ལྷོ་ནུབ་ཚན་རྩལ་སློབ་ཆེན་གྱིས་ཟུང་ཆུ་རུ་ལག་རྩལ་གསོ་སྦྱོང་སྤེལ།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་ཁུལ་བོད་སྐད་བརྙན་འཕྲིན། སྤེལ་དུས། 03-27


         ཉེ་སྔོན། ལྷོ་ནུབ་ཚན་རྩལ་སློབ་ཆེན་གྱི་རྩ་འཛུགས་ཚོགས་པའི་ཆེད་མཁས་རུ་ཁག་ཟུང་ཆུ་རྫོང་མཐོ་སྒང་ཆང་བ་ལིའི་མཉམ་ལས་ཁང་དུ་ཡོང་ནས་ཉམས་མྱོང་བསླབས་སྤེལ་དང་ཡུལ་དངོས་ནས་དོ་དམ་ལག་རྩལ་གསོ་སྦྱོང་བརྒྱུད་སྤེལ་གནང་།     

        རྒྱུས་ལོན་བྱུང་བ་ལྟར་ན།  མཐོ་སྒང་གི་ཆང་བ་ལི་ནི་༢༠༠༡ལོར་ལྷོ་བྱང་ཕྱོགས་ནས་ནང་འདྲེན་བྱས་པའི་ཆང་བ་ལིའི་རྨང་གཞིའི་སྟེང་ས་གནས་དེ་གའི་ཤིང་ཏོག་དང་སྡེབ་འདྲེས་བྱས་ཏེ་བྱུང་བའི་ཐོན་རྫས་གསར་བ་ཞིག་ཡིན་པ་དང་།    ཁྲོམ་རའི་སྟེང་སྤེལ་བ་ནས་བཟུང་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཡོད་པས་མི་རྣམས་ཀྱིས་དེ་ལ་ཕྱུག་འགྱུར་གྱི་འབྲས་བུ་ཞེས་བརྗོད་ཀྱིན་འདུག་ཅིང་།   ན་ནིང་ཟུང་ཆུ་རྫོང་གིས་ཕྱོགས་མང་འབད་བརྩོན་ལ་བརྟེན་ནས་རྫོང་ཡོངས་དབུལ་སེལ་གྱི་ལམ་དུ་ཞུགས་ཡོད་མོད།  འོན་ཀྱང་ད་ལོ་ཡང་སྲ་བརྟན་འཕེལ་རྒྱས་ལ་སྔར་བཞིན་སྣང་ཆུང་བྱེད་མི་རུང་།  ལོ་ལེགས་ཐོན་འཕེལ་མངོན་འགྱུར་བྱུང་བ་ནས་བཟུང་། ཆང་བ་ལིའི་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་གྱུར་འདུག   དེ་བས་ཚན་ཤེས་ཅུས་ཀྱིས་ལྷོ་ནུབ་ཚན་རྩལ་སློབ་ཆེན་གྱི་ཞིང་ལས་ཆེད་མཁས་པ་གདན་འདྲེན་བྱས་ནས་ལག་རྩལ་ཐད་མཛུབ་ཁྲིད་བྱེད་དུ་བཅུག  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1