ཞི་ཅིན་ཕིང་གི་མི་དམངས་ཉིན་རེའི་ཚགས་པར་གཉེར་ནས་ལོ་70འཁོར་བར་རྟེན་འབྲེལ་འཕྲིན་ཡིག་ལས་བཏུས།

《མི་དམངས་ཉིན་རེའི་ཚགས་པར》ནས་བཏུས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


        མི་དམངས་ཉིན་རེའི་ཚགས་པར་གཉེར་ནས་ལོ་70འཁོར་བའི་མཚམས་དེར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཚགས་པར་ལས་ཁུངས་ཀྱི་གསར་འགྱུར་ལས་དོན་པ་དང་ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་ཚང་མར་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས་གནང་ཡོད། འདིར་རྟེན་འབྲེལ་འཕྲིན་ཡིག་ལས་ནང་དོན་མདོར་བསྡུས་ཤིག་བཏུས་པ་གཤམ་གསལ།
        མི་དམངས་ཉིན་རེའི་ཚགས་པར་ནི་ཏང་ཀྲུང་དབྱང་གི་ལས་ཁུངས་ཚགས་པར་ཞིག་རེད། ལོ་70ཡི་ནང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་ཚགས་པར་ཆབ་སྲིད་མཁས་པས་གཉེར་བ་དང་ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཏང་དང་མི་དམངས་དང་བློ་གཅིག་སེམས་གཅིག་གིས་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་དང་མི་དམངས་ཀྱི་རླབས་ཆེའི་ལག་ལེན་སྤྲོ་སེམས་ཆེན་པོས་སྤེལ་གཏོང་བྱས་ནས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་ཆེས་གལ་ཆེའི་ནུས་པ་བཏོན་ཡོད་ལ་གཟི་བརྗིད་ལྡན་པའི་ལོ་རྒྱུས་བཏོད་ཡོད།

        མིག་སྔར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་འགོ་ཚུགས་ཡོད། མི་དམངས་ཉིན་རེའི་ཚགས་པར་ཁང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་འཁུར་བ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། སྒྱུར་བཅོས་གསར་གཏོད་གཏིང་ཟབ་བྱེད་པ། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་དང་གནས་ཚུལ་སྤེལ་གཏོང་གང་ལེགས་བྱེད་པ། ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ། སྨྱན་སྦྱོར་ཧྲིལ་པོའི་བརྒྱུད་སྤེལ་རྣམ་པ་གཏོད་པ་བཅས་བྱས་ཏེ་བརྒྱུད་སྤེལ་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ནུས་པ། སྤྱི་མོས་ཐོབ་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1