གཞོན་ནུ། ལས་ཀ་ཡག་པོ་བྱེད་ཨ།
ལིའི་ཅུན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22
2018ལོའི་ཟླ་2ཚེས་12ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཁྲེན་ཏུ་རུ་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་མཐའ་མའི་དམག་འཐབ་ལེགས་པོ་ཞིག་རྒྱག་རྒྱུའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། དབུལ་སྒྲོལ་འགག་སྒྲོལ་མཐའ་མའི་དམག་འཐབ་ཀྱི་འཐབ་ས་གཙོ་བོའི་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔའི་ཏང་སྒྲིག་འཛུགས་ཀྱི་ཧྲུའུ་ཅི་ཚོ་དང་མཉམ་དུ། གནད་སྨིན་དབུལ་སྒྲོལ་ཇེ་ཟབ་ཏུ་གཏོང་བའི་ཐབས་ཇུས་ལ་ཞིབ་འཇུག་གནང་བ་རེད། དེ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་གཙོ་སྐྱོང་གནང་ནས་འཚོགས་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་བཞུགས་མོལ་ཚོགས་འདུ་ཞིག་ཡིན།
གཏམ་བཤད་སྤེལ་མཁན་མི་བཅུ་ཚང་མ་གཞི་རིམ་ནས་ཡོང་བ་ཤ་སྟག་རེད། ང་ཚོས་རང་རང་ས་ཁུལ་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་མྱོང་ཚོར་ལྷུག་པོར་གླེང་བ་མ་ཟད། ད་དུང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་དམག་འཐབ་ལེགས་པོ་རྒྱག་རྒྱུའི་བསམ་འཆར་དང་། གྲོས་འགོ་བཏོན་པ་ཡིན།
ང་རང་ནི་གཏམ་བཤད་སྤེལ་མཁན་ཨང་བདུན་པ་ཡིན་ལ། ངའི་གཏམ་བཤད་ཀྱི་ཁ་བྱང་ནི《ཕ་ཡུལ་དུ་ལོག་ནས་དབུལ་སྐྱོར་དངོས་སུ་བྱེད་པ་དང་། མང་ཚོགས་ཀྱི་འགོ་འཁྲིད་དེ་འབྱོར་འབྲིང་དུ་སྐྱོད》ཅེས་པ་དེ་ཡིན། སྤྱི་ཁྱབ་ཧྲུ་ཅིས་བཏོན་གནང་བའི་ཀྲུང་གོའི་ཕུགས་འདུན་གྱིས་ཀྲུང་གོའི་མི་ཀུན་གྱི་ཕུགས་འདུན་གྱི་སྒོ་མོ་ཕྱེ་ཡོད་ཅིང་། དེ་དག་ལས་ང་རང་གི་ཕུགས་འདུན་ནི། ཕ་ཡུལ་གྱི་དབུལ་ཞིང་འཕོངས་ལ་རྗེས་སུ་ལུས་པའི་རྣམ་པར་འགྱུར་ལྡོག་གཏོང་འདོད་པ་དེ་ཡིན།
ངའི་གཏམ་བཤད་མཇུག་སྒྲིལ་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་དང་གདོང་ཐུག་གི་བཀའ་མོལ་བྱེད་གནང་བྱུང་། སྤྱི་ཁྱབ་ཧྲུའུ་ཅིས་ང་རང་གིས་ལོ་22ནས་གྲོང་ཚོའི་ཏང་ཀྲེ་པུའུ་ཧྲུའུ་ཅི་བྱས་མིན་བཀའ་འདྲི་གནང་བྱུང་བས། ངས་མིན་ལགས། ང་ནི་དབུན་ཁྲོན་ལ་ས་ཡོམ་ཚབ་ཆེན་བརྒྱབ་རྗེས་སུ་ཁྲེན་ཏུའི་ལས་ཀ་གླ་ཆ་མཐོ་པོ་ཞིག་བཞག་ནས། ཕ་ཡུལ་ལ་ལོག་ཏེ་གྲོང་ཚོའི་ཀྲུའུ་རེན་གྱི་ལས་རོགས་བྱས་པ་ཡིན། དེ་ནས་2010ལོའི་ནང་སྐབས་བརྗེ་བའི་དུས་སུ་ཏང་ཀྲེ་པུའུ་ཧྲུའུ་ཅི་ལ་བདམས་ཐོན་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་མཆོག་ནས་མུ་མཐུད་དེ་ང་རང་སློབ་གྲྭ་ཆེན་མོ་གང་དུ་སྐྱོད་མིན་དྲིས་བྱུང་བས། ངས་རང་ཉིད་ཁྲེན་ཏུ་རུ་སློབ་ཆེན་ལ་བསྐྱོད་རུང་། དེ་དུས་ཁྱིམ་ཚང་ཧ་ཅང་དབུལ་བའི་རྐྱེན་གྱིས་ལོ་གཅིག་རང་ལས་སློབ་ཆེན་ལ་བསྐྱོད་ཁོམ་མ་བྱུང་བར་ཁྲེན་ཏུ་རུ་བྱ་གཞག་གཏོད་དགོས་བྱུང་ཞེས་ལན་བརྒྱབ་