བྱང་སྡེ་ཉི་མ་རྫ་ཆུ་ཁའི་འཕེལ་རིམ་གྱི་མཆོར་ཉམས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-13


        སྔོན་འགྲོའི་གཏམ།

   ཞོགས་པའི་སྐྱ་མདའ་ཤར་བ་དང་བྱང་སྡེ་ཉི་མ་རྫ་ཆུ་ཁའི་རྩྭ་ཐང་ཡང་དལ་བུར་གཉིད་ལས་སད་ཅིང་གསོན་ཤུགས་འབར་བའི་མིག་ཟུང་ཕྱེས་ནས་ཕྱོགས་བཞིར་རྒྱང་ལྟ་བྱས། དེ་ནས་དད་པའི་རྟེན་དུ་གྱུར་པའི་མ་ཎི་རྡོ་འབུམ་ནས་འཛམ་གླིང་ན་ཆེས་མཛེས་པའི་འདམ་རའི་བར་དང་། བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་དགོན་པ་ནས་བརྗིད་ཆགས་སེར་གནས་པའི་རི་ཀླུང་བར། ལྗང་འཇགས་སེར་གནས་པའི་མཚེའུ། གཡུ་འབྲུག་ཐང་ལ་འཁྱིལ་འདྲའི་དལ་འབབ་རིང་མོ། རང་དབང་གིས་མཆོང་ལྡིང་རྩེད་དགའ་རོལ་པའི་རི་དྭགས་ཀྱི་ཁྱུ་སོགས་མཐོང་ལམ་དུ་མངོན་པས། རང་གི་མཆོར་སྒེག་ལང་ཚོ་ལ་སེམས་གཏིང་ནས་ཡི་རང་བྱུང་ངོ་།།    

འཚོ་སྡོད་དཀའ་བའི་ས་ཁུལ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་མཐོ་སྒང་གི་གྲོང་ཁྱེར།

   ད་སྐབས་སེར་ཤུལ་རྫོང་དུ་འགྲོ་སྐབས་མི་ཚང་མའི་མིག་ལམ་དུ་མངོན་སྙོམས་ཤིང་ཡངས་པའི་གཞུང་ལམ་དང་མཛེས་ཤིང་སྡུག་པའི་ཁྱིམ་གཞིས།གསལ་ཞིང་བཀྲ་བའི་ལམ་སྒྲོན་སོགས་ཡིན་པ་རེད་མ་གཏོགས་གཞན་ལ་རྫོང་མཁར་ཡག་རབས་དང་ཁོར་ཡུག་མཛེས་རབས་སོགས་བཤད་ན་བདེན་དུ་བཟུང་མཁན་ཡོད་རྒྱུ་མ་རེད། གང་རེད་ཅེ་ན། སྔོན་ཆད་འདི་ལ་ནི་མི་དང་ནོར་ལུག་མཉམ་དུ་འགྲོ་བའི་རྫོང་མཁར་ཞིག་ཡིན་པས་རེད། སེར་ཤུལ་རྫོང་ལ་འཛམ་གླིང་ཐོག་ཆེས་མཛེས་པའི་འདམ་ར་དང་ལོ་སྟོང་གི་ཐང་བོད་གནའ་ལམ། རྡོ་བརྐོས་སྒྱུ་རྩལ་གྱི་ཡུལ་ཁམས།བཀྲ་ཤིས་པའི་བྱང་སྡེ་ཉི་མ་ཞེས་མཚན་སྙན་ཐོབ་ཡོད་པ་རེད། འོན་ཀྱང་ལོ40ཡི་ཡར་སྔོན་དུ་འདིར་སོ་ཕག་དང་ཨར་འདམ་འདྲེས་པའི་ཁང་པ་མེད་ལ། གྲོང་ཁྱེར་ཅན་གཞུང་ལམ་དང་དྭངས་གཙང་བློས་འཁེལ་ཆོག་པའི་འཐུང་ཆུ་ནི་དེ་བས་ཀྱང་མེད་པས་རྫོང་མཁར་ཐབས་ཆགས་ཤིག་ཡིན་པ་རེད།

བྱང་སྡེ་ཉི་མ་རྫ་ཆུ་ཁའི་འཕེལ་རིམ་གྱི་མཆོར་ཉམས།

     ལོ་བཞི་བཅུའི་རིང་ཧུར་བརྩོན་ལྷོད་མེད་བྱས་མཐར། ད་ཆ་སེར་ཤུལ་རྫོང་དུ་འཕྲེད་གསུམ་གཞུང་གསུམ་དང་ལོ་ཆུང་གྲོང་རྡལ་དུ་འཕྲེད་གཉིས་གཞུང་གསུམ། སེར་ཤུལ་གྲོང་རྡལ་དུ་འཕྲེད་བཞི་གཞུང་བཞིའི་གྲོང་རྡལ་གྱི་བཀོད་སྒྲིག་བྱེད་ཚུལ་ཧ་ལམ་གྲུབ་ཡོད་ཅིང་། གྲོང་ཡུལ་རིམ་སྤར་གྱི་འཐབ་ཇུས་ལག་ལེན་བྱས་པའི་ཁྲོད་དུ་ཡུལ་ཐོན་ཁྱད་རྫས་ལས་སྣོན་དང་མི་རིགས་ཀྱི་ལག་ཤེས་བཟོ་ལས། ཡུལ་སྐོར་ཞབས་ཞུའི་ལས་རིགས་བཅས་གཅིག་བསྡུས་ཀྱིས་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།

