སྲོག་གིས་མདུད་པའི་མི་དེ།

མདའ་བཙན་པོ།(རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


ཆར་བའི་ནང་གི་ཡིག་འབྲུ་རློན་པ་བཞིན

ང་ཡི་ལྕེ་ཐོག་ཏུ་སིམ་བྱུང

མེ་ལྕེའི་གསེབ་ཀྱི་ཁྲག་གི་ཐིགས་པ་བཞིན

ང་ཡི་སྲོག་གསེབ་ཏུ་མཆེད་བྱུང

གྲིབ་མ་ལྟར་དྲུད་ནས་སོང་རུང

མདོག་ནི་མི་འགྱུར་ཟད་ཀྱང་མི་སྲིད་དོ

ཉིན་མཚན་ལྟར་བརྒྱུས་ནས་བསྲིངས་རུང

སྐྱ་ནི་མི་བཤིག་ཆད་ཀྱང་མི་དཔེ་འོ

བར་སྟོང་དང་དུས་ཚོད་ཀྱི་རྩེད་མོ

མིག་གིས་མ་ཟིན་ལག་པས་མི་རེག་མོད

དབུགས་རྔུབ་པ་ཙམ་གྱིས

ཁྱེད་ནི་ལུ་གུ་བཞིན་དུ་ལྡིང་བའི

སྙིང་དང་ལྷན་དུ་འདུག་པ་ཚོར



རྩོམ་ཡིག་སྔོན་མ།
བུད་མེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1