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་ཞིབ་ནན་ངང་ནས་གཏམ་བཤད་ཤོག་ལྷེའི་ཐོག་ཕྱག་བྲིས་གནང་བ་དང་སྦྲགས། ང་ལ་གསུངས་པར། རང་གིས་ལོ་དེ་དག་ནང་གྲོང་ཚོར་ལས་ཀ་མང་པོ་ཞིག་བྱས་འདུག། གཞི་རིམ་ཏང་འཛུགས་སྐྱོང་བྱས་པ་དང་། ལམ་བཟོས་པ། ཚོང་ཁང་བཙུགས་པ། “མཉམ་འབྲེལ་དྲ་རྒྱ+”སྤྱད་དེ་དབུལ་སྐྱོར་བྱས་པ། དབུལ་སྒྲོལ་འགག་སྒྲོལ་དང་། ད་དུང་གོམ་སྟབས་རྗེས་མར་ཤང་གྲོང་དར་རྒྱས་གཏོང་བའི་ཁྲོད་དུ་རིག་གནས་ཡོད་ལ། བསམ་བློ་ཡོད་པའི་གཞོན་ནུ་དགོས་ངེས་ཡིན། ཞེས་གསུངས་པ་དང་། དེ་ནས་ཁོང་གིས་ཞལ་འཛུམ་དམུལ་དམུལ་ངང“གཞོན་ནུ། ལས་ཀ་ཡག་པོ་བྱེད་ཨ” ཞེས་ནས་ང་ལ་གསུང་གནང་བྱུང་བས། ངས་སྤྱི་ཁྱབ་ཧྲུའུ་ཅི་ལགས། ཐུགས་རྗེ་ཆེ་ཞུས་པ་ཡིན། བློ་མཐུན་དབང་དབྱང་གིས་ཀྱང་ངས་གཏམ་བཤད་བྱེད་སྐབས་དབུ་ལྕོག་ལྕོག་གིས་བཞིན་ནས་མོས་མདངས་དང་གདེང་འཇོག་གང་ལེགས་གནང་བྱུང་།
སྤྱི་ཁྱབ་ཧྲུའུ་ཅིའི“གཞོན་ནུ། ལས་ཀ་ཡག་པོ་བྱེད་ཨ” ཞེས་པའི་ཚིག་དུམ་བུ་དེ་ངའི་ངོས་ནས་བཤད་ན་སྔར་བྱུང་མྱོང་མེད་པའི་སྐུལ་མ་ཆེན་པོ་ཞིག་ཡིན་པ་མ་ཟད། ཤང་གྲོང་དར་རྒྱས་གཏོང་རྒྱུ་དེ་ནི། ང་ཚོ་དུས་རབས་འདིའི་གཞོན་ནུ་ཚོའི་གོ་སྐབས་ཤིག་ཡིན། ཞིང་ཁུལ་གྱི་མུ་མཐའ་མེད་པའི་ས་གཞིའི་ཐོག་བྱས་རྗེས་བླ་ན་མེད་པ་གཞག་ཐུབ་རྒྱུའི་ཡིད་ཆེས་ཡོད་པས། ང་ཚོ་གཞོན་ནུ་ཚོས་དུས་རབས་ཀྱི་འགན་འཁུར་དགོས་ལ། ཤང་གྲོང་དར་རྒྱས་གཏོང་བའི་ཁྲོད་སྔར་ལས་ལྷག་པའི་བྱས་རྗེས་འཇོག་ཐུབ་པ་བྱེད་དགོས།
ཟླ་བ་2ཚེས་14ཉིན། ང་རང་གྲོང་ཚོར་ལོག་རྗེས་གྲོང་མི་ཡོངས་རྫོགས་འཛོམས་ནས་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུ་ཅིའི་འཚམས་འདྲི་གྲོང་ཚོ་ཡོངས་ཀྱི་མི་ཚང་མར་བརྒྱུད་སྤེལ་བྱས་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་དབུལ་སྒྲོལ་འགག་སྒྲོལ་ལ་མཐོང་ཆེན་ཚད་མེད་གནང་གི་ཡོད་པས། ང་རང་གཞི་རིམ་ལས་བྱེད་པ་ཞིག་གི་ངོས་ནས་བཤད་ན། ནུས་ཤུགས་ཡོད་རྒུ་བཏོན་ནས་ལས་དོན་ལེགས་པར་བསྒྲུབ་སྟེ། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཆུད་ཟོས་སུ་མི་འགྲོ་བ་བྱེད་ཀྱི་ཡིན། མིག་སྔར། ཡུའོ་ཡུན་གྲོང་ཚོ་དབུལ་སྒྲོལ་མངོན་འགྱུར་བྱུང་ཡོད། གོམ་སྟབས་རྗེས་མར་ཤང་གྲོང་དར་རྒྱས་གཏོང་བའི་ཐོག་ལ་ཡུའོ་ཡུན་གྲོང་ཚོ་རང་གི་བྱེད་ཐབས་ཤིག་ཐོན་པ་བྱས་ནས། མཉམ་འབྲེལ་དྲ་རྒྱ་བེད་སྤྱད་དེ་ཤང་གྲོང་དར་རྒྱས་ཀྱི་ཐོན་སྐྱེད་རྒྱུ་རྐྱེན་ལུགས་མཐུན་ངང་འདོན་སྤེལ་བྱས་ཐོག ཡུའོ་ཡུན་གྲོང་ཚོ་དོན་ངོ་མར་རྒྱལ་ཡོངས་ཀྱི་ཤང་གྲོང་དར་རྒྱས་གཏོང་བའི་སྔོན་གྲལ་དུ་བསྐྱོད་ཐུབ་པ་དང་། དཔེ་མཚོན་གྱི་ནུས་པ་ཐོན་པ་བྱེད་པ་མ་ཟད། དེ་བས་རི་ཁུལ་གྱི་མང་ཚོགས་ཇེ་མང་ཞིག་སོ་སོའི་ལག་གཉིས་ཀྱི་འབད་བརྩོན་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་བྱེད་རྒྱུ་ཡིན།
ཟླ་བ་ཚེ་རིང་གིས་བསྒྱུར།