2009ལོའི་ཟླ་དང་པོར་ལྷ་བཟོ་ཨ་ཆུང་ལགས་ཀྱིས་ཀོང་ཧན་གྲོང་ཁྱེར་དུ་སི་ཁྲོན་ཁམས་པ་ཏྲ་བཟོ་རིག་སྒྱུ་རྩལ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་བཙུགས་ནས་བོད་ཁུལ་གྱི་རོང་འབྲོག་ས་ཁུལ་གྱི་ལས་བཟོ་བ་500ལྷག་ལ་ལས་ཀ་བསྩལ། སྔ་རྗེས་སུ་བཟོ་རིག་སྒྱུ་རྩལ་ལ་འཇོན་པའི་ཤེས་ལྡན་མི་སྣ་1000ལྷག་སྐྱེད་སྲིང་བྱས། ཁོང་གིས་འགན་འཛིན་གནང་བའི་སྤྱི་གཉེར་ཁང་གིས་གཙོ་བོ་ནང་བསྟན་གྱི་འབུར་བརྐོས་དང་འཇིམ་སྐུ། བཟོ་རིག་ཡོ་ཆས། མི་རིགས་མཛེས་རྩལ་ཡོ་ཆས། རིག་གནས་ཡུལ་སྐོར་གྱི་ཐོན་རྫས་སོགས་ཐོན་སྐྱེད་བྱེད་བཞིན་མཆིས་ལ། འཐུས་ཚབ་བརྩམས་ཆོས་ལ་ཇོ་བོ་ཡིད་བཞིན་ནོར་བུ་དང་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན། སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་བརྙན། སྒྲོལ་ལྗང་གི་སྐུ། གེ་སར་རྒྱལ་པོའི་སྐུ་བརྙན་སོགས་ཡོད་ལ། དེ་དག་དེང་གི་སི་ཁྲོན་བོད་ཁུལ་གྱི་སེར་ཤུལ་དགོན་དང་རྫོགས་ཆེན་དགོན་སོགས་བོད་ཁུལ་གྱི་དགོན་སྡེ་དང་། པེ་ཅིན་དང་ཧྲེན་ཀྲེན། ཞང་ཀང་། ཐའེ་ཝན་སོགས་ས་ཁུལ་100ལྷག་ཏུ་དད་ལྡན་སྐྱེ་འགྲོ་ཀུན་གྱི་མིག་ཏུ་དགའ་སྟོན་དང་དད་པའི་ལོངས་སྤྱོད་དུ་བཞུགས་སོ། །
ཁམས་པ་ཏྲ་ཡི་བཟོ་རིག་སྒྱུ་རྩལ་འདིའི། ཕྱི་ནང་གསང་གསུམ་ཨེ་མ་ངོ་མཚར་ཆེ།
ལྷ་བཟོ་ཨ་ཆུང་ཁོང་དགུང་ལོ་བཅུ་གཉིས་ཀྱི་སྟེང་ནས་བཟུང་བོད་ཀྱི་ལག་ཤེས་རིག་གནས་སྦྱོང་པའི་དབུ་ཚུགས་ཤིང་། རང་གི་བློ་གྲོས་ཀྱི་རྩལ་དང་ལྷན་སྐྱེས་ཀྱི་ཡོན་ཏན་བཟང་པོ་རྒྱུད་ལ་སྨིན་པ་དང་། བོད་ཀྱི་སྲོལ་རྒྱུན་འབུར་རིས་རིག་གནས་ལ་གཞན་དང་མི་མཚུངས་པའི་བག་ཆགས་སད་པར་གྱུར། དེ་ནས་རིམ་གྱིས་འབུར་རིས་ལ་མངའ་བརྙེས་པའི་དགེ་རྒན་དུ་མ་མཉེས་གུས་དད་གསུམ་གྱིས་བསྟེན་ཏེ། ཞལ་ཐང་དང་པ་ཏྲའི་རི་མོ་འབྲི་བཞེངས་དང་འབུར་གནས་སྐུ་བརྙན་དང་ཞལ་འབག་བཅའ་བཟོ་སོགས་ལ་སྦྱོང་བ་གནད་སྨིན་བྱས། དེ་ནས་ལམ་གྱི་དཀའ་ཚེགས་ལ་མ་འཛེམ་པར་རི་ཆུ་སྟོང་ཕྲག་བརྒལ་ཞིང་། བསྟན་པ་ཡང་དར་གྱི་ཆོས་སྒོ་ཀུན་ནས་འབྱེད་པའི་བསྐལ་བཟང་གི་དུས་དང་བསྟུན་ནས་དགོན་སྡེ་མང་པོར་ཁོང་གི་ཕྱག་སོར་ལས་ཐོན་པའི་བྲིས་དང་འབུར་གྱི་བརྩམས་ཆོས་མང་པོ་དད་པའི་རྟེན་དུ་བཞག་པར་གྱུར་ལ། ཁོང་ཉིད་ལ་འབུར་གཟུགས་བཅའ་བཟོའི་ཉམས་མྱོང་ཇེ་རྒྱས་སུ་ཕྱིན། ཡིན་ནའང་དེ་ཙམ་གྱིས་ཆོག་པར་མ་བཟུང་བར་མུ་མཐུད་དུ་འབད་པ་ཆེར་བསྐྱེད་ཀྱིས་རྒྱལ་ཕྱི་ནང་གི་འབུར་གཟུགས་ཤེས་བྱ་མང་པོར་སྦྱང་བ་ལྷོད་མེད་བྱས་པ་དང་། སྙིགས་དོར་བཅུད་ལེན་སྒོས་དེང་རབས་ཤེས་བྱ་ཇི་སྙེད་ལ་ཉམས་མྱོང་ཐོབ། དེ་ནས་བོད་ཀྱི་སྔར་ཡོད་བཟོ་གྲྭ་ཁ་ཤས་དང་གསར་འཛུགས་བྱེད་བཞིན་པའི་བཟོ་གྲྭ་འགའ་རེ་ཡོད་པས་ཀྱང་སྔར་བཞིན་རང་གི་ཁེ་ཕན་གཙིགས་སུ་འཛིན་པ་དང་། སྐུ་བརྙན་བཟོ་རྩལ་དང་རྒྱུ་ཆ་རྒྱུ་སྤུས་མང་པོ་སླ་བཅོས་ཀྱི་ཐབས་སུ་འགྲོ་བ་ལས་བོད་ཀྱི་འབུར་གཟུགས་རིག་གནས་དང་ལྷ་སྐུ་ཐིག་རྩ་སོགས་ལ་དོ་སྣང་མི་བྱེད་པའི་སྣང་ཚུལ་སྐྱོ་པོ་རྣམས་མཐོང་བས་སྔོན་ནས་བཟོ་གྲྭ་འཛུགས་པའི་བསམ་པ་མེད་ནའང་། རང་ལ་ནུས་པ་ཆུང་རུང་བོད་ཀྱི་བཟོ་རིག་པར་ལྷག་བསམ་རྣམ་དག་མཚོན་པའི་དོད་དུ་བཟོ་གྲྭ་ཞིག་འཛུགས་རྒྱུའི་འདུན་པ་དང་ཀུན་སློང་བྱུང་བ་དང་། རང་ནུས་ཅི་ལྕོགས་ཀྱིས་སྲོལ་རྒྱུན་གྱི་ཉམས་མ་ཤོར་ཞིང་དེང་རབས་ཀྱི་ཁྱད་ཆོས་ཀྱང་མངོན་པའི་སྐུ་བརྙན་བཞེངས་ཐུབ་ན་སྙམ་པའི་རེ་བའང་བཅོས་མིན་གྱིས་རྒྱུད་ལ་འཁྲུངས་སྟེ། སྤྱི་ལོ་2009ལོའི་ཟླ་5པར་ཁམས་པ་ཏྲ་ཞེས་པའི་བཟོ་གྲྭ་ཞིག་བཙུགས།