    སྔོན་ཆད་འཚོ་ཐབས་བྲལ་བའི་ས་གནས་འདི་དེང་སང་མུ་ཏིག་ཐང་ལ་གདལ་བ་ལྟ་བུར་གྱུར་ཡོད། སེར་ཤུལ་རྫོང་གིས་རྡོ་བརྐོས་རིག་གནས་དང་སྦྲ་གུར་རིག་གནས། འབྲོག་པའི་རིག་གནས།བཙན་མདའ་སྐོར་བྲོ། འབྲོག་པའི་ལ་གླུ་བཅས་རིག་གནས་རྒྱུ་རྩལ་གྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ་ཁྱད་ཆོས་ལྡན་པའི་ཁྲོམ་གཞུང་གཏོད་པ་དང་གྲོང་སྡེ་ཧྲིལ་པོར་ལས་གཞི་འཛུགས་སྐྲུན་བྱས་ནས་རིམ་པ་བཞིན་དུ་སེར་ཤུལ་རྫོང་མཁར་གྱི་རྣམ་པ་ལེགས་སུ་གཏོང་བཞིན་ཡོད། རྒྱལ་སྲུང་གཞུང་ལམ345པ་དང་ཞིང་ཆེན་རིམ་པའི་གཞུང་ལམ217པ། རྒྱལ་སྲུང་གཞུང་ལམ215པ། ལོ་ཆུང་དང་སེར་ཤུལ། དར་རི་བཅས་འབྲེལ་བའི་ལམ་ཐིག་དེས་གྲོང་རྡལ་འཕེལ་རྒྱས་གཏོང་བའིHརྣམ་པའི་བར་སྟོང་འབྲེལ་ལམ་བྱས་པ་དང་འབྲི་ཆུའི་གྲོང་རྡལ་དང་ཡར་ཀླུང་གཙང་པོའི་གྲོང་རྡལ་འཕེལ་རྒྱས་གཏོང་བའི་བར་སྟོང་གྲུབ་ཚུལ་འཕེལ་རྒྱས་བཏང་བ་རེད། གྲོང་རྡལ་ཅན་གསར་པར་འཛུགས་སྐྲུན་བྱ་རྒྱུ་ཡིས་དམིགས་ཡུལ་བྱས་ཏེ་ལྟེ་གནས་གྲོང་ཁུལ་དང་གཙོ་གནད་གྲོང་རྡལ། གྲོང་སྡེ་གསར་པ་འཛུགས་སྐྲུན་བྱ་རྒྱུ་དེ་གཙོ་བོར་བཟུང་ནས་གྲོང་ཁྱེར་ཆེ་གྲས་ཀྱི་སྒྲོམ་གཞི་འཐུས་ཚང་དུ་བཏང་བ་དང་གྲོང་རྡལ་གྱི་བྱེད་ནུས་འཐུས་སྒོ་ཚང་དུ་བཏང་བ། རྨང་གཞིའི་སྒྲིག་བཀོད་ཆ་ཚང་དུ་བཏང་བ། འཛུགས་སྐྲུན་དང་དོ་དམ་ཚད་ལྡན་གཏོང་བར་ཤུགས་སྣོན་བརྒྱབ་པ་རེད།

    2018ལོར་རྫོང་ཡོངས་སུ་ལས་གཞི88འཛུགས་སྐྲུན་བྱས་ཏེ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར63.88བཏང་ཡོད། བོད་སྐྱོར་ལས་ཁུངས་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ལིའུ་ཆུས་ཀྱི་ལས་གཞི་མ་དངུལ་དང་རིག་སྟོབས་ལེགས་ཆར་བརྟེན་ནས་མ་འོངས་པའི་ལོ་གསུམ་ནང་དུ་གྲོང་ཡུལ་ཁོར་ཡུལ་ཕྱོགས་བསྡུས་བཅོས་སྐྱོང་མ་དངུལ་སྒོར་ཁྲི1500གཏང་རྒྱུའི་འཆར་གཞི་བྱས་ནས་སེར་ཤུལ་རྫོང་གྲོང་ཡུལ་ཁོར་ཡུག་རྣམ་པ་རིམ་བཞིན་དུ་ལེགས་སུ་གཏང་རྒྱུ་ཡིན་པ་རེད།

    2018ལོར་སེར་ཤུལ་རྫོང་གི་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཀྱི་ཡོང་འབབ་སྒོར་ཁྲི5046དང་གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱིས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར་ཁྲི34881 ཞིང་སྡེའི་ཡུལ་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱིས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར་ཁྲི10572ལེགས་གྲུབ་བྱུང་ཡོད་པས་ཐེངས་དང་པོར་སྒོར་ཁྲིའི་འགག་སྒོ་ཆེན་པོ་བཏོད་ཡོད། དབུལ་ཕོངས་གྲོང་སྡེ46གི་དབུལ་ཕོངས་ཞྭ་མོ་བདེ་བླག་ངང་ནས་ཕུད་པ་དང་དུད་ཚང1406གི་ཡུལ་དམངས5564དབུལ་ཕོངས་ལས་ཐར་ཡོད། མ་དངུལ་སྒོར་ཁྲི1635བཏང་ནས་གྲོང་སྡེའི་བྱེད་སྒོ་ལྟེ་གནས31གསར་དུ་བསྐྲུན་པ་དང་མ་དངུལ་སྒོར་ཁྲི1639བཏང་ནས་དབུལ་ཕོངས་གྲོང་སྡེ46ལ་ལམ་སྒྲོན་དང་གད་སྙིགས་གསོག་ས། སྤྱི་པའི་གསང་སྤྱོད་ཁང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཡོད་པས་མ་ཚད་གྲོང་སྡེའི་རིག་གནས་བྱེད་སྒོ་སྤེལ་ཁང46བསྐྲུན་ཡོད། མ་དངུལ་སྒོར་ཁྲི2685བཏང་ནས་ཆུང་བཞིའི་ལས་གཞི24ལག་བསྟར་བྱས་ཡོད།མ་དངུལ་སྒོར་དུང་ཕྱུར4.39བཏང་ནས2018ལོ་དང2019ལོའི་གནས་སྤོ་ཡུལ་མིའི་ལས་གཞི་ལག་བསྟར་བྱས་ཏེ་གཅིག་བསྡུས་ཀྱིས་དུད་ཚང556གི་མི2039གཞིས་ཆགས་བྱས་ཡོད། དུད་ཚང1366གི་མི་གྲངས4813ཁ་ཐོར་བྱས་ནས་གཞིས་ཆགས་བྱས་ཏེ་དབུལ་སྐྱོར་མ་དངུལ་ཁག་བཞི་བཅས་ལག་བསྟར་བྱས་ཡོད་པ་རེད།

