༄༅། །ཉིང་ཁྲི་ས་ཁུལ་སློབ་འབྲིང་དང་པོ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-29


                 བོད་ལྗོངས་ཉིང་ཁྲི་ས་ཁུལ་བྲག་ཡིབ་གྲོང་རྡལ་གྱི་ཉང་ཆུའི་གཙང་འགྲམ་དུ་གནས་པའི་ས་ཁུལ་སློབ་འབྲིང་དང་པོ་ནི་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་སློབ་འབྲིང་ཞིག་ཡིན་པ་དང་། སློབ་འབྲིང་དེར་ཆ་ལག་ཚང་བའི་དེང་རབས་ཅན་གྱི་སློབ་གསོའི་སྒྲིག་ཆས་ཡོད་ལ།  འཇོན་ཐང་ལྡན་པའི་དགེ་རྒན་གྱི་དཔུང་ཁག་ཅིག་ཡོད་པ་དང་།  སློབ་གྲྭའི་ཁོར་ཡུག་མཛེས་ཤིང་།   དུས་བཞི་དབྱེར་མེད་སྔོ་ལྗང་གིས་བརྒྱན།  སློབ་གྲྭར་དགེ་སློབ་ལས་བཟོ་230ཙམ་ཡོད་པ་དང་། འཛིན་གྲྭ་49དང་།  ཁྱོན་སློབ་མ་ཉིས་སྟོང་བཞི་བརྒྱ་ཙམ་ཡོད་། 

               སློབ་གྲྭའི་དགེ་རྒན་རྣམས་འགན་འཁུར་གྱི་འདུ་ཤེས་དྲག་ལ་སློབ་མ་རྣམས་བརྩོན་སེམས་ཆེ་བས། བོད་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་མཐོ་རྒྱུགས་ནང་འབྲས་བཟང་བླངས་དང་ལེན་མུས་ཡིན།
 

              སློབ་གྲྭའི་ལས་དོན་གྱི་ཐད་ཕུལ་བྱུང་གི་གྲུབ་འབྲས་ཐོབ་པས་སྔ་ཕྱིར་རྒྱལ་ཡོངས་ཀྱི་ལུས་རྩལ་འཕྲོད་བསྟེན་གྱི་སྔོན་ཐོན་སློབ་གྲྭ་(全国体育卫生先进学校)དང་། རྒྱལ་ཡོངས་ལྔ་བཞིའི་དར་དམར་སྡེ་ཨུད་(全国五四红旗团委)  2009ལོའི་དམངས་ཡོངས་ལུས་སྦྱོང་བྱེད་སྒོའི་སྔོན་ཐོན་ཚན་པ་(全国2009全民健身活动先进单位) རྒྱལ་ཡོངས་ཀྱི་གློག་ཅན་སློབ་གསོའི་ལས་དོན་གྱི་སྔོན་ཐོན་ཚན་པ་(全国电化教育工作先进单位)བོད་རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་ལྡན་པའི་སློབ་གྲྭ་ (自治区级文明学校)སོགས་རྒྱལ་ཁབ་དང་། ཞིང་ཆེན། ས་ཁུལ་རིམ་པའི་གཟེངས་བསྟོད་རབ་དང་རིམ་པ་ཐོབ་མྱོང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1