ལྷ་བཟོ་ཨ་ཆུང་གི་ཐུགས་དགོངས་ལ། ད་སྔ་ཡོད་པའི་བོད་ཀྱི་སྐུ་བརྙན་བཟོ་གྲྭ་ཕལ་ཆེར་ལ་གསར་གཏོད་ཀྱི་རང་བཞིན་ཅུང་ཞན་པར་འདོད་ཅིང་། ཁོང་གིས་བོད་ཀྱི་སྲོལ་རྒྱུན་སྐུ་བརྙན་གྲགས་ཅན་རྣམས་དང་ལུགས་སོ་སོའི་ཁྱད་ཆོས་ལ་དམིགས་ནས་དུས་རབས་སོ་སོའི་འབུར་བཟོའི་ལེགས་ཆ་རྣམས་གཅིག་ཏུ་བསྡུས་ནས་སྐུ་བརྙན་གསར་གཏོད་དང་། དེ་བཞིན་བོད་ཀྱི་ཡུལ་གྲུ་སོ་སོར་སྐུ་བརྙན་བཞེངས་སྐྲུན་གྱི་དགོས་མཁོ་དང་ལྷག་པར་ཇོ་བོའི་སྐུ་བརྙན་ལ་བོད་མི་རྣམས་དད་ཞེན་ཆེ་བའི་རེ་འདུན་ལ་དམིགས་ཏེ་ལྷ་ལྡན་གཙུག་ལག་ཁང་གི་ཇོ་སྐུ་འདྲ་བཟོ་བྱས་པ་དང་། དེའི་རྗེས་རྒྱ་གར་རྡོ་རྗེ་གདན་གྱི་ཐུབ་པ་བྱང་ཆུབ་ཆེན་པོའི་སྐུ་བརྙན་འདྲ་བཟོ་སོགས་གནའ་དེང་ཟུང་འབྲེལ་སྒོས་སྐུ་བརྙན་འབོར་ཆེན་བཞེངས་པ་རྣམས་ལ་རྒྱ་ཆེའི་དད་ལྡན་མང་པོས་དགའ་བསུ་ཐོབ་པ་མ་ཟད། བོད་ཀྱི་འབུར་གཟུགས་བཟོ་གྲྭ་གཉེར་མཁན་རྣམས་ལ་དམིགས་སྟོན་གྱི་ནུས་པའང་དངོས་ཤུགས་གང་རུང་ནས་ཐོན་ཡོད་པས། འདི་ནི་རིག་གནས་རྒྱུད་འཛིན་ཡིན་ལ། ནང་བསྟན་ཆོས་ལུགས་ལ་ཞབས་འདེགས་ཀྱང་ཡིན།
ལྷ་བཟོ་ཨ་ཆུང་གིས་བོད་ཀྱི་ས་ཆ་མང་པོར་སློབ་གྲྭ་མ་འགྲིམས་ཤིང་རིག་གནས་སློབ་པའི་གོ་སྐབས་ཉུང་བའི་མི་མང་པོ་ཞིག་གི་མི་ཚེ་འཕྲོ་བརླག་ཏུ་འགྲོ་བ་དང་། ཡང་འགའ་རེའི་ཁྱིམ་ཚང་སྒེར་གྱི་དཔལ་འབྱོར་ཆུ་ཚད་ཞན་པ་སོགས་མཐོང་བས། ཁོ་ཚོར་བོད་ཀྱི་བཟོ་རིག་པའི་ལག་ཤེས་སྣ་རེ་ཁྲིད་ཐུབ་པའམ་ཡང་ན་ཁོ་ཚོས་མ་འོངས་པར་རང་རང་གི་ལག་ཟུང་ལ་བརྟེན་ནས་ཟ་མ་ཟ་ཐུབ་པ་ཞིག་བྱུང་ན་ཅི་མ་རུང་སྙམ་སྟེ། བོད་ཀྱི་ས་ཆ་མང་པོ་ནས་བཟོ་གྲྭ་འདིར་ལས་བཟོ་པ་མང་པོ་བསྡུས་ཏེ་ལག་ཤེས་རྒྱུད་འཛིན་པ་མང་པོ་གསོ་སྐྱོང་ཐུབ་པ་དང་། ལས་བཟོ་པ་འགའ་རེས་རང་རང་ལ་ལག་ཤེས་སྤྱོད་པའི་ནུས་པ་ཐོན་ཏེ་ཕྱི་ནས་བཟོ་གྲྭ་གཉེར་བ་སོགས་ཀྱང་བྱས་ཡོད་པས། ཆུང་ས་ནས་ཁྱིམ་ཚང་རང་གི་དཔལ་འབྱོར་དང་ཆེ་ས་ནས་ས་གནས་ཀྱི་དཔལ་འབྱོར་ཡར་རྒྱས་ལའང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་པ་དང་། དཔལ་འབྱོར་སྤྱིའི་འཕེལ་རྒྱས་ལ་སོ་སོའི་ནུས་པ་མི་དམན་པ་ཐོན་པ་དང་། དང་ཐོག་བཟོ་གྲྭ་ལ་ཐོན་པའི་མི་རྣམས་ལ་རིག་གནས་སློབ་སྦྱོང་གི་ཉམས་མྱོང་མེད་པས། སོ་སོའི་གོམས་གཤིས་དང་ཀུན་སྤྱོད་རྩུབ་པོ་མང་པོ་ནམ་རྒྱུན་མིག་གི་མཐོང་ལམ་དུ་གྱུར་པས། ཁོང་ཚོ་ལ་དངོས་ཤུགས་གང་རུང་ནས་སློབ་གསོ་སྤྲད་དེ་བཟོ་གྲྭ་འདིར་ཞུགས་ཚུན་ནས་མི་གཤིས་ཀུན་སྤྱོད་གཙང་མ་ཞིག་ཡོང་བ་དང་། གྲོང་ཁྱེར་གྱི་འགྲོ་འདུག་སྤྱོད་གསུམ་གྱི་བྱ་བ་མཐའ་དག་ཐད་སློབ་གསོ་བཏང་ནས་མི་སྒེར་གྱི་བྱང་ཚད་ཇེ་མཐོར་འགྲོ་བ་དང་། སྤྱི་ཚོགས་འཚོ་བའི་ཁྲོད་དུ་རང་རང་གི་ཀུན་སྤྱོད་དང་མི་གཞི་བཟང་པོ་ཡོང་བར་ནུས་པ་གང་ཐོན་གྱིས་སློབ་གསོ་ཅི་ནུས་བཏང་ཡོད། དེ་མིན་ལས་བཟོ་པ་རྣམས་འབུར་བཟོའི་ལག་ཤེས་འདི་དང་བཟོ་གྲྭ་འདི་ལ་མོས་པ་སྐྱེས་པའི་ཕྱིར་དུ། ནམ་རྒྱུན་ཕྱི་ཕྱོགས་སུ་བསྐྱོད་ནས་མཐོང་ཐོས་ཀྱི་རྒྱ་བསྐྱེད་པ་དང་། གླུ་ལེན་གར་རྩེད། སྤྲོ་འཆམ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་ལག་ཤེས་རིག་གནས་འདི་མ་ཉམས་གོང་འཕེལ་ཡོང་བར་ནུས་པ་ཆེན་པོ་བཏོན།