བྱང་སྡེ་ཉི་མ་རྫ་ཆུ་ཁའི་འཕེལ་རིམ་གྱི་མཆོར་ཉམས།

    མ་དངུལ་སྒོར་དུང་ཕྱུར17.3བཏང་ནས་ཡུལ་ཤོག་དང་གྲོང་སྡེར་ཐར་བའི་གཞུང་ལམ་སྤྱི་ལེ2447བསྐྲུན་ཏེ2019ལོར་གྲོང་སྡེའི་གཞུང་ལམ་བསྐྲུན་རྒྱུའི་ལས་གཞི་སྔར་ཚེ་ནས་ལག་བསྟར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར6.5བཏང་ནས་ཞིང་ཆེན་རིམ་པའི་གཞུང་ལམ457པའི་སེར་ཤུལ་ནས་ལོ་ཆུང་བར་གྱི་ལམ་དུམ་དང་རྒྱལ་སྲུང་གཞུང་ལམ345པའི་འཇུ་རྐིང་ནས་དར་རི་བར་གྱི་ལམ་དུམ་དེ་སི་ཁྲོན་མངའ་ཁོངས་ཀྱི་ལམ་གཞིའི་རྨང་གཞི་འཛུགས་སྐྲུན་སྤྱི་ལེ81ལེགས་གྲུབ་བྱུང་བ་རེད། རྒྱལ་སྲུང་གཞུང་ལམ215པའི་ལོ་ཆུང་ནས་ཡུལ་ཤུལ་བར་གྱི་ལམ་གཞི་འཛུགས་སྐྲུན་སྤྱི་ལེ48བཅས་ལེགས་གྲུབ་བྱུང་ཡོད་པ་རེད། མ་དངུལ་སྒོར་ཁྲི888བཏང་ནས་འཚོ་བཅུད་ལེགས་གཏོང་འཆར་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། གསར་དུ་དགེ་རྒན་མི་གྲངས92བསྡུས་བ་དང་སློབ་གྲྭར་ཡོད་པའི་སློབ་མ15769ཟིན་ཡོད་པས་2017ལོ་ལས་མི་གྲངས1814འཕར་ཡོད།སློབ་གསོའི་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་ཏེ་འགན་སྲུང་རང་བཞིན་གྱི་མ་དངུལ་སྒོར་ཁྲི6676བཅས་བཏང་ཡོད་པ་རེད། མཚོ་འཕགས་སྨི4526སར་འཚོ་གནས་བྱེད་བཞིན་པའི་རྫ་ཆུ་ཁའི་བུ་དང་བུ་མོ་ཚོས་དད་སེམས་བརྟན་སྲུང་བྱས་པའི་མཐོ་ཚད་ཡིན་ཞིང་། སྤྱི་ལེ་གྲུ་བཞི་མ25191གི་རྒྱ་ཁྱོན་ནི་རྫ་ཆུ་ཁའི་བུ་དང་བུ་མོ་ཚོས་རིག་སྟོབས་ལ་བརྟན་ནས་ས་གནས་སྲུང་སྐྱོང་བྱས་པའི་རྒྱ་ཁྱོན་ཡིན་པ་རེད། མི་དམངས་མང་ཚོགས་ཁྲི10.1དབུལ་ཐར་ཕྱུག་འགྱུར་བྱས་པའི་ཚད་དེ་རྫ་ཆུ་ཁའི་བུ་དང་བུ་མོ་ཚོས་དཀའ་སྤྱད་སྡུག་རུས་བྱས་པའི་འབྲས་བུ་ཡིན། རྫ་ཆུ་ཁའི་བུ་དང་བུ་མོ་ཚོས་མུ་མཐའ་མེད་པའི་བྱང་སྡེ་ཉི་མ་རྫ་ཆུ་ཁའི་རྩྭ་ཐང་སྟེང་དུ་སེམས་ཤུགས་གཅིག་སྒྲིལ་གྱིས་འབྱོར་འབྲིང་གི་ལམ་དུ་བསྐྱོད་པའི་ལེ་ཚན་གསར་པ་ཞིག་བྲིས་པ་རེད།།

དཀའ་སྡུག་འཚོ་བ་ནས་བདེ་སྐྱིད་ལམ་དུ་སྐྱོད་པའི་མི་རབས་ཤིག

    འབྲུ་མཛོད་ནང་དུ་ནས་དང་འབྲས། གྲོ། ཕྱུར་བ་སོགས་བཟའ་བཅའི་རིགས་རྒྱ་མ2000ལྷག་འཇོག་ཡོད་པ་རེད། འཁྱགས་སྒམ་ནང་དུ་ཟོག་ཤ་དང་ལུག་ཤ་སོགས་དགུན་བརྒལ་གྱི་དངོས་རྫས་གང་ཡོད་ཅིང་། ཇ་ཁང་དུ་ཕྱིས་ནས་གསར་པ་ནང་བཞིན་གྱི་ཐབ་ཆས་གྲ་འགྲིག་བྱས་ཏེ་དཀར་སྒམ་ནང་བཞག་ནས་འདུག ཐབ་ཀའི་ནང་མེ་ཆེན་པོ་གསོས་ཏེ་ཇ་ཁང་ཧྲིལ་པོར་དྲོ་ཐིང་ཐིང་རེད། སེར་ཤུལ་རྫོང་རྩེ་མདའ་ཤང་འགག་ཡི་གྲོང་སྡེའི་ཡུལ་མི་ཨ་ཕྱི་གཡང་མཚོའི་ཁྱིམ་དུ་ཁོ་མོའི་བུ་ཆུང་བས་མནའ་མ་བསུ་གྲབས་ཡོད་པའི་རྒྱ་མཚོ་ལྷ་མོས་ཇ་ཁང་ནང་བྲེལ་ཟིང་ངང་ནས་ཟ་མ་བཟོ་བཞིན་འདུག

    རྒྱ་མཚོ་ལྷ་མོའི་འགྲམ་དུ་མེ་སྤར་རོགས་བྱེད་མཁན་ཨ་ཕྱི་གཡང་མཚོའི་སེམས་སུ་བདེ་སྐྱིད་ཀྱིས་ཕྱུག་པའི་སྤྲོ་དགས་ཁེངས། སྤྱི་ཟླ11པའི་ཚེས30ཉིན། བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ལོ40འཁོར་བར་བསུ་མ་བྱེད་པའི་སྐབས་སུ་ཨ་ཕྱི་གཡང་མཚོ་ཚང་ལའང་བཀྲ་ཤིས་པའི་དོན་བཟང་ཞིག་དང་འཕྲད་ཡོད། ལོ་ན33ལ་སོན་པའི་བུ་ཆུང་བ་ཀུན་གཡང་ཡིས་མནའ་མ་བསུ་རྒྱུ་ཡིན་ཞིང་། མནའ་མ་ནི་ཁོ་མོའི་ཇ་ཁང་དུ་ཟ་མ་བཟོ་བར་བྲེལ་བཞིན་པའི་འཇོན་ཐང་ལྡན་པའི་རྒྱ་མཚོ་ལྷ་མོ་རེད། ལོ་ན70ལ་སོན་པའི་ཨ་ཕྱི་གཡང་མཚོ་ལ་མཚོན་ན། བདེ་སྐྱིད་ཀྱི་འཚོ་བ་ནི་དེ་ལས་ལྷག་པ་ཞིག་ག་ན་ཡོད།

    ལོ33གྱི་སྔོན་དུ་བུ་ཆུང་བ་སྐལ་གཡང་སྐྱེ་མ་ཐག་ནས་ཁོ་མོའི་ཁྱོ་ག་ཚེ་ལས་འདས་པ་རེད། ཨ་ཕྱི་གཡང་མཚོས་བུ་གཉིས་སྐྱིད་སྡུག་མཉམ་མྱོང་བྱས་ཏེ་སྨི་གྲུ་བཞི་མ30ཡང་མེད་པའི་ས་རྡོ་ལས་གྲུབ་པའི་སྡོད་ཁང་དུ་འཚོ་གནས་མི་སྡོད་ཐབས་མེད་ལ་འཁེལ། ངལ་རྩོལ་མི་ལག་མི་འདང་བའི་རྐྱེན་གྱིས་དུས་རྒྱུན་དུ་ཁྱིམ་མི་ཚང་མར་ཡུལ་མི་སྤུན་ཟླ་ཚོས་བྱིན་པའི་དངོས་རྫས་ལ་བརྟེན་ནས་འཚོ་བ་མི་རོལ་ཐབས་མེད་ལ་ཐུག དེའི་སྐབས་ཀྱི་འཚོ་བ་ནི་ཧ་ཅང་དཀའ་མོ་ཡིན་ལ་རེད། གལ་སྲིད་ལག་ནང་དངུལ་ལྷག་མ་ཕྲན་བུ་ཡོད་ན་ལོ་གསར་དུས་སུ་ཀ་ར་ཉུང་དུ་ཙམ་ཉོས་ཏེ་རྩམ་པའི་ནང་བསྲེས་ནས་བཟའ་བ་དེ་ལོ་གསར་གཏོང་བའི་ཁོངས་སུ་ཡིན་པ་རེད།

 དུས་ནམ་ཡིན་ཡང་ཨ་ཕྱི་གཡང་མཚོའི་སེམས་སུ་ཆེས་ཆེ་བའི་རེ་འདུན་ནི་ཁྱིམ་མི་ཚང་མར་ཟ་རྒྱུ་དང་གྱོན་རྒྱུ་ཡོད་པ་དང་། བུ་གཉིས་ཀ་བདེ་བླག་ངང་གཉེན་སྒྲིག་ནས་ཁྱིམ་གཞིས་རེ་འཛིན་ཐུབ་ན་བསམ་རྒྱུ་དེ་རེད། ལོ་འདི་དག་གི་རིང་ལ་ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གིས་ཐུགས་ཁུར་དང་རོགས་རམ་གནང་འོག བུ་ཆེ་བས་ས་གཞན་དུ་གཉེན་སྒྲིག་བྱས་ཏེ་རང་ཉིད་ཁྱིམ་གཞིས་གསར་པ་བཙུགས་ཡོད་མོད། བུ་ཆུང་བའི་གཉེན་སྒྲིག་བྱ་རྒྱུའི་དོན་དག་དེ་ཁྱིམ་ནང་དཀའ་ངལ་ཡོད་པའི་རྐྱེན་གྱིས་འགྲུབ་མི་ཐུབ་པ་རེད། དོན་དག་དེ་ནི་ཨ་ཕྱི་གཡང་མཚོའི་སེམས་ནད་དུ་གྱུར་ཡོད།

