གདུང་བ་མཐའ་ལ་འདེད་ཚུལ།

ཕུན་བདེ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


“མི་ལ་དགོས་པ་སེམས་རེད།སེམས་མེད་ན་རྡོ་རེད།”

         —ཐོག་མའི་ངག་བྱིན་རླབས།

 

བརྩེ་བ་དང་ཡིད་ཆེས་མེད་ཚེ།  མི་རེ་རེ་ནས་ཁེར་རྐྱང་དང་སྐྱོ་གདུང་གི་གཡང་སར་ལྷུང་འགྲོ་བ་རེད།སྡུག་བསྔལ་འདི་མྱོང་བར་མི་འདོད་ན། དང་པོ་རང་ཉིད་རྣམ་དག་གི་བརྩེ་དུང་ཅན་ཞིག་དང་ཡིད་ཆེས་བཅའ་ཆོག་སའི་མི་ཞིག་ཨེ་འཁྱོངས་ལྟ་བར་རིགས།མ་གཞི་གནས་དང་ལམ་གང་ནས་ཅི་ཞིག་ཉན་གྱིན་མི་འདུག་སྙམ་ཚེ་རང་སྟེང་ནས་སྔོན་འགོག་ལེགས་བཅོས་བྱ་བ་ནི་འགྲོ་སྟངས་ཡང་དག་དེ་ཡིན་སྲིད་པས།ངས་གླེན་འདིང་འདི་འདྲ་རེའི་ཁྲོད་ནས་ད་གཟོད་རང་ཉིད་ལ་ཤུགས་རྒྱོབ་ཅེས་སྐད་ཆ་རེ་བཤད་པ་ཡིན།

འུ་ཅག་སོ་སོ་ནས་འབྲེལ་མེད་རེ་རེར་གྱུར་ཚེ།སྡུག་བསྔལ་གྱི་རྡོག་ཁྲིས་དེ་གཅིག་གིས་ཁུར་ནས་བུད་འགྲོ་ཆོག་པ་ཞིག་མིན་པས། སེམས་ཀྱི་ཞིང་ཁར་གཉུག་གཤིས་ཀྱི་མྱུ་གུ་འབུས་པར་བརྩོན་པར་བྱ།ང་ནི་ཁྲེལ་མེད་ཅེས་སྡིག་ཆོག་སའི་མི་ཞིག་ཡིན། བརྒྱུད་རིམ་འདིའི་ཁྲོད་ནས་ངའི་མི་ཚེའི་སྟོང་ཆ་ཞིག་གཞི་གྲུབ་པར་གྱུར་ཅིང་། མི་ལོ་བདུན་བརྒྱད་ཙམ་འདས་རྗེས་ཀྱི་དེ་རིང་མཐའ་མཇུག་སྨོན་ལམ་རྣམ་དག་ཡིན་དགོས་པའི་ངེས་ཤེས་ཤིག་རྙེད། 

འདི་ལྟར་བྲིས་ཀྱིན་བྲིས་ཀྱིན་རིགས་མི་རིགས་ཀྱི་མཚམས་ལས་བརྒལ་བའི་རང་གི་གཤིས་སྤྱོད་མང་པོ་ཞིག་ཡིད་ནས་དྲན་འོང་ལ།  དགོས་མི་དགོས་ཀྱི་ལམ་ཀ་མང་པོ་ཞིག་ཀྱང་བརྒྱུད་ཚར་བ་ཤེས་ཡོང་། ཡིན་ཡང་ངས་འདས་དུས་དེ་དག་ཕྱིར་ལོག་བྱེད་པར་རེ་བ་གཏན་ནས་འཆའ་མི་སྲིད་དེ།ལས་ལམ་མང་པོ་ཞིག་བསྐྱུར་རྗེས་ཀྱི་མྱོང་གྲུབ་རེ་རེ་ང་ལ་ཆེས་དགོས་ངེས་ཀྱི་མི་ཚེ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1