ལྷ་བཟོ་ཨ་ཆུང་གི་ཕྱག་རྩལ་ལས་ཐོན་པའི་སྐུ་བརྙན་རྣམས་པེ་ཅིན་དང་ཧྲན་ཞི། ཧྲིན་ཀྲིན་སོགས་གྲོང་ཁྱེར་དང་ནང་བསྟན་གདན་ས་གྲགས་ཅན་མང་པོ་དང་། ཞང་ཀང་དང་ཐེ་ཝན་སོགས་ཀྱི་ཆོས་ཚོགས་ཆེན་མོ། དེ་བཞིན་ཡོ་རོབ་གླིང་གི་ཧྥ་རན་སི་དང་དབྱི་ཐ་ལི་སོགས། ཡ་གླིང་གི་རྒྱ་གར་དང་འཇར་ཕན་སོགས་ཀྱི་ནང་བསྟན་དགོན་སྡེ་ཁག། བོད་ཡུལ་གྱི་སྨིན་གྲོལ་གླིང་དང་། འབྲི་གུང་དགོན། ཉིང་ཁྲིའི་དགོན་པ་མང་པོ་སོགས་དབུས་གཙང་ས་ཁུལ་གྱི་དགོན་ཁག་དང་། ཁམས་ཞེ་རྫོགས་གཉིས་གཙོས་ཁམས་ཕྱོགས་ཀྱི་དགོན་ཁག མཛོད་དགེ་སྟག་ཚ་དགོན་གཙོ་བྱས་པའི་ཨ་མདོའི་ཕྱོགས་ཀྱི་དགོན་སྡེ་སོགས། མདོར་ན་བོད་ཡུལ་སྟོད་སྨད་བར་གསུམ་གྱི་དགོན་སྡེ་མང་པོར་ཨ་ཆུང་བཟོ་རྩལ་གྱི་སྐུ་བརྙན་རྣམས་དད་པའི་རྟེན་དུ་བཀུར་བཞིན་པ་འདི་ཡིན།
ལྷ་བཟོ་ཨ་ཆུང་གིས་ནང་བསྟན་སྤྱི་དང་ཁྱད་པར་དད་ལྡན་སེར་སྐྱ་ཡོངས་ལ་དད་པའི་རྟེན་དུ་སྐུ་བརྙན་རྒྱུ་སྤུས་ཐིག་རྩ་གང་ནས་བསམ་ཡང་ཚད་ལྡན་ཞིག་ཡོང་བའི་རེ་སྐུལ་གྱིས་དབུ་བརྩམས། དེ་ནས་བོད་ཡུལ་ལ་དམིགས་ཡུལ་མེད་པར་འཁྱམ་པའི་མི་མང་པོར་བོད་ཀྱི་ལག་ཤེས་རིག་གནས་འདི་སློབ་པའི་གོ་སྐབས་དང་བསྟུན། ཁོང་ཚོའི་དཔལ་འབྱོར་ལའང་སྔ་ན་མ་མཆིས་པའི་ཡར་རྒྱས་ཡོང་རེ་དང་བཅས། བཟོ་གྲྭ་འདི་འདྲ་ཞིག་བཙུགས་པ་དང་། བཙུགས་ནས་ཀྱང་འཛམ་གླིང་ཡུལ་གྲུ་མང་པོའི་དགོན་སྡེ་ཁག་ལ་དད་པའི་རྟེན་སྣ་ཚོགས་བཞེངས་པའི་མཛད་བཞག་འདི་ཀུན་གྱིས་མཁྱེན་ལ། མུ་མཐུད་ནས་བོད་ཀྱི་འབུར་གཟུགས་རིག་གནས་འདི་རྒྱུད་འཛིན་དང་འཕེལ་རྒྱས་ལ་ཕྱག་རྗེས་མི་ཉུང་པ་འཇོག་ཐུབ་པའི་རེ་སྨོན་དང་ཡིད་ཆེས་ཀྱིས་ཁེངས། །ཁམས་པ་ཏྲ་ཡི་བཟོ་རིག་སྒྱུ་རྩལ་འདིའི། ཕྱི་ནང་གསང་གསུམ་ཨེ་མ་ངོ་མཚར་ཆེ།
ལྷ་བཟོ་ཨ་ཆུང་ཁོང་དགུང་ལོ་བཅུ་གཉིས་ཀྱི་སྟེང་ནས་བཟུང་བོད་ཀྱི་ལག་ཤེས་རིག་གནས་སྦྱོང་པའི་དབུ་ཚུགས་ཤིང་། རང་གི་བློ་གྲོས་ཀྱི་རྩལ་དང་ལྷན་སྐྱེས་ཀྱི་ཡོན་ཏན་བཟང་པོ་རྒྱུད་ལ་སྨིན་པ་དང་། བོད་ཀྱི་སྲོལ་རྒྱུན་འབུར་རིས་རིག་གནས་ལ་གཞན་དང་མི་མཚུངས་པའི་བག་ཆགས་སད་པར་གྱུར། དེ་ནས་རིམ་གྱིས་འབུར་རིས་ལ་མངའ་བརྙེས་པའི་དགེ་རྒན་དུ་མ་མཉེས་གུས་དད་གསུམ་གྱིས་བསྟེན་ཏེ། ཞལ་ཐང་དང་པ་ཏྲའི་རི་མོ་འབྲི་བཞེངས་དང་འབུར་གནས་སྐུ་བརྙན་དང་ཞལ་འབག་བཅའ་བཟོ་སོགས་ལ་སྦྱོང་བ་གནད་སྨིན་བྱས། དེ་ནས་ལམ་གྱི་དཀའ་ཚེགས་ལ་མ་འཛེམ་པར་རི་ཆུ་སྟོང་ཕྲག་བརྒལ་ཞིང་། བསྟན་པ་ཡང་དར་གྱི་ཆོས་སྒོ་ཀུན་ནས་འབྱེད་པའི་བསྐལ་བཟང་གི་དུས་དང་བསྟུན་ནས་དགོན་སྡེ་མང་པོར་ཁོང་གི་ཕྱག་སོར་ལས་ཐོན་པའི་བྲིས་དང་འབུར་གྱི་བརྩམས་ཆོས་མང་པོ་དད་པའི་རྟེན་དུ་བཞག་པར་གྱུར་ལ། ཁོང་ཉིད་ལ་འབུར་གཟུགས་བཅའ་བཟོའི་ཉམས་མྱོང་ཇེ་རྒྱས་སུ་ཕྱིན། ཡིན་ནའང་དེ་ཙམ་གྱིས་ཆོག་པར་མ་བཟུང་བར་མུ་མཐུད་དུ་འབད་པ་ཆེར་བསྐྱེད་ཀྱིས་རྒྱལ་ཕྱི་ནང་གི་འབུར་གཟུགས་ཤེས་བྱ་མང་པོར་སྦྱང་བ་ལྷོད་མེད་བྱས་པ་དང་། སྙིགས་དོར་བཅུད་ལེན་སྒོས་དེང་རབས་ཤེས་བྱ་ཇི་སྙེད་ལ་ཉམས་མྱོང་ཐོབ། དེ་ནས་བོད་ཀྱི་སྔར་ཡོད་བཟོ་གྲྭ་ཁ་ཤས་དང་གསར་འཛུགས་བྱེད་བཞིན་པའི་བཟོ་གྲྭ་འགའ་རེ་ཡོད་པས་ཀྱང་སྔར་བཞིན་རང་གི་ཁེ་ཕན་གཙིགས་སུ་འཛིན་པ་དང་། སྐུ་བརྙན་བཟོ་རྩལ་དང་རྒྱུ་ཆ་རྒྱུ་སྤུས་མང་པོ་སླ་བཅོས་ཀྱི་ཐབས་སུ་འགྲོ་བ་ལས་བོད་ཀྱི་འབུར་གཟུགས་རིག་གནས་དང་ལྷ་སྐུ་ཐིག་རྩ་སོགས་ལ་དོ་སྣང་མི་བྱེད་པའི་སྣང་ཚུལ་སྐྱོ་པོ་རྣམས་མཐོང་བས་སྔོན་ནས་བཟོ་གྲྭ་འཛུགས་པའི་བསམ་པ་མེད་ནའང་། རང་ལ་ནུས་པ་ཆུང་རུང་བོད་ཀྱི་བཟོ་རིག་པར་ལྷག་བསམ་རྣམ་དག་མཚོན་པའི་དོད་དུ་བཟོ་གྲྭ་ཞིག་འཛུགས་རྒྱུའི་འདུན་པ་དང་ཀུན་སློང་བྱུང་བ་དང་། རང་ནུས་ཅི་ལྕོགས་ཀྱིས་སྲོལ་རྒྱུན་གྱི་ཉམས་མ་ཤོར་ཞིང་དེང་རབས་ཀྱི་ཁྱད་ཆོས་ཀྱང་མངོན་པའི་སྐུ་བརྙན་བཞེངས་ཐུབ་ན་སྙམ་པའི་རེ་བའང་བཅོས་མིན་གྱིས་རྒྱུད་ལ་འཁྲུངས་སྟེ། སྤྱི་ལོ་2009ལོའི་ཟླ་5པར་ཁམས་པ་ཏྲ་ཞེས་པའི་བཟོ་གྲྭ་ཞིག་བཙུགས།
ལྷ་བཟོ་ཨ་ཆུང་གི་ཐུགས་དགོངས་ལ། ད་སྔ་ཡོད་པའི་བོད་ཀྱི་སྐུ་བརྙན་བཟོ་གྲྭ་ཕལ་ཆེར་ལ་གསར་གཏོད་ཀྱི་རང་བཞིན་ཅུང་ཞན་པར་འདོད་ཅིང་། ཁོང་གིས་བོད་ཀྱི་སྲོལ་རྒྱུན་སྐུ་བརྙན་གྲགས་ཅན་རྣམས་དང་ལུགས་སོ་སོའི་ཁྱད་ཆོས་ལ་དམིགས་ནས་དུས་རབས་སོ་སོའི་འབུར་བཟོའི་ལེགས་ཆ་རྣམས་གཅིག་ཏུ་བསྡུས་ནས་སྐུ་བརྙན་གསར་གཏོད་དང་། དེ་བཞིན་བོད་ཀྱི་ཡུལ་གྲུ་སོ་སོར་སྐུ་བརྙན་བཞེངས་སྐྲུན་གྱི་དགོས་མཁོ་དང་ལྷག་པར་ཇོ་བོའི་སྐུ་བརྙན་ལ་བོད་མི་རྣམས་དད་ཞེན་ཆེ་བའི་རེ་འདུན་ལ་དམིགས་ཏེ་ལྷ་ལྡན་གཙུག་ལག་ཁང་གི་ཇོ་སྐུ་འདྲ་བཟོ་བྱས་པ་དང་། དེའི་རྗེས་རྒྱ་གར་རྡོ་རྗེ་གདན་གྱི་ཐུབ་པ་བྱང་ཆུབ་ཆེན་པོའི་སྐུ་བརྙན་འདྲ་བཟོ་སོགས་གནའ་དེང་ཟུང་འབྲེལ་སྒོས་སྐུ་བརྙན་འབོར་ཆེན་བཞེངས་པ་རྣམས་ལ་རྒྱ་ཆེའི་དད་ལྡན་མང་པོས་དགའ་བསུ་ཐོབ་པ་མ་ཟད། བོད་ཀྱི་འབུར་གཟུགས་བཟོ་གྲྭ་གཉེར་མཁན་རྣམས་ལ་དམིགས་སྟོན་གྱི་ནུས་པའང་དངོས་ཤུགས་གང་རུང་ནས་ཐོན་ཡོད་པས། འདི་ནི་རིག་གནས་རྒྱུད་འཛིན་ཡིན་ལ། ནང་བསྟན་ཆོས་ལུགས་ལ་ཞབས་འདེགས་ཀྱང་ཡིན།
ལྷ་བཟོ་ཨ་ཆུང་གིས་བོད་ཀྱི་ས་ཆ་མང་པོར་སློབ་གྲྭ་མ་འགྲིམས་ཤིང་རིག་གནས་སློབ་པའི་གོ་སྐབས་ཉུང་བའི་མི་མང་པོ་ཞིག་གི་མི་ཚེ་འཕྲོ་བརླག་ཏུ་འགྲོ་བ་དང་། ཡང་འགའ་རེའི་ཁྱིམ་ཚང་སྒེར་གྱི་དཔལ་འབྱོར་ཆུ་ཚད་ཞན་པ་སོགས་མཐོང་བས། ཁོ་ཚོར་བོད་ཀྱི་བཟོ་རིག་པའི་ལག་ཤེས་སྣ་རེ་ཁྲིད་ཐུབ་པའམ་ཡང་ན་ཁོ་ཚོས་མ་འོངས་པར་རང་རང་གི་ལག་ཟུང་ལ་བརྟེན་ནས་ཟ་མ་ཟ་ཐུབ་པ་ཞིག་བྱུང་ན་ཅི་མ་རུང་སྙམ་སྟེ། བོད་ཀྱི་ས་ཆ་མང་པོ་ནས་བཟོ་གྲྭ་འདིར་ལས་བཟོ་པ་མང་པོ་བསྡུས་ཏེ་ལག་ཤེས་རྒྱུད་འཛིན་པ་མང་པོ་གསོ་སྐྱོང་ཐུབ་པ་དང་། ལས་བཟོ་པ་འགའ་རེས་རང་རང་ལ་ལག་ཤེས་སྤྱོད་པའི་ནུས་པ་ཐོན་ཏེ་ཕྱི་ནས་བཟོ་གྲྭ་གཉེར་བ་སོགས་ཀྱང་བྱས་ཡོད་པས། ཆུང་ས་ནས་ཁྱིམ་ཚང་རང་གི་དཔལ་འབྱོར་དང་ཆེ་ས་ནས་ས་གནས་ཀྱི་དཔལ་འབྱོར་ཡར་རྒྱས་ལའང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་པ་དང་། དཔལ་འབྱོར་སྤྱིའི་འཕེལ་རྒྱས་ལ་སོ་སོའི་ནུས་པ་མི་དམན་པ་ཐོན་པ་དང་། དང་ཐོག་བཟོ་གྲྭ་ལ་ཐོན་པའི་མི་རྣམས་ལ་རིག་གནས་སློབ་སྦྱོང་གི་ཉམས་མྱོང་མེད་པས། སོ་སོའི་གོམས་གཤིས་དང་ཀུན་སྤྱོད་རྩུབ་པོ་མང་པོ་ནམ་རྒྱུན་མིག་གི་མཐོང་ལམ་དུ་གྱུར་པས། ཁོང་ཚོ་ལ་དངོས་ཤུགས་གང་རུང་ནས་སློབ་གསོ་སྤྲད་དེ་བཟོ་གྲྭ་འདིར་ཞུགས་ཚུན་ནས་མི་གཤིས་ཀུན་སྤྱོད་གཙང་མ་ཞིག་ཡོང་བ་དང་། གྲོང་ཁྱེར་གྱི་འགྲོ་འདུག་སྤྱོད་གསུམ་གྱི་བྱ་བ་མཐའ་དག་ཐད་སློབ་གསོ་བཏང་ནས་མི་སྒེར་གྱི་བྱང་ཚད་ཇེ་མཐོར་འགྲོ་བ་དང་། སྤྱི་ཚོགས་འཚོ་བའི་ཁྲོད་དུ་རང་རང་གི་ཀུན་སྤྱོད་དང་མི་གཞི་བཟང་པོ་ཡོང་བར་ནུས་པ་གང་ཐོན་གྱིས་སློབ་གསོ་ཅི་ནུས་བཏང་ཡོད། དེ་མིན་ལས་བཟོ་པ་རྣམས་འབུར་བཟོའི་ལག་ཤེས་འདི་དང་བཟོ་གྲྭ་འདི་ལ་མོས་པ་སྐྱེས་པའི་ཕྱིར་དུ། ནམ་རྒྱུན་ཕྱི་ཕྱོགས་སུ་བསྐྱོད་ནས་མཐོང་ཐོས་ཀྱི་རྒྱ་བསྐྱེད་པ་དང་། གླུ་ལེན་གར་རྩེད། སྤྲོ་འཆམ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་ལག་ཤེས་རིག་གནས་འདི་མ་ཉམས་གོང་འཕེལ་ཡོང་བར་ནུས་པ་ཆེན་པོ་བཏོན།
ལྷ་བཟོ་ཨ་ཆུང་གི་ཕྱག་རྩལ་ལས་ཐོན་པའི་སྐུ་བརྙན་རྣམས་པེ་ཅིན་དང་ཧྲན་ཞི། ཧྲིན་ཀྲིན་སོགས་གྲོང་ཁྱེར་དང་ནང་བསྟན་གདན་ས་གྲགས་ཅན་མང་པོ་དང་། ཞང་ཀང་དང་ཐེ་ཝན་སོགས་ཀྱི་ཆོས་ཚོགས་ཆེན་མོ། དེ་བཞིན་ཡོ་རོབ་གླིང་གི་ཧྥ་རན་སི་དང་དབྱི་ཐ་ལི་སོགས། ཡ་གླིང་གི་རྒྱ་གར་དང་འཇར་ཕན་སོགས་ཀྱི་ནང་བསྟན་དགོན་སྡེ་ཁག། བོད་ཡུལ་གྱི་སྨིན་གྲོལ་གླིང་དང་། འབྲི་གུང་དགོན། ཉིང་ཁྲིའི་དགོན་པ་མང་པོ་སོགས་དབུས་གཙང་ས་ཁུལ་གྱི་དགོན་ཁག་དང་། ཁམས་ཞེ་རྫོགས་གཉིས་གཙོས་ཁམས་ཕྱོགས་ཀྱི་དགོན་ཁག མཛོད་དགེ་སྟག་ཚ་དགོན་གཙོ་བྱས་པའི་ཨ་མདོའི་ཕྱོགས་ཀྱི་དགོན་སྡེ་སོགས། མདོར་ན་བོད་ཡུལ་སྟོད་སྨད་བར་གསུམ་གྱི་དགོན་སྡེ་མང་པོར་ཨ་ཆུང་བཟོ་རྩལ་གྱི་སྐུ་བརྙན་རྣམས་དད་པའི་རྟེན་དུ་བཀུར་བཞིན་པ་འདི་ཡིན།
ལྷ་བཟོ་ཨ་ཆུང་གིས་ནང་བསྟན་སྤྱི་དང་ཁྱད་པར་དད་ལྡན་སེར་སྐྱ་ཡོངས་ལ་དད་པའི་རྟེན་དུ་སྐུ་བརྙན་རྒྱུ་སྤུས་ཐིག་རྩ་གང་ནས་བསམ་ཡང་ཚད་ལྡན་ཞིག་ཡོང་བའི་རེ་སྐུལ་གྱིས་དབུ་བརྩམས། དེ་ནས་བོད་ཡུལ་ལ་དམིགས་ཡུལ་མེད་པར་འཁྱམ་པའི་མི་མང་པོར་བོད་ཀྱི་ལག་ཤེས་རིག་གནས་འདི་སློབ་པའི་གོ་སྐབས་དང་བསྟུན། ཁོང་ཚོའི་དཔལ་འབྱོར་ལའང་སྔ་ན་མ་མཆིས་པའི་ཡར་རྒྱས་ཡོང་རེ་དང་བཅས། བཟོ་གྲྭ་འདི་འདྲ་ཞིག་བཙུགས་པ་དང་། བཙུགས་ནས་ཀྱང་འཛམ་གླིང་ཡུལ་གྲུ་མང་པོའི་དགོན་སྡེ་ཁག་ལ་དད་པའི་རྟེན་སྣ་ཚོགས་བཞེངས་པའི་མཛད་བཞག་འདི་ཀུན་གྱིས་མཁྱེན་ལ། མུ་མཐུད་ནས་བོད་ཀྱི་འབུར་གཟུགས་རིག་གནས་འདི་རྒྱུད་འཛིན་དང་འཕེལ་རྒྱས་ལ་ཕྱག་རྗེས་མི་ཉུང་པ་འཇོག་ཐུབ་པའི་རེ་སྨོན་དང་ཡིད་ཆེས་ཀྱིས་ཁེངས། །
ཁམས་པ་ཏྲ་ཞེས་བཟོ་རིག་སྒྱུ་རྩལ་འདིའི་། དབུ་འཛུགས་བོད་ཀྱི་ལྷ་བཟོ་ཨ་ཆུང་མཆོག
ལྷ་བཟོ་ཨ་ཆུང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེའི་རྫོགས་ཆེན་དགོན་གྱི་ཉེ་ཞོལ་འབྲོག་རུ་གཡང་འཁྱིལ་སྟེང་ཞེས་པའི་སར་བོད་རབ་བྱུང་བཅུ་དྲུག་པའི་ས་མོ་བྱ་ཡི་ལོ་སྟེ་སྤྱི་ལོ་1969ལོར་ཡབ་ཤེས་རབ་ཆོས་འཕེལ་དང་ཡུམ་བས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས།
ཡབ་ཤེས་རབ་ཆོས་འཕེལ་ནི་ལྷ་བཟོ་དང་ཞལ་འབག་བཅའ་བ། གསེར་དང་ལྷང་འཚེར་འདུལ་སྦྱོང་། འཚེམ་དྲུབ་སོགས་ལ་ཉམས་མྱོང་ཆེན་པོ་ཡོད་ལ། ཕུ་བོ་ཐུབ་དགའ་ཡང་ལྷན་སྐྱེས་ཀྱིས་ལག་བདེ་ཞིང་བཟོ་རིག་འབུར་བྲིས་གང་ཡིན་ཡང་ཡིད་དབང་འཕྲོག་པའི་སྒྱུ་རྩལ་ཉམས་ཀྱིས་ཕྱུག་པ་འོང་ཐུབ་པ་ཞིག་ཡོད། དེ་བས་ཁོང་ལོ་ཆུང་དུས་ནས་བཟུང་རང་གི་ཡབ་དང་ཕུ་བོའི་ཤན་ཤུགས་ཐེབས་པ་དང་། རང་ཉིད་ཀྱང་ལྷན་སྐྱེས་ཀྱིས་བཟོ་རིག་ཕྱོགས་ལ་དགའ་ཞེན་ཤིན་ཏུ་ཆེ་བ་དང་ལག་རྒྱུ་བཟང་བ་བཅས་ཀྱི་ཆ་རྐྱེན་ལ་བརྟེན་བྱིས་པའི་དུས་ཀྱི་རྩེད་ཆས་དང་རྩེད་ར་མཐའ་དག་ཀྱང་རྡོ་དང་ཤོག་བུའི་སྟེང་དུ་འབྲི་བར་མོས།
