ཝུའུ་དབྱིང་ཅེས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་བརྟག་ཞིབ་གནང་བ།

བདེ་སྐྱིད་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


        

ཟླ་7ཚེས་5ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་ཕེབས་ནས་སྣོད་བཅུད་སྲུང་སྐྱོང་དང་། དབུལ་སྒྲོལ་འགག་སྒྲོལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ཐད་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་ཞིང་། འདི་ནི་གྲ་ཐང་གྲོང་རྡལ་ཡང་དགའ་གྲོང་ལྷན་གྱི་ཚེ་རིང་སྐྱིན་ཁེབས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་ཝུའུ་དབྱིང་ཅེས་འཚེམ་བཟོ་བར་འཚེམ་བཟོ་དང་བྲིན་ཚོང་གི་གནས་ཚུལ་བཀའ་འདྲི་གནང་བཞིན་པ།

        ཟླ་7ཚེས་5ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་ཕེབས་ནས་སྣོད་བཅུད་སྲུང་སྐྱོང་དང་། དབུལ་སྒྲོལ་འགག་སྒྲོལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ཐད་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང“འགག་སྒྲོལ་དམག་འཐབ་ཆེ་གྲས་གསུམ”མཐའ་གཅིག་ཏུ་ཡག་པོ་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད།


        རྔ་སྒྲ་ཤང་གི་མུའུ་ཁྲི་ཟིན་པའི་སྣོད་བཅུད་སླར་གསོའི་ཤིང་སོན་འདེབས་གསོ་རྟེན་གཞིའི་ནང་ལྕང་སོན་སྐྱེ་ཚུལ་ལེགས་པས་སྐྱེ་སྟོབས་ཀྱིས་གང་། ན་ནིང་ཟླ་བ་བཞི་པ་ནས་བཟུང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་དབྱི་ལི་ཚོགས་པའི་སྣོད་བཅུད་སྲུང་སྐྱོང་རུ་ཁག་གིས་སྣོད་བཅུད་འཛུགས་སྐྲུན་དང་གནད་སྨིན་དབུལ་སྐྱོར་ལས་དོན་ཧུར་ཐག་སྤེལ་བར་ཁྱོན་མ་དངུལ་སྒོར་ཁྲི་4166བཏང་ནས་སྣོད་བཅུད་སླར་གསོ་བྱེད་ཁྱོན་མུའུ་5400ལྷག་ཟིན་ཏེ་མི་201ཕ་ཡུལ་དང་རང་ས་ནས་ཁ་མི་བྲལ་བར་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར་6250བྱུང་ཡོད། ཝུའུ་དབྱིང་ཅེས་གཟིགས་ཞོར་བཀའ་འདྲི་གནང་བ་མ་ཟད། རྣམ་གྲངས་ཀྱི་མ་འཇོག་དང་། མྱུ་གུ་འདེབས་གསོ། ཤིང་གི་གསོན་ཚད། ལས་མི་མང་ཚོགས་ཀྱི་ཡོང་འབབ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་བོད་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་སྣོད་བཅུད་འཐབ་ཇུས་ཀྱི་གནས་བབ་ཧ་ཅང་གལ་ཆེན་པོ་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་ལྟ་བ་བརྟན་པོ་འཛུགས་པ་དང་ཕུལ་བྱུང་གི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས་བྱས་རྗེས་ཐོབ་འབྲས་མི་རྩོད་པ་དང་བྱས་རྗེས་ངེས་པར་འཇོག་པའི་གོ་རྟོགས་ཐོག་ནས་རང་འགུལ་ངང་ལས་དོན་སྒྲུབ་པ་དང་། སྙིང་རུས་གཏན་འཁྱོངས་བྱེད་པ། ཕུགས་ལ་དམིགས་པ་དང་ཡུལ་བབ་ལ་བསྟུན་རྒྱུ་མཐའ་འཁྱོངས་བྱེད་པ། བོད་ཀྱི་དམིགས་བསལ་ས་ཁམས་དང་གནམ་གཤིས་ཁོར་ཡུག་སོགས་ལ་དམིགས་ཏེ་ཤིང་སྣ་ནང་འདྲེན་དང་རང་སའི་ཤིང་སྣ་འདེབས་རྒྱུ་ཕན་ཚུན་ཟུང་འབྲེལ་བྱེད་པ། ཤིང་སོན་གསར་པ་གནད་སྨིན་ལེགས་འདེམས། ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན། དུས་མཇུག་གི་གཡོག་བྱེད་བྱེད་ཤུགས་ཆེ་རུ་གཏོང་བ། ཤིང་གསོན་ཚད་མཐོ་རུ་ཏན་ཏིག་གཏོང་བ། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་བ། “ལྗོན་ཤིང་མེད་པའི་དུད་ཚང”ལ་ལྗོན་ཤིང་འདེབས་པའི་བྱ་སྤྱོད་སྤེལ་རྒྱུར་སྐུལ་མ་ཧུར་ཐག་གཏོང་བ་བཅས་ཀྱི་ཐོག་ནས་གངས་ལྗོངས་ས་མཐོའི་རི་ཆུ་དང་རྩྭ་རྩི་ཤིང་ཐམས་ཅད་སྲུང་སྐྱོང་ཡག་པོ་དང“འཛམ་གླིང་ཐོག་གི་དག་ཞིང་མཐའ་མ”སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང་། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་སྣོད་བཅུད་འཛུགས་སྐྱོང་དང་མང་ཚོགས་ལ་འབབ་འཕར་ཡོང་རྒྱུ་ཕན་ཚུན་ཟུང་འབྲེལ་བྱེད་པ་དང་། ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྔོ་འགྱུར་ནགས་བཟོའི་ནང་ཞུགས་ནས་ཡོང་འབབ་འཕར་ཐབས་བྱས་པ་བརྒྱུད། མང་ཚོགས་རྣམས་ཀྱིས“སྣོད་བཅུད་བཟང་པོར”བརྟེན་ནས་ཡོང་འབབ་གསོག་པ་དང་ཕྱུག་འགྱུར་ལམ་དུ་སྐྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

