ཕྱོགས་ཡོངས་བཞིའི་འཐབ་ཇུས་ཀྱི་འབྱུང་རིམ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25
ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་ཁྱབ་ནི་རིམ་པ་མི་འདྲ་བའི་གྲོས་ཚོགས་ཀྱི་སྟེང་དུ་རིམ་བཞིན་གླེང་ཡོད་དེ། སྤྱི་ལོ་2012ལོའི་ཟླ་11པའི་ཚོགས་ཆེན་བཅོ་བརྒྱད་ལས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་དགོས་པ་གླེང་བ་དང་། སྤྱི་ལོ་2013ལོའི་ཟླ་11པར་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་གསུམ་པའི་སྟེང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་དགོས་པ་གླེང་བ། སྤྱི་ལོ་2014ལོའི་ཟླ་10པའི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་བཞི་པ་ལས་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་དགོས་པ་གླེང་བ། སྤྱི་ལོ་2014ལོའི་ཟླ་10པའི་ཚེས་8ཉིན་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་གྱི་བྱ་བའི་སྤྱི་བསྡོམས་སྟེང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དགོས་པ་གླེང་ཡོད།
སྤྱི་ལོ་2014ལོའི་ཟླ་11པར་ཞི་ཅིན་ཕིང་ཧྥུ་ཅན་ཞིང་ཆེན་དུ་རྟོག་ཞིབ་བྱེད་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་བཅས་ཀྱི་ཕྱོགས་ཡོངས་གསུམ་གྱི་བླང་བྱ་བཏོན་པ་དང་། སྤྱི་ལོ་2014ལོའི་ཟླ་12པར་ཅང་སུའུ་རུ་རྟོག་ཞིབ་བྱེད་སྐབས་ཕྱོགས་ཡོངས་གསུམ་དེ་ཕྱོགས་ཡོངས་བཞི་རུ་བསྒྱུར་བ་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་སྒྱུར་བཅོས་སྒོ་དབྱེ་ལ་སྐུལ་འདེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དུས་སྐབས་གསར་བར་སླེབས་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གསར་དུ་ཁ་སྣོན་བྱས་པ་རེད།