ཀྲུང་གོ་པའི་གཟི་བརྗིད། སུམ་རྩེན་ཨང་རྟགས་གཉིས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-07


སུམ་རྩེན་ཨང་རྟགས་གཉིས་པ་སྟེ་སུམ་རྩེན་ཨང་རྟགས་གཉིས་པ་བར་སྣང་ཚོད་ལྟ་ཁང་ནི་སུམ་རྩེན་ཨང་རྟགས་དང་པོའི་རྗེས་ནས་རང་རྒྱལ་གྱིས་རང་བདག་སྒོས་གསར་བཟོ་བྱས་པའི་བར་སྣང་ཚོད་ལྟ་ཁང་གཉིས་པ་ཡིན་ལ། རང་རྒྱལ་གྱི་མིང་དོན་མཚུངས་བའི་བར་སྣང་ཚོད་ལྟ་ཁང་ཡིན་ཞིང་། གོམ་གང་མདུན་སྤོས་ཀྱིས་བར་སྟོང་སྣོལ་འདྲེས་སྣེ་མཐུད་ལག་རྩལ་སོགས་བར་སྣང་ཚོད་ལྟ་སྤེལ་ས་ཡིན།

སུམ་རྩེན་ཨང་རྟགས་གཉིས་པ་ནི་སའི་གོ་ལའི་ལྟ་དཔྱད་དང་བར་སྣང་སའི་གོ་ལའི་མ་ལག་ཚན་རིག བར་སྣང་ལག་རྩལ་གསར་པ་བཀོལ་སྤྱོད། བར་སྣང་ལག་རྩལ་དང་མཁའ་འཕུར་གསོ་རིག་སོགས་ཁྱབ་ཁོངས་མང་པོའི་ཚོད་ལྟ་དང་བཀོལ་སྤྱོད་བྱེད་བཞིན་ཡོད།

1992ལོར་ཀྲུང་གོས་བར་སྣང་འབབ་ཚིགས་འཛུགས་སྐྲུན་བྱ་རྒྱུའི་དམིགས་འབེན་བྱས་པའི་མཁའ་འཕུར་འཆར་གཞི་བཟོས། འཆར་གཞི་འདི་རིམ་པ་གསུམ་ལ་བགོས་ཡོད་ལ། རིམ་པ་དང་པོ་མི་སྐྱེལ་འཕུར་གྲུ་ཡིན་ལ། མཁའ་འཕུར་མི་སྣ་བར་སྟོང་དུ་བསྐྱལ་ནས་ཉིན་དུ་མར་འཕུར་སྐྱོད་བྱས་རྗེས། བདེ་ལེགས་ངང་ཕྱིར་ལོག་རྒྱུ་དེ་ཡིན། རིམ་པ་གཉིས་པ་དེ་བར་སྣང་ཚོད་ལྟ་ཁང་ཡིན་ལ། རིམ་པ་འདི་ནས་ཆ་སྒྲིག་དང་སྣོལ་འདྲེས་སྣེ་མཐུད། མཁོ་སྤྲོད་སོགས་རེས་འཁོར་བཀོལ་སྤྱོད་སོགས་ལག་རྩལ་ཆེ་ཤོས་བཞི་ཐག་གཅོད་བྱ་རྒྱུ་དེ་ཡིན།

ལག་རྩལ་འདི་དག་བར་སྣང་འབབ་ཚིགས་ཀྱི་ཆ་སྒྲིག་དང་མཁའ་སྐྱོད་པ་བར་སྣང་ནས་འཚོ་བའི་འགག་རྩ་ཡིན་ལ། སུམ་རྩེན་ཨང་རྟགས་དང་པོ་ནི་རིམ་པ་གཉིས་པའི་འཆར་གཞི་ཁྲོད་སྣོལ་འདྲེས་སྣེ་མཐུད་ཀྱི་གནད་དོན་ཐག་གཅོད་བྱེད་ཆེད་བཏང་བའི་འཕུར་སྐྱོད་ཆས་ཡིན་ལ། སྣོལ་འདྲེས་བྱས་རྗེས་དུས་ཡུན་ཐུང་ངུའི་ཁྲོད་བར་སྣང་ཚོད་ལྟ་ཁང་ལ་བདག་གཉེར་བྱེད་མཁན་ཡོད་ལ། ལག་རྩལ་འཛོམས་པའི་དུས་སུ་བར་སྣང་ཚོད་ལྟ་ཁང་སུམ་རྩེན་གཉིས་པ་གཏང་ཆོག

