གཏམ་རྒྱུད།

གསའ།(རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


མུན་པ་ལེབ་མོ་འདི

ཁྱོད་ཀྱི་ལག་ཟུང་འཁྱགས་པ་དེ་ལས་གྲུབ

ཞོགས་པའི་ཉི་ཟེར་འདི

ང་ཡི་གདུང་བའི་ཚ་གྲང་ལས་སྐྱེས

ཁྱོད་ཀྱིས་གོམ་པ་ཡང་མོ་སྤོ་ཞོར

གཉིད་མ་སད་ཀྱི་མི་ཞིག་ལ་ཟླ་འོད་བསྟན

ངས་ཀྱང་ལག་པ་དལ་མོར་བཀྱགས་ནས

མུན་པའི་ནང་གི་མི་ཞིག་ལ་འཕྲིན་ཡིག་བྲིས

མཐར འུ་གཉིས་ཀས

ཅི་ཡང་མི་སྨྲ་བར

རང་རང་ས་ནས་ཁ་རོག་གེར་བསྡད

2017.12.25


རྩོམ་ཡིག་སྔོན་མ།
སྙན་ངག་ནང་གི་གཏེར་ལེན་ཁ།
རྩོམ་ཡིག་རྗེས་མ།
ཕ་ཡུལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1