ཁོང་ནི་འཇིམ་པ་སྤར་གང་རྙེད་ཚེ་དེས་གཟུགས་བརྙན་འདྲ་མིན་སྣ་ཚོགས་བཅའ་བ་དང་། ཤོག་ལྷེ་ལག་མཐིལ་ཙམ་ཞིག་རྙེད་ནའང་དེར་མཛེས་རིས་སྣ་ཚོགས་འབྲི་བ། ཡུལ་ལྗོངས་མཛེས་མོ་ཤིག་མཐོང་ནའང་དེ་མ་ཐག་ཤོག་བུའི་ཐོག་ཇི་མ་ཇི་བཞིན་འབྲི་ཐུབ་པ་ཞིག་ཡོད། ཡིན་ཡང་། སྐབས་དེ་དུས་ཤོག་བུ་ཆེན་པོ་དང་ཡག་པོ་མི་རྙེད་པས་ཤོག་ལྡེབ་གཅིག་གི་ངོར་ཡུལ་ལྗོངས་ཆ་ཚང་མི་ཚུད་པས་ན་དུམ་བུ་དུམ་བུར་བྱས་ནས་བྲིས་ཏེ་མཐར་དེ་དག་མཐུད་བསྒྲིགས་བྱ་དུས་ཡུལ་ལྗོངས་ཡོངས་རྫོགས་གྲུབ་ཐུབ་པ་སོགས་བློ་རིག་དང་ལག་རྩལ་ཐམས་ཅད་ལའང་ཧ་ལས་དགོས་པ་ཞིག་ཡོད།
དགུང་གྲངས་བརྒྱད་ལོན་དུས་ཕ་ཡབ་དམ་པས་ཁོང་རྫོགས་ཆེན་དགོན་པའི་ནང་ཁྲིད་ནས་གྲྭ་པ་བྱེད་ཏུ་བཅུག། སྐབས་དེ་དུས་ནི་གཞི་ནས་ཆོས་ལུགས་དད་མོས་རང་དབང་གི་ཆོས་སྒོ་གསར་དུ་ཕྱེས་ཏེ་བསྟན་པ་ཡང་དར་གྱི་དབུ་ཚུགས་ཙམ་གྱི་མགོ་ཡིན་པས། རྫོགས་ཆེན་དགོན་དུ་གྱང་རལ་ཙམ་མ་གཏོགས་རྒྱུན་བཞུགས་སུ་བླ་རྒན་ཁ་ཤས་ལས་མེད། དེའི་སྐབས་སུ་གཞན་དུས་མཆོད་ཀྱི་མགོ་ཚུགས་མེད་ཅིང་ཁོང་དང་དུས་མཉམ་གྱི་གསར་ཞུགས་གྲྭ་བ་ཆུང་ངུ་རྣམས་ཀྱིས་རང་རང་གི་གྲོ་ཆས་ཁྱེར་ནས་དགུ་གསོལ་ཚོགས་འཚོགས་དགོས་པ་ཕུད། དགོན་ཤུལ་གྱི་ས་རོ་རྡོ་རོ་བསལ་བ་དང་། ནགས་ཤིང་ཕྱེ་བ་དང་ཆུ་ཤིང་འདེད་པ། གྱང་བརྡུང་བ། ཤིང་གཞོག་པ། ལྷ་ཁང་སྒོ་ཤུབ་ཀ་འབྲུག་བརྐོས་དཀྲོལ་རྒྱག་རྒྱུ་སོགས་ལས་ཀ་ཁོ་ན་བྱེད་པ་ལས། གྲྭ་པ་བྱས་ཀྱང་གྲྭ་ཤག་སྐྱིད་པོ་ཞིག་གི་ནང་དུ་དཔེ་ཆ་ཁ་ཕྱེས་ནས་སྡོད་ཆོག་ཆོག་དང་སྦྱོང་ཆོག་ཆོག་གི་ཆ་རྐྱེན་ཞིག་ག་ལ་ཡོད། དུས་དེ་ཙམ་ནས་བཟུང་བླ་རྒན་གྲྭ་རྒན་རྣམས་དང་མཉམ་དུ་ལྷག་བསམ་ཕྱར་བ་གྲུ་འདེགས་ཀྱིས་ཟས་གོས་འགྲོ་འདུག་སོགས་ལ་གར་མཁོ་གང་ཐོན་གྱི་ཞབས་ཞུ་བསྒྲུབས་མྱངས། ཞོར་དུ་གྲོང་སྡེའི་ནང་གི་དད་ལྡན་རྣམས་ཀྱི་རེ་འདུན་ལྟར་གྲོང་ཆོག་རིམ་གྲོ་སོགས་ལ་འགྲོ་དགོས་པ་དང་། རྒྱུན་དུ་བཅའ་ཕྱག་ལེན། འབུད་བརྡུང་དཀྲོལ་གསུམ། ཐིག་རྡུལ་ཚོན། གར་འཆམ་སྟབས་སོགས་ལ་སྦྱངས་ནས་བརྒྱ་གོ་གཅིག་ཆོད་དང་གར་མཁོ་ལྷན་པ་བྱས་ཤིང་སྐབས་དེ་ནི་བསྟན་པའི་མེ་རོ་གསར་དུ་བསླངས་པའི་དུས་ཡིན་ཕྱིར། དགོན་པའི་འདོན་པ་དང་བཅའ་ཕྱག་ལེན་སོགས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་དར་རྒྱས་སུ་འགྲོ་བར་ཕྱག་རྗེས་མི་དམན་པ་བཞག
དགུང་གྲངས་བཅུ་གཅིག་ནས་བཅུ་གཉིས་སུ་སླེབས་སྐབས་ཡབ་ཀྱི་ཐུགས་བཞེད་ལ། བོད་ཡིག་གི་བྲིས་དང་ཁྱད་པར་སུམ་རྟགས་དག་གསུམ་གཙོ་བོར་གྱུར་པའི་ཐུན་མོང་རིག་གནས་ལ་སྦྱངས་པ་དོན་འཁྱོལ་རེ་བྱ་ཐུབ་ན་ནི་ཤིན་ཏུ་གལ་ཆེ་བས་རིག་གནས་ཤིག་སྦྱང་སར་སོང་གསུངས། སྐབས་དེར་ས་ངན་སྤྲུལ་སྐུ་པད་རྒྱལ་གྱི་སྐུ་མདུན་དུ་བཅར་ནས་ཆེད་གཏད་སློབ་སྦྱོང་གི་ཆ་རྐྱེན་བསྐྲུན། འོན་ཀྱང་དུས་ཡུན་ཟླ་ཤས་ལས་མ་ལོན་པར་སྤྲུལ་སྐུ་པད་རྒྱལ་ཁོང་རྫོགས་ཆེན་དུ་མ་བཞུགས་པར་དབུས་འགྱུར་ལྷ་སའི་ཕྱོགས་སུ་ཕེབས་དགོས་བྱུང་བས་སྐབས་ཞིག་ལ་ཤེས་བྱའི་གནས་ལ་འཇུག་པའི་འདུན་