བྱང་སྡེ་ཉི་མ་རྫ་ཆུ་ཁའི་འཕེལ་རིམ་གྱི་མཆོར་ཉམས།

      དུས་རབས་གོང་མའི་དུས་མཇུག་ནས་འགོ་ཚུགས་ཏེ་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཆེད། རྒྱལ་ཁབ་ཀྱིས་སྔོན་རྗེས་སུ་ཞིང་བསྐྱུར་ནགས་འཛུགས་དང་འབྲོག་དོར་རྩྭ་འདེབས་སོགས་ཀྱི་སྲིད་ཇུས་ལག་ལེན་བསྟར་ཡོད། མཐོ་སྒང་གི་ནགས་ཁུལ་དང་འབྲོག་ཁུལ་ཡིན་པའི་རྩེ་མདའ་ཤང་གིས་ཀྱང་སྲིད་ཇུས་དེ་ལག་ལེན་བསྟར་བའི་ཁེ་ཕན་ཐོབ་ཡོད་པར་བརྟེན། ཨ་ཕྱི་གཡང་མཚོ་ཚང་ལའང་ལོ་རེ་བཞིན་དམངས་ཕན་གྱི་མ་དངུལ་ཡོང་འབབ་ངེས་གཏན་ཞིག་ཡོད་པ་རེད།

     རྩེ་མདའ་ཤང་ནི་སི་ཁྲོན་ནུབ་རྒྱུད་ཀྱི་མཐོ་སྒང་དུ་ཆགས་ཡོད་པའི་མཚོ་སྔོན་གྱི་ཡུལ་ཤུལ་དང་ཐག་ཉེ་ཞིང་། སི་ཁྲོན་ནུབ་རྒྱུད་ཀྱི་ཆེས་མཐའ་འཁོབ་ཀྱི་ཡུལ་ཤོག་ཅིག་ཡིན་པ་རེད། མཚོ་འཕགས་སྨི5000ཡན་གྱི་རི་བོ་ཆེན་ཁ་ཤས་ཀྱིས་བསྐོར་ཡོད་པས་འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བ་རེད། དུས་ཡུན་རིང་པོར་ས་གནས་དེ་གའི་མི་སེར་གྱི་ཡོང་འབབ་གཙོ་བོ་ནི་ལོ་ལྟར་རི་ཐོག་དབྱར་རྩྭ་དགུན་འབུ་དང་ཡུལ་དེ་གའི་ཐོན་རྫས་གྲོ་མ་འཐུས་ནས་འབྱུང་བ་ཡིན་པར་བརྟེན། ཡོང་འབབ་ཧ་ཅང་བརྟན་པོ་མེད་པ་རེད། མི་སེར་རྣམས་ཀྱི་ཡོང་འབབ་འཕར་སྣོན་གཏོང་བའི་ཐབས་ལམ་རྒྱ་སྐྱེད་གཏོང་ཆེད། ས་གནས་དེ་གའི་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར1.5བརྩོན་ལེན་བྱས་ཏེ་རིང་ཚད་བསྡོམས་འབོར་སྤྱི་ལེ98ཡོད་པའི་འགྱིག་སྣུམ་གཞུང་ལམ་བསྐྲུན་ནས་སེར་ཤུལ་རྫོང་མཁར་དང་སྦྲེལ་མཐུད་བྱས་པ་རེད། རྩེ་མདའ་ཡུལ་ཤོག་གི་གནག་ཕྱུགས་ཀྱི་ཤ་རྒྱུ་ཡག་པོ་ཡིན་པས་ཚོང་བྲིན་པོ་ཡིན་པར་བརྟེན། རྩེ་མདའ་ཤང་གིས་ཐུན་མོང་དཔལ་འབྱོར་བེད་སྤྱོད་བྱས་ཏེ་ཤ་སྐམ་གྱི་ལས་སྣོན་བཟོ་གྲྭ་བཙུགས་པ་དང་།གྲོང་ཚོའི་ནང་གི་མི་ལག་སྒྲིག་འཛུགས་བྱས་ཏེ་རིན་པ་མི་དགོས་པར་དེ་ཚོར་ལག་རྩལ་གསོ་སྐྱོང་སྦྱོང་བརྡར་བྱས་ནས་གླ་པ་དང་ལས་ཞུགས་བྱ་རྒྱུའི་ལས་རྐང་འཚོལ་རོགས་བྱས་པ་རེད།

     ཀུན་གཡང་རིན་པ་མི་དགོས་པའི་ལག་རྩལ་གསོ་སྐྱོང་སྦྱོང་བརྡར་བྱེད་པར་ཞུགས་ཏེ་ད་ལྟར་ཤ་སྐམ་ལས་སྣོན་བཟོ་གྲྭའི་ལག་རྩལ་འཇོན་ཐང་ཅན་དུ་གྱུར་ཡོད་ཅིང་། ཡུལ་མི་སྤུན་ཟླ་དང་མཉམ་དུ་ཤ་སྐམ་ལས་སྣོན་བཟོ་གྲྭ་ཚ་ཚ་འུར་འུར་གྱིས་ཚོང་གཉེར་བྱེད་བཞིན་ཡོད་པ་རེད། ཁོ་ཚོར་གླ་བརྒྱབ་པའི་གླ་ཕོགས་ཡོད་པར་མ་ཟད། ལོ་ལྟར་ཁྱིམ་ནང་ད་རུང་ཐུན་མོང་དཔལ་འབྱོར་ནས་བགོས་པའི་ཁེ་སྤོགས་ཀྱང་ཡོད་པ་རེད།

