ས་སྲོད།

སྒྲེ་བོ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


སེམས་པ་སྨེང་དོན།

ཕ་ཡུལ་ཡོད་པས་ཡིན།

ཁེར་རྐྱང་ཡིན་དོན།

ཕ་ཡུལ་མེད་པས་ཡིན།

ཐག་རིང་གི་ཉི་འོད་ལག་པས་མི་ཟིན།

ཉེ་འཁྲིས་ཀྱི་ཟླ་འོད་སེམས་ཀྱིས་མི་ཟིན།

ས་སྲོད་དང་ས་སྲོད།

མཚན་མོ་དང་མཚན་མོ།

ང་ཡི་སྨྲེང་བའི་སྐར་ཚོགས།

རབ་རིབ་ངང་།

གང་དུ་བུད་སོང་།

ས་སྲོད་ལ།

ཡི་གེ་ཁ་ཤས་འབྲི་ནོར་ཡང་ཡང་ཤོར།

སྤྲིན་པའི་གཟུགས་དང་།

གྲིབ་མའི་དབྱིབས།

སྨུག་པའི་རླངས་པ་ལྟ་བུའི།

བྲིས་ནོར་ཤོར་བའི་ཡི་གེ་འདི་དག

བྲིས་ནས་ཚར་སོང་ན།

ང་རང་ཕངས།




རྩོམ་ཡིག་སྔོན་མ།
ཕྱི་དྲོ།
རྩོམ་ཡིག་རྗེས་མ།
རྟེན་ཅིང་འབྲེལ་བ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1