པ་ཡོད་ཀྱང་དེའི་ཕྱོགས་ཀྱི་སྐལ་བ་མ་ལྡན་པས་སེམས་གདུང་བའི་གནས་སུ་གྱར་ཡང་བྱ་ཐབས་དབེན། སྐབས་དེར་དགུང་གྲངས་དོན་བདུན་དུ་སོང་བའི་རྫོགས་ཆེན་དགོན་གྱི་དམར་ནག་ཁྲ་གསུམ་དུ་འབོད་པའི་ཡ་གྱལ་ལྷ་བཟོ་ཆེན་མོ་ཐུབ་བསྟན་འོད་གསལ་གྱི་དྲུང་དུ་བཅར་ནས་བོད་ཀྱི་བྲིས་འབུར་འཚེམ་བཟོ་སོགས་དང་ཁྱད་པར་དུ་ཐང་ག་འབྲི་ལུགས་བསླབས། ཟླ་ཕྱེད་ཙམ་གྱི་ཡས་མས་སུ་གཏོར་མ་བཅའ་བཟོ་དང་། ཟླ་གཅིག་ཙམ་གྱིས་མཆོད་པའི་ལྷ་མོ་འབྲི་བཞེངས། ཉིན་བཞི་ལྔ་ཙམ་གྱིས་ཁྲོ་བོ་དང་ཞི་བ། ཞི་མ་ཁྲོའི་འབག་སྐུ་གཅིག་རེ་བདེ་བླག་གིས་བཟོ་ཐུབ་པ་དང་། ཐང་ག་འབྲི་བ་དང་ཤིང་ཚོན་པ་ཏྲ་རི་མོ་སོགས་བྲིས་འབུར་ལག་ལེན་གྱི་རྨང་གཞི་རྣམས་བྱང་ཆུབ་པར་གྱུར། དགུང་གྲངས་བཅུ་གསུམ་དུ་སླེབས་པ་ན་རང་མགོ་ཐོན་པའི་ལྷ་བཟོ་ཞིག་ཏུ་གྱུར་པ་མ་ཟད་རྫོགས་ཆེན་དགོན་གྱི་མཆོད་དཔོན་དུ་བསྐོས།
རབ་བྱུང་བཅུ་དྲུག་པའི་ཆུ་མོ་ཕག་གི་ལོ་སྟེ་སྤྱི་ལོ་1983ལོར། རྫོགས་ཆེན་རིན་པོ་ཆེ་བསྟན་འཛིན་འཇིགས་བྲལ་ལྷུན་པོ་རྒྱ་གར་ནས་རྫོགས་ཆེན་དགོན་དུ་གདན་དྲངས་ནས་ཕེབས་པའི་སྐབས་ལྷ་བཟོ་ཁོང་གིས་རྣམ་དཔྱོད་ཀྱི་རིག་པ་དང་སོར་མོའི་འདུ་བྱེད་ཀྱི་འཕྲུལ་རྩལ་ལས་གླིང་གེ་སར་གྱི་ཞལ་འབག་ཅིག་བཞེངས་ནས་རྫོགས་ཆེན་རིན་པོ་ཆེའི་མདུན་དུ་གཟིགས་འབུལ་དུ་ཁྱེར་བ་ལ་ཐུགས་ཤིན་ཏུ་དགྱེས་བཞིན། ཧ་ལས་པའི་ཡག་པོ་ འདུག་གསུངས་པ་དང་། གཟེངས་རྟགས་མཚོན་དོན་ལ་ཁོང་གིས་ཕྱག་མཛུབ་ཀྱི་མཛུབ་ཐེལ་བཀོད་ནས་ཁྱོད་ཀྱིས་བོད་ཀྱི་བཟོ་རིག་སྒྱུ་རྩལ་ལ་ཕྱག་རྗེས་རེ་ཡོང་ངེས་འདུག་ཅེས་པའི་གསུང་གི་དབུགས་དབྱུང་དང་བསྟོད་བསྔགས་གནང་བས་ཁོང་རང་ལ་སེམས་ཤུགས་དང་དགའ་བ་དཔག་མེད་སྐྱེས་བཞིན་ཞལ་འབག་དེ་དུས་ད་ལྟའི་བར་དུའང་གཅེས་ཉར་བྱས་ཡོད།
སྤྱི་ལོ་1986ལོར། འབུར་བཟོ་རིག་གནས་ཀྱི་མཚན་སྙན་ཆེ་བའི་ལྷ་བཟོ་སྒྲོལ་མ་ཚེ་རིང་གི་མདུན་ནས་ཟླ་གཉིས་ཀྱི་རིང་འབུར་བཟོའི་རིག་གནས་བུམ་པ་གང་བྱོའི་ཚུལ་གྱིས་བསླབས། ཐོག་མར་ཉིན་བཅོ་བརྒྱད་ཙམ་གྱི་རིང་ལ་སྟོན་པའི་དབུ་དང་། ཉིན་བཞི་ཙམ་གྱི་རིང་ཁྲོ་བོ་དང་ཞི་མ་དྲག་གི་དབུ་སོགས་བཅའ་བཟོ་གནད་དུ་སྨིན་པ་བསླབས་པ་དང་། དེ་མིན་ཐིག་རྩ་སོགས་ལ་སྦྱངས་པ་དཔྱིས་ཕྱིན་དུ་མཛད། ཁོའི་རྣམ་དཔྱོད་ཀྱི་ཤེས་རབ་དང་སྐྱེས་སྦྱང་གི་ཡོན་ཏན་ལ་དགེ་རྒན་ཐུགས་ཡིད་ཤིན་ཏུ་དགྱེས་པར་གྱུར། དེ་ནས་ཕ་ཡུལ་ལ་ཕྱིན་རན་པའི་སྐབས་དེར་དུད་ཚང་ཞིག་ལ་སྒེར་ཉར་གྱི་འབུར་སྐུའི་ཐིག་རྩའི་ཡི་གེ་ཞིག་ཡོད་པ་དགེ་རྒན་གྱིས་ཐབས་སྣ་ཚོགས་ཀྱིས་གཡར་བ་དེ་མཚན་མོ་ཀློག་པ་དང་ཕྱི་ཉིན་ནམ་མ་ལངས་སྔོན་ལ་བདག་པོར་ཕྱིར་སྤྲོད་དགོས་ཟེར། ལྷ་བཟོ་ཨ་ཆུང་གི་སེམས་ལ་ད་རེས་དགེ་རྒན་གྱིས་ཐིག་ཡིག་འདི་འདྲ་རྩ་ཆེན་ཞིག་གཡར་བ་འདི་རང་ལ་དགོས་མཁོ་ཤིན་ཏུ་ཆེ་བ་དང་ཕྱིས་སུ་འཕྲད་དཀའ་བར་མཐོང་ནས། དེའི་ནུབ་སྣུམ་སྒྲོན་གྱི་དཀར་འོད་ཙམ་ལ་བསྟེན་ནས་མཚན་གང་ལ་བཤུ་འབྲི་བྱས་མཐར་ཕྱི་ཉིན་ཁ་ཆད་མ་ཡོལ་བར་ཕྱིར་བདག་པོར་སྤྲོད་ཐུབ་པ་བྱུང་བ་སོགས་ཀྱི་མཛད་པ་འདི་དག་གིས་ཀྱང་ཁོང་ཉིད་བྲིས་འབུར་རིག་གནས་ཀྱི་ཕྱོགས་ལ་བཅོས་མ་མ་ཡིན་པའི་མོས་འདུན་དང་བརྩོན་འགྲུས་ཀྱི་སྙིང་རུས་ཡོད་པ་ངང་ངམ་ཤུགས་ཀྱིས་རྟོགས་ཐུབ།
