སྒྲོན་མེ།

བདེ་སྐྱིད་སྒྲོལ་མ།(མཚོ་ནུབ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


མཚན་མོ་དེར

ཨ་མའི་ནུབ་ཇའི་བྲོ་བ་མྱོང་ཞོར

ཨ་ཕའི་གོ་འདབས་ཀྱི་གཏམ་རྒྱུད་ལ་ཉན་དུས

ངས་སྒྲོན་མེ་ཡུན་གྱིས་འབར་ནས་དལ་གྱིས་མ་གཟིམ་ན་འདོད

ཐབ་ཀྱི་མེ་ཕུང་དེ་སྒྲོན་མེ་ལས་གསལ་ནའང

འཛུམ་དཀར་གྱི་འོད་ཕུང་ཕྲ་མོ

སྦྲ་ནང་གི་ནང་མི་ཚོའི་ངོ་གདོང་ལ་ཕོག་དུས

ངས་སྒྲོན་མེ་ཤུགས་ཀྱིས་འབར་ནས་ཡུན་གྱིས་མ་གཟིམ་ན་འདོད

མཚན་མོ་དེར

སྦྲ་ནག་གི་འཚོ་བ་སེམས་ལ་རུམ་ནས

སྦྲ་ནང་ལ་འཕྲོས་པའི་སྒྲོན་མེ་དེ་དྲན་ན

མེ་ལྕེ་ཆུང་ངུས་ནགས་ཚལ་ཆེན་པོ་སྦར་བའང་ཤེས་འོང

མཚན་མོ་དེར

རྩྭ་ཐང་དྲན་དྲགས་པས

སྦྲ་ནག་མཁོ་དྲགས་པས

སྒྲོན་མེ་གཅིག་པུར་བསྙེས་ནས་འབར་ན་འདོད


རྩོམ་ཡིག་རྗེས་མ།
གཡུ་ཆུང་དྲུག་དཀར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1