་ཆང་ཁང་འདི་རུ་འཛོམས་ཤིང
གློ་ཁུག་ཏུ་བཅུག་སྟེ་ཡུན་རིང་འགོར་བའི
རང་གི་བརྩེ་བ་རེ་རེའི་ཁ་དོག་དཀར་ནག་དག་ཕྱི་རུ་བླངས
དུས་ཚོད་ཀྱི་མལ་ཁྲི་ལས་བཞུར་བའི་རྨི་ལམ་རུལ་བ་དག་ལས
འདས་ལོག་གི་གར་མ་དང་དེ་དག་གི་ངོ་འབག་ལྷུང
སྲོད་ཀྱི་རྨ་ཁར་འཛུམ་པའི་སྦྲ་ནག་གི་དུ་བས
བུ་མོ་ཞིག་གི་སེམས་ཁ་བཞིན་ལུས་པའི་སྟོང་བ་དག་ལ་འཁྱུད་ཅིང་འཐམ
སྐབས་དེའི་རོལ་དབྱངས་ཁ་ཤས་ཁྲག་དམར་གྱི་ཚུལ་གྱིས་བཞུར་ཏེ
ངའི་ཡིད་སྣང་གི་ཡུལ་ལྗོངས་ཧྲིལ་པོ་བསྲེག་པར་རྩོམ
ངས་རང་ཉིད་ཀྱི་རྣམ་ཤེས་ཕྱེད་ཀ་སྡོད་ཤག་ནང་བཅུག་སྟེ
ཡི་གེའི་གཟུགས་དང་ངལ་དུབ་ཀྱི་མཆོད་པ་བཤམས
ཁྱོད་ཁོ་ན་མི་དྲན་སྤྱད་ལ
ངས་གློག་གཟིམས་ཤིང་རང་གི་སྨྲ་བ་བསྡམས
ཕྱི་རོལ་གྱི་འུར་ཟིང་དང་འཛེར་སྒྲ་ཡོད་ཚད
སྒྱུ་མའི་འགྱིག་ཁུག་ཏུ་བཅུག་སྟེ་ཐབ་ཁུང་ནང་བརྫངས
༡༠༡༧.༡༠.༡༤ཉིན་རང་ཤག་ཏུ།