དུས་རབས་བཅུ་དྲུག་པའི་ས་ཕོ་འབྲུག་གི་ལོ་སྟེ་སྤྱི་ལོ་1988ལོར། སྡེ་དགེ་ཡེ་ན་དགོན་དུ་ཕེབས་ནས་ལོ་ངོ་གཉིས་ཀྱི་དུས་ཡུན་ལ་རྒྱུ་སྨན་འདམ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་ཀྱི་བཞུགས་སྐུ་ཐོག་ཚད་ཅན་བཞེངས་ལ། དེ་ནི་ལྷ་བཟོ་ཁོང་ཉིད་མཚན་ལྡན་བཟོ་རིག་དགེ་རྒན་དུ་མའི་ཞབས་ལ་གཏུགས་ཤིང་རང་ཉིད་ཀྱང་རང་མགོ་ཐོན་པའི་བཟོ་པ་ཞིག་ཏུ་གྱུར་ཚུན་སྐུ་བརྙན་བཞེངས་པར་ཕྱག་ཕེབས་གནང་བའི་གོམ་པ་དང་པོའང་ཡིན། འདི་ནི་ཁོའི་མི་ཚེ་ཁྲོད་འཇིམ་བཟོ་ལ་ཞུགས་པའི་ཐོག་མ་ཡིན་མོད། སྐུ་བརྙན་གྱི་ཉམས་འགྱུར་དང་གོས་རིས་སོགས་ལ་སྒྱུ་རྩལ་གྱི་ཉམས་ཕུན་སུམ་ཚོགས་པ་ཡོད། དེ་ནས་རྫོགས་ཆེན་དགོན་དང་ཞེ་ཆེན་དགོན་གཙོས་སྡེ་དགེ་ཕྱོགས་ཀྱི་དགོན་ཁག་དང་། ཕྱག་ཚ་དགོན་དང་ཨ་སེར་དགོན། ཉི་ཟེར་དགོན། དྲེལ་དཀར་དགོན། བྲག་ཆེན་དགོན། སེར་ཤུལ་དགོན། སེར་ཤུལ་རྫོང་བོད་སྨན་ཁང་སོགས་སེར་ཤུལ་ཕྱོགས་ཀྱི་དགོན་ཁག་དང་ལས་ཁུངས། གཏེར་སྟོན་དགོན་གཙོར་བྱས་ཆབ་མདོ་ཕྱོགས་ཀྱི་དགོན་ཁག། འཁོར་མང་དགོན་གཙོར་བྱས་ནག་ཆུ་ཕྱོགས་ཀྱི་དགོན་པ། ཧོར་སྐོར་བཤད་སྒྲུབ་དར་རྒྱས་གླིང་དང་། ཨ་སྐྱོང་མདོ་སྔགས་བཤད་སྒྲུབ་གླིང་སོགས་མགོ་ལོག་ཕྱོགས་ཀྱི་དགོན་ཁག། མོ་ཧོ་ཐོག་དགོན་དང་འཁྱིལ་ཁུག་དགོན་སོགས་གཙོར་བྱས་མཚོ་ལྷོ་ཕྱོགས་ཀྱི་དགོན་ཁག། སྨིན་གྲོལ་གླིང་སོགས་གཙོས་དབུས་གཙང་ཕྱོགས་ཀྱི་དགོན་ཁག་དག་ལ་དཀའ་བ་དུ་མ་ཁྱད་དུ་བསད་ཅིང་གནས་དེ་དག་ཏུ་དངོས་སུ་ཕེབས་ནས་རྟེན་གྱི་སྐུ་བརྙན་སྟོང་ཕྲག་ཁ་ཤས་བཞེངས་པའི་ཕྱག་རྗེས་བཞག་ཡོད།
སྤྱི་ལོ་1988ལོ་ནས་བཟུང་། ཁོང་ཉིད་གངས་ཅན་བོད་ཀྱི་ཡུལ་གྲུ་ཀུན་ཏུ་ཆས་ནས་ས་དགེ་བཀའ་རྙིང་སོགས་གྲུབ་མཐའ་རིས་སུ་མ་ཆད་པའི་དགོན་སྡེ་དག་ཏུ་ལྷ་སྐུ་རྟེན་བཞེངས་ཀྱི་ལས་ལ་བརྩོན་ཞིང་། མཐོ་བ་ལ་ཁང་བརྩེགས་ལྔ་ཅན་དང་། ཆེས་ཆུང་བ་ལ་སེན་མོ་ཙམ་སོགས་བཞེངས་ནས་རང་ཉིད་ཀྱི་སྐུ་ངལ་ལ་མ་འཛེམས་པར་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་བཟོ་རིག་འབུར་གཟུགས་སྒྱུ་རྩལ་འཕེལ་རྒྱས་ཡོང་བར་ཕྱག་རྗེས་ཆེན་པོ་བཞག །
སྤྱི་ལོ་1999ལོར། རྒྱ་ནག་ཁྲེན་ཏུའུ་རུ་ཕེབས་ནས་མུ་མཐུད་དུ་བཟོ་རིག་ཤེས་བྱ་གསར་པ་དང་ལག་རྩལ་གསར་པར་སློབ་སྦྱོང་དང་ཞིབ་འཇུག་དཔྱིས་ཕྱིན་པ་མཛད་ཅིང་། སྤྱི་ལོ་2009ལོར། སི་ཁྲོན་ཁམས་པ་ཏྲ་བཟོ་རིག་སྒྱུ་རྩལ་འགན་འཁྲི་ཚད་ཡོད་སྤྱི་གཉེར་ཁང་གསར་འཛུགས་དབུ་འབྱེད་མཛད་ཅིང་། རྒྱལ་ནང་ཙམ་མ་ཚད་པར་ཨ་མེ་རི་ཁ་དང་། ཧྥ་རན་སི། མ་ལེ་ཞི་ཡ། སིང་ཀ་ཕོར་སོགས་ཕྱི་རྒྱལ་དུའང་བོད་རང་གི་ཐུན་མོང་མ་ཡིན་པའི་སྐུ་རྟེན་བཞེངས་སྐྲུན་གྱི་སྒྱུ་རྩལ་ཁྱབ་སྤེལ་མཛད་ནས་བྱས་རྗེས་བླ་ན་མེད་པ་བཞག་ཡོད། སྤྱི་ལོ་2014ལོའི་ཟླ་4པའི་ཚེས་28ཉིན་གྱི་སྔ་དྲོ། སྐབས་དང་པོའི་ཀྲུང་གོའི་སྲོལ་རྒྱུན་ཆོས་ལུགས་འཇིམ་བརྙན་བཟོ་རྩལ་འགྲན་བསྡུར་ཆེན་མོའི་སྐབས། ཐེ་ཝན་དང་། ཤང་ཀང་། ཀྲུང་གོའི་ནང་ཁུལ་ཞིང་ཆེན་བཅུ་བཞིའི་འགྲན་ཞུགས་པ་རྩེར་སོན་མང་པོ་མཉམ་དུ་འདུས་ལ། སྐབས་དེར་རིགས་སོ་སོའི་འཇིམ་བརྙན་བཟོ་རྩལ་པ་ཚོས་རང་རང་གི་ཐུན་མོང་མ་ཡིན་པའི་ལག་རྩལ་དང་། རྣམ་དཔྱོད། འཇོན་ཐང་ལ་བརྟེན་ནས་བློ་རྩེ་གཅིག་སྒྲིལ་ངང་འགྲན་བསྡུར་ལ་ཞུགས་ཤིང་། དེའི་ཁྲོད་དུ་བོད་ཀྱི་ལྷ་བཟོ་ཨ་ཆུང་ལ་ཁྱད་འཕགས་གསེར་གