སྲོས་ཁའི་དྲན་པ།

ཉི་ཚེ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


གསང་བའི་མཁར་རྫོང་གི་དྲ་མིག།

རྡོ་བའི་རས་ཡོལ་གྱིས་བརྒྱབ་ཡོད།།

འོད་ཀྱི་ཟེར་ཐག་དེས་བསླས་པའི།།

རུས་པའི་ཡིག་འབྲི་འདི་གྲུབ་ཡོད།།

གྲིབ་མའི་རང་གཟུགས་སུ་འཁྲུངས་པའི།།

ཐོག་མའི་ལེའུ་དེའི་ཕྱི་ནང་།།

མཚན་མོའི་རྨི་ལམ་ལས་བཏུས་ཏེ།།

ཡིད་ཀྱི་པད་རྫིང་ལ་བཏབས་ཡོད།།

ངག་གི་བུ་རམ་གྱི་རོ་བཅུད།།

དྲོད་ཀྱི་མངལ་ལམ་ཏུ་བཞག་ནས།།

ཕྱིས་བདར་གཙང་དག་ཞིག་བྱས་ཏེ།།

དྲན་པའི་བང་རིམ་ཞིག་བརྩིགས་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1