        གྲ་ནང་རྫོང་ཡང་དགའ་གྲོང་ལྷན་གྱི་ཚེ་རིང་སྐྱིན་ཁེབས་མཉམ་ལས་ཁང་དུ་གཙོ་བོ་བོད་བཟོའི་ཞྭ་མོ་དང་ལྷམ་བཟོ་གི་ཡོད་ཅིང་། བཟོ་རྩལ་ཞིབ་ཚགས་པ་དང་བཟོ་ལྟ་དཔེ་གསར་གྱི་ལག་ཤེས་ཐོན་ཟོག་ལ་མི་རིགས་ཁག་གི་མང་ཚོགས་ཚོས་ཧ་ཅང་དགའ་པོ་བྱེད་པས་ཐོན་རྫས་མཁོ་སྤྲོད་འདང་གི་མེད། ཝུའུ་དབྱིང་ཅེས་བཟོ་པ་ཚོའི་ཁྲོད་དུ་ཕེབས་ནས་བོད་བཟོའི་ཞྭ་མོ་དང་ལྷམ་བཟོ་བ་དང་བྲིན་འཚོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཚགས་གནང་བ་རེད། དབང་པོ་སྐྱོན་ཅན་ཡིན་པའི་ཚེ་དབང་སྟོབས་རྒྱལ་ལ་ན་ནིང་ཡོང་འབབ་སྒོར་ཁྲི་5.9ལྷག་བྱུང་བར་ཝུའུ་དབྱིང་ཅེས་ཁོང་ལ“དབང་སྐྱོན་ཡིན་ཡང་སྙིང་སྟོབས་མི་ཉམས་པ་ནི་ཧ་ཅང་ཡག་པོ་རེད”ཅེས་བསྔགས་བརྗོད་གནང་། མཉམ་ལས་ཁང་གི་འགན་འཁུར་བས་མཉམ་ལས་ཁང་ལ་ལོ་ལྟར་ཡོང་འབབ་ཁེ་གཙང་སྒོར་ཁྲི་200ལྷག་ཙམ་ཟིན་པ་དང་ལས་ཞུགས་ལས་གནས་45བཏོད་ཡོད་ལ། མཉམ་ལས་ཁང་གི་ལས་བཟོ་རེར་ཟླ་རེར་སྒོར་6000ནས་15000བར་བྱུང་བ་ངོ་སྤྲོད་བྱས་པ་གསན་རྗེས་ཝུའུ་དབྱིང་ཅེ་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བར་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། ངོས་འཛིན་ཟབ་ཏུ་གཏོང་བ། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལག་རྩལ་དང་རིམ་པ་སྔར་བས་མཐོ་རུ་གཏོང་བ། ཡུལ་སྐོར་གསར་སྤེལ་དང་ཟུང་འབྲེལ་གང་ལེགས་བྱེད་པ། ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བ་བཅས་ཀྱི་སྒོ་ནས་ཞིང་འབྲོག་མང་ཚོགས་སྔར་བས་མང་བ་དེའི་ནང་ཞུགས་ཐུབ་པ་བྱེད་དགོས་པའི་མངགས་བཅོལ་ཟབ་མོ་གནང་བ་རེད། ཁོང་གིས་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དེ་ཐག་ཉེ་ས་དང་སྟབས་བདེ་ས། ཕ་ཡུལ་དང་རང་ས་ནས་ཁ་མི་བྲལ་བ། སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་དང་ནང་གནས་ཀྱི་འཕེལ་རྒྱས་སྒུལ་ནུས་ཆེ་རུ་བཏང་སྟེ་མང་ཚོགས་ལ་དེའི་ཁྲོད་ནས་ཕན་པ་ཐོབ་པ་དང་འབབ་འཕར་ཟམ་མི་ཆད་པ་ཡོང་བ་དང་དབུལ་སྒྲོལ་བརྟན་པོ་ཡོང་བ་བྱེད་དགོས་པ་དང་། ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རྒྱབ་སྐྱོར། མི་རིགས་ཁག་གི་མང་ཚོགས་ཀྱི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་དབུལ་སྐྱོར་དེ་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྐྱོང་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ཁོང་ཚོས་སྣེ་ཁྲིད་འོག་མང་ཚོགས་ཀྱི་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། འདུ་ཤེས་གསར་བརྗེས་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་ཏེ་དཀའ་སྤྱད་ངལ་རྩོལ་བརྒྱུད་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་སྐྱེལ་ཐུབ་པ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

