སྐྱེས་སྟོབས་མ་རྫོགས་གོང
མགོ་བོ་སྟུག་ལ་ལུས་སྟོབས་ཆུང
མིག་ལ་ཐོགས་པའི་བཟོ་ལྟ་ཅི་ཡང་མེད
སྐྱེས་སྟོབས་རྫོགས་ན
མེ་ཏོག་སེར་པོའི་བཀྲག་མདངས་བཞད
སྤང་ལྗོངས་ལ་མཛེས་སྡུག་སྟེར
ལང་ཚོ་ཡོལ་དུས
ཤིང་བལ་གྱི་སྐྲ་ལོ་གཟེངས
རླུང་གི་རྒྱུ་བ་གཅིག་གིས
སྟོང་གསུམ་དབྱིངས་སུ་སྤུར
ཀྱེ་མ འདི་ནི་མི་ཚེ་མ་ཡིན་ནམ
༢༠༡༨.༧.༢༠