    ཨ་ཕྱི་གཡང་མཚོ་ཚང་གི2018ལོའི་རྩིས་ཐོ་ཕྱེས་ཏེ་བལྟས་དུས། བསྒྱུར་སྤྲོད་རང་བཞིན་གྱི་དམངས་ཕན་མ་དངུལ་གྱི་ཡོང་འབབ་སྒོར9872དང་། ཐུན་མོང་གི་ཁེ་ཕན་སྒོར15200བགོས་ཡོད། དབྱར་རྩྭ་དགུན་འབུ་འཐུས་ཏེ་ཡོང་འབབ་སྒོར8000ཐོབ་པ། གླ་པ་འགྲོ་བ་སོགས་ཁྱིམ་མི་ཡོངས་ལ་ལོ་གཅིག་ལ་ཐོབ་པའི་ཡོང་འབབ་སྒོར་ཁྲི4ལས་བརྒལ་ཡོད་པ་རེད།

    ཡོང་འབབ་འཕར་སྣོན་བྱུང་སྟེ་ཨ་ཕྱི་གཡང་མཚོ་ཚང་ཡང་བདེ་བླག་ངང་དབུལ་ཐར་བྱུང་ནས་འཚོ་བ་ཉིན་རེ་བཞིན་སྐྱིད་པོར་གྱུར་དང་འགྱུར་བཞིན་ཡོད་པ་རེད། 2016ལོར་ཨ་ཕྱི་གཡང་མཚོ་ཚང་གིས་ས་རྡོ་ལས་གྲུབ་པའི་སྡོད་ཁང་རྙིང་པའི་འགྲམ་དུ། གསལ་ཆ་ཡོད་ཡངས་པའི་ཨར་འདམ་སྒྲིག་གཞིའི་ཁང་མིག་ལྔ་བཀབ་རྗེས་ནང་གི་རྒྱན་སྤྲས་ཡག་པོ་བྱས་ཡོད་པ་རེད།

    ཨ་ཕྱི་གཡང་མཚོར་མཚོན་ན། ལོ་འདི་དག་ནང་དོན་དག་བཟང་པོ་གཅིག་རྗེས་གཉིས་མཐུད་དེ་བྱུང་ཡོད། 2018ལོ་ནི་དེ་བས་བདེ་སྐྱིད་འཛོམས་པའི་ལོ་ཞིག་ཡིན་ཞིང་། བུ་ཆུང་བ་སྐལ་གཡང་གིས་རི་ཐོག་ཏུ་དབྱར་རྩྭ་དགུན་འབུ་འཐུ་སར་འགྲོ་དུས་ཁྱིམ་མཚེས་ཤང་གི་བུད་མེད་རྒྱ་མཚོ་ལྷ་མོ་དང་འཕྲད་དེ་དགའ་རོགས་སྒྲིག་ཡོད། ད་ལྟར་ཁོ་གཉིས་ཀ་གཉེན་གན་འཇོག་ནས་ལོ་མཇུག་ཏུ་གཉེན་སྟོན་བྱས་ཏེ་མནའ་མ་བསུ་རྒྱུ་ཡིན་ཞིང་། ཨ་ཕྱི་གཡང་མཚོའི་ལོ་མང་པོ་རིང་བཅངས་པའི་རེ་འདུན་ཡང་འགྲུ་བ་རྒྱུ་རེད། སེམས་གཏིང་ནས་ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེན་ཞུ་བ་དང་། བཅོས་བསྒྱུར་སྒོ་འབྱེད་བྱེད་པར་བཀའ་དྲན་ཆེན་ཞུ་བ་ཡིན་ཞེས་ཨ་ཕྱེ་གཡང་མཚོས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད་པ་རེད།།

ཐབས་མང་མཉམ་སྤྱོད་བྱས་ཏེ་ཐུམ་འབུའི་ནད་ལས་གྲོལ་བའི་དྲན་གསོ་དུམ་བུ།

     སེར་ཤུལ་རྫོང་ཕྱག་ཚྭ་ཡུལ་ཤོག་གི་གྲོང་སྡེ་གཉིས་པ་ཚེ་བཟང་ཚང་གི་ཁྱིམ་དུ། ལྕགས་ཐབ་ནང་གི་མེ་དམར་ལྷོག་ལྷོག་ཏུ་འབར་ཞིང་ཇ་ལྟིར་ནས་ཇའི་རླངས་པ་འཕྱུར་བཞིན་འདུག  སེམས་ཁྲལ་བྱེད་མི་དགོས།ང་ཚོས་འཐུང་རྒྱུ་ནི་ཁྲོན་པ་ཟབ་མོའི་ཆུ་ཡིན་ནི་རེད། ཐུམ་འབུའི་ནད་འགོས་དོགས་ཡོད་མ་རེད་ཅེས་ད་ལོར་ལོ62ལ་སོན་པའི་ཚེ་བཟང་གིས་དགོད་འཛུམ་འཛུམ་གྱིས་དེ་ལྟར་བཤད་ཞོར་ཇ་དྭངས་ཁ་སངས་སངས་ཤིག་གསར་འགོད་པའི་ལག་ཏུ་ཕུལ། འབྲོག་ཁུལ་དུ་ཡུན་རིང་འཚོ་བ་དང་འཕྲོད་བསྟེན་གྱི་གོམས་གཤིས་ཡག་པོ་མེད་པའི་རྐྱེན་གྱིས། ཚེ་བཟང་ལ་ཐུམ་འབུའི་ནད་ཕོག་པ་རེད། གཤའ་བཅོས་བྱས་རྗེས་སྨན་ཡོན་མང་ཙམ་སྤྲད་དགོས་བྱུང་ཡང་། སྨན་བཅོས་ཉེན་སྐྱོབ་ལ་ཞུགས་ཡོད་པས་རང་གིས་སྒོར་མོ100ལྷག་ལས་སྤྲད་མི་དགོས་པ་རེད། ད་ཧ་ལམ་སངས་དྲག་སོང་། ཕྱུགས་འཚོ་དགོས་ན་འདྲ། རྟ་ཞོན་དགོས་ན་འདྲ་རྣམ་དག་ཡོད་མ་རེད་ཅེས་ཚེ་བཟང་གིས་སེམས་སུ་དགའ་བ་གནོན་མི་ཐུབ་པའི་ངང་དེ་ལྟར་བཤད།