        བརྟག་ཞིབ་གནང་རིང་། ཝུའུ་དབྱིང་ཅེས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་མཛུབ་ཁྲིད་ཀྱི་དགོངས་པ་གལ་ཆེན་དང་། དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ། བརྟན་ཐོག་ཡར་བརྩོན་དང་། བརྟན་ཐོག་ལེགས་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་ལ་དམ་པོར་དམིགས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུ་རྩ་བའི་བྱ་ཐབས་ལ་བརྩིས་ཏེ། འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་ཡར་བརྩོན་བྱེད་པ་དང་། གནད་སྨིན་དབུལ་སྒྲོལ་དང་། ཉེན་ཁ་ཆེན་པོ་འགོག་སེལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་སྟེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་དགོས་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་གསོན་ཉམས་དོད་པའི་དཔེ་མཚོན་དྲངས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་གི་སྲོག་ཤིང་དང་། མི་དམངས་ཀྱི་གཙོ་འཛིན། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་མཁས་མཛངས་ལྡན་པའི་བློ་གྲོས་དང་བྱས་རྗེས་རླབས་ཆེན་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་གཏིང་ནས་ཚོར་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲག་རྒྱུན་ཁྲོད་འདྲེས་པར་བྱས་ཏེ་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱ་རྒྱུ་དེ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་འགྱུར་བ་བྱས་ཏེ་སྔར་བས་ཏང་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་མེས་རྒྱལ་གཅིག་གྱུར་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་བཅས་ལ་རང་རྟོགས་ངང་སྲུང་སྐྱོང་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཧུར་ཐག་བྱེད་དགོས་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་གནས་བབ་གལ་ཆེན་ཨང་དང་པོར་འཇོག་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས། གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའུ་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་མ་གཏིང་ཟབ་བཏང་ཁར་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་འདི་ཉིད་ཏང་གི་བཀའ་ལ་ཉན་པ་དང་། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་འགྱུར་བྱེད་ཤེས་པ། བརྟན་ལྷིང་སྲུང་སྐྱོང་ཐུབ་པ། གནས་ཚུལ་འཕྲད་སྐབས་མགོ་མི་རྨོངས་པ་དང་འགག་རྩའི་སྐབས་ནུས་པ་ཐོན་པ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་བསྐྲུན་དགོས་པའི་ནན་གསུངས་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1