ཝུའུ་དབྱིང་ཅེས་དུས་རབས་ཀྱི་མིག་དཔེ་དང་ཡ་རབས་ཁྱིམ་ཚང་གི་འཐུས་མིར་མཇལ་འཕྲད་གནང་སྐབས། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་དང་རང་འཁྲིའི་ལས་ཀ་ཏན་ཏིག་ངང་བསྒྲུབས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཐད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ།

བདེ་སྐྱིད་དང་ལྷ་དབང་གིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


        གོང་ཚེས་ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་རང་སྐྱོང་ལྗོངས་ཀྱི་དུས་རབས་ཀྱི་མིག་དཔེ་དང་ཡ་རབས་ཁྱིམ་ཚང་གི་འཐུས་མིར་མཇལ་འཕྲད་གནང་སྐབས་ཁོང་ཚོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་དང་པོའི་རྒྱལ་ཡོངས་ཀྱི་ཡ་རབས་ཁྱིམ་ཚང་གི་འཐུས་མིར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བཅས་བྱས་ཏེ་ཡང་འབད་བསྐྱར་འབད་དང་མུ་མཐུད་འབད་བརྩོན་གྱིས་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་ཟོལ་མེད། སྲུང་སྐྱོང་བཅས་བྱེད་པ་དང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མིག་དཔེ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་མཁན་མིག་དཔེ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་མཁན་མིག་དཔེ། ལས་གཅེས་ལས་བརྩོན་གྱིས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་མིག་དཔེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་གྱིས་གོམས་སྲོལ་སྒྱུར་མཁན་མིག་དཔེ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་བསམ་པའི་དཔལ་ཡོན་སྲོལ་གཏོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཏིང་ཡེ་ཤན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་། ལྗོངས་བསམ་པའི་དཔལ་ཡོན་སྲོལ་གཏོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་སྤེན་པ་བཀྲ་ཤིས། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་བཅས་ལྷན་དུ་མཇལ་འཕྲད་གནང་བར་ཕེབས་ཡོད་པ་རེད། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཝུའུ་དབྱིང་ཅེ་དང་ཏིང་ཡེ་ཤན་རྣམ་གཉིས་ཀྱིས་རང་སྐྱོང་ལྗོངས་ཀྱི་དུས་རབས་ཀྱི་མིག་དཔེ་དང་ཡ་རབས་ཁྱིམ་ཚང་གི་འཐུས་མི་ཚང་མར་ཕྱག་བཏང་གནང་བ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱི་དུས་རབས་ཀྱི་མིག་དཔེའི་འཐུས་མི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་སྒྲོལ་དཀར་དང་རང་སྐྱོང་ལྗོངས་ཀྱི་ཡ་རབས་ཁྱིམ་ཚང་གི་འཐུས་མི་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ནོར་བུ་ས་གྲོང་རྡལ་གྲབ་སྨད་ས་གྲོང་ཚོའི་གྲོང་མི་ཝང་ལེའང་གཉིས་ཀྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཐད་མུ་མཐུད་ལེགས་སྐྱེས་འབུལ་བའི་ཁོང་ཚོའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་པ་རེད།

ཟླ་6ཚེས་28ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་རང་སྐྱོང་ལྗོངས་ཀྱི་དུས་རབས་ཀྱི་མིག་དཔེ་དང་ཡ་རབས་ཁྱིམ་ཚང་གི་འཐུས་མིར་མཇལ་འཕྲད་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེས་འཐུས་མི་ཚང་མར་ཕྱག་བཏང་གནང་བ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བའི་གནས་ཚུལ་ཡིན་པ།

        ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་རང་སྐྱོང་ལྗོངས་ཀྱི་དུས་རབས་ཀྱི་མིག་དཔེ་དང་ཡ་རབས་ཁྱིམ་ཚང་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་བླ་ན་མེད་པའི་གུས་འདུད་ཞུས་གནང་བ་རེད། ཁོང་གིས་ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་ཕྲ་ཕུང་ལྟ་བུ་ཞིག་རེད། ཁྱིམ་ཚང་འཆམ་མཐུན་བྱུང་ཚེ་སྤྱི་ཚོགས་བརྟན་ལྷིང་ཡོང་བ་དང་ཁྱིམ་ཚང་བདེ་སྐྱིད་བྱུང་ཚེ་སྤྱི་ཚོགས་འཆམ་མཐུན་ཡོང་ཐུབ། ཁྱིམ་ཚང་གི་ཤེས་དཔལ་ནི་སྤྱི་ཚོགས་ཀྱི་ཤེས་དཔལ་རེད། རང་སྐྱོང་ལྗོངས་ཀྱི་དུས་རབས་ཀྱི་མིག་དཔེ་དང་ཡ་རབས་ཁྱིམ་ཚང་གིས་གཟི་བརྗིད་མཚན་སྙན་དེར་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་ཀྱིས་སྔོན་ཐོན་དཔེ་མཚོན་གྱི་དཔེ་སྟོན་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ཏེ་མི་དེ་བས་མང་བར་སློབ་གསོ་ཐེབས་པ་དང་། ཤུགས་རྐྱེན་བཟང་པོ་ཐེབས་པ། སྣེ་ཁྲིད་ཐུབ་པ་བཅས་བྱས་ནས་སྤྱི་ཚོགས་ཧྲིལ་པོར་བཟང་བཀུར་དགེ་ཕྱོགས་དང་མཁས་མཛངས་རྗེས་འབྲངས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་སྟེ།

        གཅིག་ནས་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་ཟོལ་མེད། སྲུང་སྐྱོང་བཅས་བྱེད་པ་དང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མིག་དཔེ་བྱེད་དགོས། ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་དང་རང་ཉིད་ཀྱི་འགྱུར་ལྡོག་གསར་པ་དང་འཚོ་བ་གསར་པའི་ཁྲོད་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་དང་སྤྱི་ཁྱབ་ཧྲུའུ་ཅིའི་མཛད་རྗེས་རླབས་ཆེན་དང་མཁས་མཛངས་ལྡན་པའི་བློ་གྲོས་གང་ལེགས་ཚོར་ཐུབ་པ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་སེམས་ནང་གཏིང་ཟབ་ཟུག་པར་བྱེད་པ། སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་ཟོལ་མེད། སྲུང་སྐྱོང་བཅས་བྱ་རྒྱུ་དེ་མི་ཚང་མ་དང་ཁྱིམ་ཚང་ཚང་མའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སུ་འགྱུར་ཐུབ་པར་བྱེད་དགོས་པ་དང་།

        གཉིས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་མཁན་མིག་དཔེ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆའི་ཆ་ཤས་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་མཛུབ་སྟོན་གལ་ཆེན། ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་སོགས་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་དངོས་འབྲེལ་སློབ་སྦྱོང་དང་། དངོས་འབྲེལ་ཤེས་པ། དངོས་འབྲེལ་ཡིད་ཆེས། དངོས་འབྲེལ་སྤྱོད་པ་བཅས་བྱེད་དགོས་པ།

        གསུམ་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་མཁན་མིག་དཔེ་བྱེད་དགོས། དར་ཆ་གསལ་སྟོན་གྱིས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་དང་སྤྱི་ཚོགས་བརྟན་ལྷིང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བཅས་མཐའ་གཅིག་ཏུ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་དགོས་པ།

        བཞི་ནས་ལས་གཅེས་ལས་བརྩོན་གྱིས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་མིག་དཔེ་ཞིག་བྱེད་དགོས་ཤིང་། རང་སྐྱོང་ལྗོངས་ཀྱི་དུས་རབས་ཀྱི་མིག་དཔེ་དང་ཡ་རབས་ཁྱིམ་ཚང་གིས་ལས་རིགས་ཁག་དང་ས་ཁུལ་ཁག་ཏུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་ནས་འགག་སྒྲོལ་དཀའ་སེལ་དང་། གསར་འབྱེད་ཡར་བརྩོན། ལས་གཅེས་ལས་བརྩོན། འགན་ནུས་གཙང་སྒྲུབ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་དང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་བཅས་བྱ་ཆེད་ཤུགས་སྣོན་རྒྱག་པ་དང་ལེགས་སྐྱེས་འབུལ་དགོས་པ་མ་ཟད། ད་དུང་དེར་བརྟེན་ནས་མང་ཚོགས་དང་ཁྱིམ་ཚང་དེ་བས་མང་བས་སྔོན་གཏོད་ལེགས་བརྩོན་བྱ་རྒྱུར་སྐུལ་ཁྲིད་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པ།

        ལྔ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་གྱིས་གོམས་སྲོལ་སྒྱུར་མཁན་མིག་དཔེ་བྱེད་དགོས། རྒྱ་ཆེའི་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བྱེད་པ་དང་། ལུགས་རྙིང་སྲོལ་ངན་སེལ་བ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། བདེ་ཐང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་བརྩོན་ལེན། ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་བ་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་བརྟེན་ས་དང་། སེམས་པའི་བརྟེན་ས། བསམ་པའི་ཁྱིམ་གཞིས་བཅས་ཡིན་པ་དང་བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མང་ཚོགས་ཀྱི་སེམས་ནང་བརྟན་པོར་ཟུག་པ་བྱེད་དགོས། ཁྱིམ་ཚང་དང་། ཁྱིམ་ཚང་གི་སློབ་གསོ། ཁྱིམ་སྲོལ་བཅས་ལ་སྣང་ཆེན་བྱས་ཏེ་ཡ་རབས་ཀྱི་འདུ་ཤེས་ཆགས་པ་དང་། ཡ་རབས་ཀྱི་སྤྱི་དམངས་བྱེད་པ། ཡ་རབས་ཀྱི་གཟུགས་བརྙན་ངོམས་པ་བཅས་བྱེད་དགོས།

        ཝུའུ་དབྱིང་ཅེས་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་སྤྱི་ཚོགས་རྣམ་པ་ཞིག་ཆགས་པ་བྱེད་དགོས། མིག་དཔེར་སེམས་ཁུར་དང་། ལྕག་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཟིགས་སྐྱོང་སྲིད་ཇུས་འདོན་པ། དཀའ་ངལ་སེལ་རོགས་བཅས་བྱས་ཏེ་སྔོན་ཐོན་གྱི་མིག་དཔེར་ཆབ་སྲིད་ཐད་གཟི་བརྗིད་ཡོད་པ་དང་། སྤྱི་ཚོགས་ཀྱི་གནས་བབ་ཡོད་པ། འཚོ་བའི་འགན་ལེན་ཡོད་པ། དཔལ་འབྱོར་གྱི་དངོས་ཕན་ཐོབ་པ་བཅས་བྱེད་དགོས། སྨྱན་སྦྱོར་གྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ལས་རིགས་དང་ཁོངས་གཏོགས་ཕྱེ་ནས་སྔོན་ཐོན་མིག་དཔེ་དང་དེ་བཞིན་ཁོང་ཚོའི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ཁྱིམ་ཚང་ཀུན་དང་མི་ཡོངས་ཀྱིས་ཤེས་རྟོགས་ཐུབ་པ་དང་སྤྱི་ཚོགས་ཡོངས་སུ་མིག་དཔེར་བརྩི་འཇོག་དང་མིག་དཔེར་སློབ་སྦྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་ནས་རྣམ་པ་གསར་གཏོད་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ་དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་བསམ་བློའི་སྒུལ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1