རྗེ་ཙོང་ཁ་པ།
ལི་སྨད་ཉི་གཞོན། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26
ལྷ་གཅིག་ཕྱག་ན་པདྨོའི་གདུལ་ཞིང་འདིར།།
ཚོགས་གཉིས་སྒྲུབ་བརྒྱུད་ཤིང་རྟའི་དེད་དཔོན་ཞིག།
བསླབ་གསུམ་ཡོན་ཏན་མཛོད་ཀྱི་རྒྱན་འཆང་བ།།
རྒྱལ་བ་བཞི་པ་བློ་བཟང་གྲགས་པ་བསྟོད།།
གཞུང་ལྔའི་གོ་ཆ་སྐུ་ལ་རབ་བརྒྱན་ནས།།
གདུང་དྲུག་བོད་མིའི་མཁས་པའི་ཏོག་ཏུ་གྱུར།།
གཙང་བ་བདུན་རྒྱུད་གདན་འཛིན་ལ་བསྐོས་ནས།།
ཉེ་སྲས་བརྒྱད་ལྟར་སྙན་པའི་གྲགས་པ་ཐོབ།།
མཁའ་ན་གཟའ་དང་སྐར་མ་མང་ན་ཡང་།།
དཀར་གསལ་ཟླ་བར་འགྲན་པ་གང་ན་གནས།།
ས་ན་མཁས་དབང་དམ་པ་གྲངས་མང་ཡང་།།
གང་ལ་འགྲན་ལྡན་ས་ཆ་གཞན་ན་ཟད།།
གངས་ཅན་མཁས་དབང་དམ་པ་གང་ལ་ཡང་།།
མཁྱེན་གཏེར་ཡེ་ཤེས་བརྩེ་ཆེན་ཉེར་མཁྱེན་དེ།།
མུན་འཐུམས་བླུན་ཀུན་མྱུར་བུར་གྲུང་དུ་གྱུར།།
འདོད་དོན་དགོས་འདོད་ཡོད་དོ་ཅོག་གོ་རྟོགས།།
ཀ་དག་སྤྲོས་བྲལ་ཀློང་གི་རྗེ་ཙོང་ཁ།།
ཁ་བའི་ཞིང་གི་རིན་ཆེན་ཐམ་གྱི་ག།
ག་ཙམ་ཁྱེད་རང་དྲན་པའི་བུ་ཆུང་ང་།།
ང་མེད་སྨྲ་བའི་ཁྱུ་མཆོད་ཁྱེད་ལ་འདུད།།