༄༅།། མཚོ་ཤི་བོ་ཞེས་པ་ནི་མཚོ་ཞིག་ཡིན་ནམ།
རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 03-18
སི་ཧའེ་སྟེ་མཚོ་ཤི་བོ་ཞེས་པ་ནི་མཚོ་ཞིག་མ་ཡིན་པར་འཛམ་གླིང་སྟེང་གི་ས་བབ་ཆེས་དམའ་བའི་མཚེའུ་ཞིག་ཡིན། མཚེའུ་དེ་ནི་ཅོར་ཏན་དང་ཕ་ལེ་སི་ཐན་རྒྱལ་ཁབ་གཉིས་ཀྱི་མཚམས་སུ་ཡོད། མཚེའུ་ཆུ་ལ་ལན་ཚྭ་འདུས་ཚད་མཐོ་བས་མཚེའུ་ནང་དུ་སྐྱེ་དངོས་ཅི་ཡང་མེད་པ་དང་། ཐ་ན་མཚེའུ་འགྲམ་ངོགས་སུའང་རྩི་ཤིང་མི་སྐྱེ་བས་མིང་ལ་མཚོ་ཤི་བོ་ཟེར། གཞན་ད་དུང་མཚོ་ཤི་བོའི་ནང་དུ་འཛུལ་ན་མི་འཐིམ་པ་རེད། མཚོ་ཤི་བོ་ཞེས་པའི་མཚེའུ་རུ་ལན་ཚྭ་འདུས་ཚད་ཧ་ཅང་མཐོ། ལན་ཚྭ་འདུས་ཚད་རྒྱ་མཚོ་གཞན་དང་བསྡུར་ན་ཧ་ལམ300%ཡས་མས་ཀྱིས་མཐོ་བས་ན། མི་ཆུ་རུ་མི་བྱིང་བར་ཆུ་ཁར་གཡེང་བ་རེད། །
《ཤེས་བྱ་དྲིས་བརྒྱ་བ》ཡི་རྒྱ་མཚོའི་ཤེས་བྱ་སྐོར་ལས་དྲངས།