      ཚེ་བཟང་དྲོ་ལམ་ལམ་གྱི་འགྲོན་ཚོམས་སུ་བསྡད་ནས་ཁོར་ཐུམ་འབུའི་ནད་ཀྱི་དཀའ་སྡུག་ལས་གྲོལ་ཚུལ་གླེང་བ་རེད། ཐུམ་འབུའི་ནད་ལ་འབུ་སྐྲན་ཞེས་པའི་མིང་ཐོགས་ཡོད། འདི་ནི་མི་ཕྱུགས་ལ་ཕོག་པའི་གཞན་བརྟེན་སྲིན་འབུའི་ནད་ཅིག་ཡིན་ལ། སེར་ཤུལ་རྫོང་དུ་དུས་ཡུན་རིང་པོར་ཁྱབ་ནས་ཡོད། སེར་ཤུལ་རྫོང་འཕྲོད་བསྟེན་སྡེ་ཁག་གིས་མཁོ་འདོན་བྱས་པའི་དན་གྲངས་ལ་གཞིགས་ན། 2015ལོའི་ལོ་མཇུག་བར་དུ་ས་གནས་དེ་གའི་ཐུམ་འབུའི་ནད་པ7195ཡོད་ཅིང་། རྫོང་ཡོངས་སུ་ཐུམ་འབུའི་ནད་ན་ཚད་བརྒྱ་ཆ7.5ཡས་མས་སུ་ཡིན་པ་རེད། ལྦུ་སུབ་ཅན་གྱི་ཐུམ་འབུའི་ནད་པ་ལོ་ལྔའི་གསོན་ཚད་ནི་བརྒྱ་ཆ50ལས་མེད་ཅིང་། ལོ་བཅུའི་ནང་ཤི་ཚད་བརྒྱ་ཆ90ལ་ཟིན་ཡོད། 2005ལོ་ནས་བཟུང་སེར་ཤུལ་རྫོང་གིས་ཐུམ་འབུའི་ནད་པ600ལྷག་ཤི་བ་རེད། ནད་པའི་ཁྲོད་དུ་ཞིང་འབྲོག་དམངས་དཀྱུས་མ་ཡོད་ལ་གཞི་རིམ་གྱི་ལས་བྱེད་པ་ཡང་ཡོད། དེས་མ་ཚད་རིམས་འགོག་སྨན་པ་ཡང་ཡོད་པ་རེད།

བྱང་སྡེ་ཉི་མ་རྫ་ཆུ་ཁའི་འཕེལ་རིམ་གྱི་མཆོར་ཉམས།

     དང་པོ་ངས་རང་གི་ནད་ངོ་ཟིན་རྗེས་སེམས་ཁྲལ་ཆེན་པོ་བྱས་པ་ཡིན། དེ་ནས་སྨན་པའི་ངག་ལྟར་ཉིན་རེ་བཞིན་སྔ་ཕྱི་དྲོའི་སྨན་བཏུང་བ་ཡིན། ལོ་ཕྱེད་རྗེས་ནསBའདས་སྒྲའི་བརྟག་འཕྲུལ་གྱིས་བསྐྱར་བརྟག་རེ་བྱ་དགོས། སྨན་རིན་སྐར་མ་གང་ཡང་སྤྲད་དགོས་པ་མ་རེད། སྨན་པས་ངའི་ནད་ཚུལ་ལ་ཐོག་མཐའ་བར་གསུམ་དུ་རྒྱུས་ལོན་བྱས་ཡོད། ད་ལྟ་ནད་དྲག་གི་ཡོད་པས་སེམས་པ་སྐྱིད་པོ་རང་རེད་ཅེས་ཚེ་བཟང་ལ་སྤྲོ་བས་ཁེངས་ནས་དེ་ལྟར་བཤད། 

     ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་བཅས་ཀྱིས་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་འགོག་བཅོས་ལས་ཀར་མཐོང་ཆེན་གནང་ཡོད། 2015ལོའི་ཟླ་བ11པར། སི་ཁྲོན་ཞིང་ཆེན་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་འགག་སྒྲོལ་སེར་ཤུལ་རྫོང་དུ་ཁྱོན་ཡོངས་ནས་བྱས་པ་རེད།སེར་ཤུལ་རྫོང་གིས་མིག་གི་འཇའ་སྐྱི་དང་མཛུབ་རིས། ཐོབ་ཐང་ལག་ཁྱེར་བཅས་ཕྱོགས་གསུམ་གཞི་གཅིག་གི་འདེམས་བཤེར་དབྱེ་འབྱེད་བྱས་ཤིང་། འདེམས་བཤེར་བྱ་ཡུལ་གྱི་གོ་རིམ་དེ་དག་བརྒྱུད་རྗེས་མ་ལག་ནས་རང་ལས་མེད་པའི་ཚད་གཉིས་ཨང་ཞིག་ཆགས་པ་དང་། སྨན་པས་བཤེར་འབེབས་བྱས་ནས་ནད་པའི་ཐོབ་ཐང་ཆ་འཕྲིན་དང་བརྟག་བཤེར་མཇུག་འབྲས་རྒྱུས་ལོན་བྱེད་ཆོག་པས་ཕན་འབྲས་སྔར་ལས་ཇེ་ཆེར་སོང་བ་རེད། ད་ལྟ་སེར་ཤུལ་རྫོང་སྨན་ཁང་དང་ཡུལ་ཤོག་དང་གྲོང་རྡལ་གྱི་ལྟེ་གནས་འཕྲོད་བསྟེན་ཁང་དུ་ཐུམ་འབུའི་ནད་འདེམས་བཤེར་བྱེད་ས་བཙུགས་ཡོད་ཅིང་ལོ་རྟག་པར་འདེམས་བཤེར་ཞབས་ཞུ་བྱེད་བཞིན་ཡོད། སེར་ཤུལ་རྫོང་གིས་ད་དུང་གྲོང་སྡེར་འགན་ཁུར་ལས་བྱེད་པ་མངགས་པ་དང་སྨན་པ་དང་ནད་པ་བར་ཆ་སྒྲིག་རོགས་སྐྱོར། ནད་པར་རྗེས་འདྲི་བཅས་ཀྱི་དོ་དམ་ལམ་ལུགས་བཙུགས་ནས་ནད་པའི་སེམས་ཁྲལ་མེད་པར་བཟོ་བ་རེད།

    སེར་ཤུལ་རྫོང་གིས་ཁྲོན་པ་གདིང་ཟབ་མོ་བརྐོས་ནས་ཆུ་འཐེན་ཏེ་ཡུལ་མི་རྣམས་ལ་འཐུང་ཆུ་གཙང་མ་མཁོ་འདོན་བྱས་པས་ཐུམ་འབུའི་ནད་ཀྱི་འགོ་ལམ་བཀག་པ་རེད། ད་བར་གཞིས་ཆགས་གནས89ལ་ཁྲོན་པ523བརྐོས་ཡོད་པ་དང་རྒྱུན་འབབ་ཆུ་ལེན་ས52བསྐྲུན་ཡོད།

   ཚེ་བཟང་གིས་སློབ་གྲྭར་འགྲོ་བཞིན་ཡོད་པའི་ཚ་བོས་ལག་པ་བཀྲུ་སྟངས་ཀྱི་གོ་རིམ་བདུན་སྦྱངས་ནས་ཤེས་རྗེས་ཁྱིམ་མི་རྣམས་ལ་ཡང་བསླབས་པ་རེད། སློབ་མ་ཚོས་ཐུམ་འབུའི་ནད་འགོག་བཅོས་གླུ་དབྱངས་བླང་དགོས་ལ་ལག་བཀྲུ་ཞབས་བྲོ་ཡང་འཁྲབ་དགོས།ཐུམ་འབུའི་ནད་འགོག་བཅོས་ཀྱི་ཤེས་ཚད་དེ་སྔོན་གྱི་བརྒྱ་ཆ30ནས་བརྒྱ་ཆ87.94ལ་འཕར་ཡོད། ད་ལྟའི་བར། རྫོང་ཡོངས་སུ་མི88102ལ་ཐུམ་འབུའི་ནད་བཤེར་བྱས་ཡོད་ཅིང་། མི6453ལ་ཐུམ་འབུའི་ནད་ཕོག་ཡོད་པ་དང་། མི748ལ་གཤའ་བཅོས་བྱས་ཡོད། མི698ལ་ནད་ཐོག་སྨན་བཅོས་བྱས་ཡོད། 2016ལོ་ནས་བཟུང་ནོར་སྲིད་པུའུ་ནས་ལོ་བསྟུན་མར་ལྔར་ལོ་རེར་སྒོར་དུང་ཕྱུར2.2བཏང་ནས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་ཀར་རྒྱབ་སྐྱོར་བྱས་ཡོད། འཕྲོད་བསྟེན་སྡེ་ཚན་གྱིས་ཐུམ་འབུའི་ནད་པའི་སྨན་རིན་རྩ་ཆག་བྱེད་པ་དང་། གཤའ་བཅོས་རིན་པ་དང་འགྲིམ་འགྲུལ་འགྲོ་སོང་དག་སྨན་བཅོས་ཉེན་སྐྱོབ་དང་ཁ་གསབ་བརྒྱུད་ནས་ཐག་གཅོད་བྱས་པ་རེད།

    དམངས་འཚོའི་ལས་གྲྭ་སྤེལ་བར་དཀའ་ངལ་ཁྱད་དུ་བསད། འབུ་སྐྲན་བཅོས་པར་དམངས་སེམས་རབ་ཏུ་འགུགས། 2020ལོར་བསླེབ་ཚེ་ཐུམ་འབུའི་ནད་འགོ་མི་ཐུབ་པ་ཚོད་འཛིན་བྱ་ཐུབ་རྒྱུ་རེད། གོང་འོག་ཚང་མས་མི་བརྒྱ་སེམས་གཅིག་བྱས་ནས་ཐུམ་འབུའི་ནད་ལ་འཐབ་འཛིང་བྱེད་ཚེ་རྒྱལ་ཁ་འཐོབ་པའི་རེ་བ་ཡོད་ངེས་ཤིང་། ཡིད་ཆེས་འདི་ནི་དམངས་ཕན་ཁྲོད་དུ་གཅིག་ཏུ་འགྲིལ་བའི་དམངས་སེམས་ལས་ཐོབ་པ་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1