སུམ་རྩེན་ཨང་གཉིས་པའི་ཁྲོད་ནས་བསྐྱར་སྐྱེད་འཁོར་རྒྱུག་མ་ལག་དང་ཚོད་ལྟའི་ལས་གཞི་གཞན་དག་སྤེལ་ཐུབ་ལ། བར་སྣང་གི་ཚོད་ལྟའི་རིམ་པ་བརྒྱུད་དེ་རིམ་པ་གསུམ་པའི་འཆར་གཞིའི་རྗེས་ནས་རྩ་བའི་རང་བཞིན་གྱི་བར་སྣང་འབབ་ཚིགས་ཤིག་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན། དེ་བས་ཧེ་ནན་ཝུན་ཁྲང་ནས་ཅིའུ་ཆོན་དང་ཐེ་ཡོན། ཞི་ཁྲང་བཅས་པས་མཁའ་སྐྱོད་འཕུར་གཏོང་ས་ཚིགས་བཞི་པ་གསར་འཛུགས་བྱས། དེ་ཡིས་གཙོ་བོ་སའི་གོ་ལའི་འགྲོས་དང་བསྟུན་པའི་འཁོར་སྐར་དང་བར་སྣང་འབབ་ཚིགས་ཆེ་ཤོས། བར་སྟོང་རྟོག་དཔྱོད་འཁོར་སྐར་སོགས་གཏོང་བའི་འཕུར་གཏོང་འོས་འགན་ཁུར་ཡོད།

ཀྲུང་གོའི་མི་སྡོད་མཁའ་སྐྱོད་ལས་གཞིའི་གཞུང་སྒྲུབ་ཁང་ངོ་སྤྲོད་བྱས་པ་ལྟར་ན། སུམ་རྩེན་ཨང་རྟགས་གཉིས་པ་གཏོང་དགོས་པའི་དམིགས་འབེན་གཙོ་བོ་ནི་མི་སྡོད་ལྷ་གྲུ་ཨང་བཅུ་གཅིག་པ་འབྲེལ་གཏུགས་དང་ལེན་བྱེད་པ་དང་། མཁའ་སྐྱོད་པ་དེ་རུ་རེ་ཞིག་འདུག་རྒྱུ་བྱས་ཏེ། དུས་ཡུན་རིང་པོའི་འཕུར་སྐྱོད་ཁྲོད་མཁའ་སྐྱོད་པའི་འཚོ་བ་དང་བདེ་ཐང་། བྱ་བའི་ཁག་ཐེག་སོགས་འབྲེལ་ཡོད་ལག་རྩལ་དཔྱད་ཞིབ་བྱ་རྒྱུ་དེ་ཡིན་ལ། མཁའ་གྲུ་ཨང་རྟགས་དང་པོ་ཟོག་སྐྱེལ་འཕུར་གྲུའི་འབྲེལ་གཏུགས་དང་ལེན་བྱས་ནས་སྐུལ་འདེད་བྱ་རྒྱུ་དང་འཁོར་ལམ་ལག་རྩལ་དཔྱད་ཞིབ་བྱ་རྒྱུ། མཁའ་སྐྱོད་གསོ་རིགས་དང་བར་སྣང་ཚན་རྩལ་ཚོད་ལྟ་དང་བར་སྣང་བཀོལ་སྤྱོད་ལག་རྩལ་སོགས་བར་སྣང་གི་ལག་རྩལ་ལ་དཔྱད་ཞིབ་བྱ་རྒྱུ་དེ་ཡིན།

མཁའ་སྐྱོད་པའི་བར་སྣང་དུ་འཕུར་སྐྱོད་བྱེད་དུས་དེ་དག་གི་ཁ་ཟས་དང་གཉིད་པ། ལུས་སྦྱོང་། རོལ་རྩེད་སོགས་ཁག་ཐེག་བྱ་ཆེད་སུམ་རྩེན་ཨང་རྟགས་གཉིས་པས་འགྲོ་འདུག་ཟ་གསུམ་གྱི་ཁོར་ཡུག་ལེགས་བཅོས་བྱས་ནས། མཁའ་སྐྱོད་པར་རང་ཁྱིམ་ལྟ་བུའི་ཚོར་བ་ཞིག་གནང་ཡོད། ཁང་པའི་ནང་གི་ཁ་དོག་དང་འོད་ཐིག འཛེར་སྒྲ་འགོག་པ་སོགས་ལ་མི་གཤིས་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཡོད། མཁའ་སྐྱོད་པས་བར་སྣང་ཚོད་ལྟ་ཁང་ནས་ས་ངོས་ཀྱི་བརྙན་འཕྲིན་བརྡ་རྟགས་འབྱོར་ཐུབ་ལ། རང་ཉིད་ཀྱི་ཁྱིམ་མི་དང་ལྷན་དུ་གནམ་སའི་ཁ་པར་དང་མི་སྒེར་གྱི་གཏམ་གླེང་བྱ་ཆོག མཁའ་སྐྱོད་པའི་ལྗིད་ཤུགས་ཉམས་པའི་གནས་ཚུལ་འོག་ལུས་པོའི་ལུས་ཟུངས་ཉམས་པ་སྔོན་འགོག་བྱེད་ཆེད་སུམ་རྩེན་ཨང་གཉིས་པས་ནུས་ཤུགས་སྦྱོང་བརྡར་གྱི་མཁོ་ཆས་བཀོད་སྒྲིག་བྱས་ཡོད་ལ། དུས་ངེས་གཏན་གྱི་ཁྲོད་ནས་མཁའ་སྐྱོད་པའི་སྙིང་གི་ཁྲག་རྩ་དང་ལུས་ཕུང་གི་འཕྲོད་བསྟེན་དམིགས་ཚད་བརྟག་དཔྱད་བྱེད་བཞིན་ཡོད།

རང་རྒྱལ་གྱིས་བར་སྣང་གི་ཧྲུག་ལྷེབ་གནད་དོན་ལ་གཙིགས་མཐོང་ཆེན་པོ་བྱེད་ཅིང་། རྒྱང་སྐྱོད་ཨང་རྟགས་བདུན་པའི་སྐུལ་འདེད་འཕུར་མདས་བརྐྱང་འབྲུག་ཨང་རྟགས་དང་པོ་དེ་བར་སྣང་གི་ཧྲུག་ལྷེབ་གཙང་བཤེར་བྱེད་པའི་འགག་རྩའི་ལག་རྩལ་ཚོད་ལྟ་བྱས་པ་ཡིན་ལ། སུམ་རྩེན་ཨང་རྟགས་གཉིས་པའི་ལས་ཀའི་མཇུག་མཐར་ཚོད་འཛིན་ལྟར་འཁོར་ལམ་ནས་གཟུར་ནས། ཞི་བདེ་རྒྱ་མཚོའི་མཚོ་ཁུལ་དུ་ལྷུང་ནས་བར་སྣང་གི་གད་སྙིགས་སུ་འགྱུར་མི་སྲིད།

བར་སྣང་འབབ་ཚིགས་འཛུགས་སྐྲུན་བྱ་རྒྱུ་ནི་ཀྲུང་གོའི་མི་སྡོད་མཁའ་སྐྱོད་ལས་གཞིའི་འཐབ་ཕྱོགས་ཀྱི་རིམ་པ་གསུམ་པ་ཡིན་ལ། འཆར་གཞི་ལྟར་ན་2020ལོ་ཡས་མས་སུ་འཛུགས་སྐྲུན་བྱས་ཚར་བ་དང་2022ལོར་ཕྱོགས་ཡོངས་ནས་བཀོལ་སྤྱོད་བྱ་རྒྱུ་རེད།

འབྲེལ་ཡོད་མི་སྣས་བཤད་པར་ལྟར་ན་བར་སྣང་འབབ་ཚིགས་ནི་ཁང་སྒོ་མང་བའི་མཁའ་འཕུར་སྒྲིག་ཆས་ཤིག་ཡིན་ལ། དེ་བས་མ་འོངས་པའི་བར་སྣང་འབབ་ཚིགས་ཀྱི་ཆེ་ཆུང་དེ་སུམ་རྩེན་ཨང་གཉིས་པ་ལས་ཆེན་པོ་ཡོད་ལ། འཁོར་ལམ་ནས་ལོ་ངོ་བཅུ་ཕྲག་ལྷག་ལ་འཁོར་སྐྱོད་བྱེད་ཐུབ་ལ། མཁའ་སྐྱོད་པ་བར་སྣང་ས་ཚིགས་ནས་ལོ་གཅིག་ལྷག་ལ་འདུག་ཐུབ། བར་སྣང་ས་ཚིགས་ཀྱི་འཛུགས་སྐྲུན་དེ་མཁའ་སྐྱོད་པའི་ཡུན་རིང་གཏན་སྡོད་དང་ལྗིད་ཤུགས་ཆུང་བའི་ཁོར་ཡུག་ཁྲོད་ནང་ལོགས་སྒྲིག་ཆས་ཀྱི་གསོ་བཅོས་དང་སྐུལ་འདེད་རྫས་སོགས་གནད་འགག་གི་ལག་རྩལ་དག་ངེས་པར་དུ་སྔོན་ནས་ཚོད་ལྟ་དང་དམ་འཛིན་བྱ་དགོས་ཟེར།

སུམ་རྩེན་ཨང་རྟགས་གཉིས་པ་བར་སྣང་ཚོད་ལྟ་ཁང་དེ་2016ལོའི་ཟླ་9པའི་ཚེས་15ཉིན་གྱི་དུས་ཚོད་22སྐར་མ་04སྐར་ཆ་09སྟེང་ཅིའུ་ཆོན་འཁོར་སྐར་འཕུར་གཏོང་ལྟེ་གནས་ནས་འཕུར་གཏོང་ལེགས་གྲུབ་བྱུང་བ་བརྒྱུད་ལྷ་གྲུ་ཨང་རྟགས་བཅུ་གཅིག་པ་དང་འབྲེལ་གཏུགས་བྱ་རྒྱུ་རེད། 2016ལོའི་ཟླ་10པའི་ཚེས་19ཉིན་གྱི་དུས་ཚོད་3དང་སྐར་མ་31སྟེང་ལྷ་གྲུ་ཨང་རྟགས་བཅུ་གཅིག་པ་དང་སུམ་རྩེན་ཨང་རྟགས་གཉིས་པ་རང་སྒུལ་སྒོས་སྣོལ་འདྲེས་སྦྲེལ་མཐུད་ལེགས་གྲུབ་བྱུང་། 2016ལོའི་ཟླ་10པའི་ཚེས་23ཉིན་གྱི་སྔ་དྲོའི་དུས་ཚོད་7དང་སྐར་མ་31སྟེང་། སུམ་རྩེན་ཨང་རྟགས་གཉིས་པར་འགྲོགས་པའི་འཁོར་སྐར་དེ་སུམ་རྩེན་ཨང་རྟགས་གཉིས་པའི་སྟེང་ནས་བདེ་ལེགས་ངང་བཏང་། ། 

天宫二号,即天宫二号空间实验室,是继天宫一号后中国自主研发的第二个空间实验室,也是中国第一个真正意义上的空间实验室,用于进一步验证空间交会对接技术及进行一系列空间试验。

天宫二号主要开展地球观测和空间地球系统科学、空间应用新技术、空间技术和航天医学等领域的应用和试验,包括释放伴飞小卫星,完成货运飞船与天宫二号的对接。

天宫二号空间实验室已于2016年9月15日22时04分09秒在酒泉卫星发射中心发射成功,与神舟十一号飞船对接。2016年10月19日3时31分,神舟十一号飞船与天宫二号自动交会对接成功。2016年10月23日早晨7点31分,天宫二号的伴随卫星从天宫二号上成功释放。

2019年1月14日,天宫二号完成了伽马射线暴瞬时辐射的高精度偏振探测。


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1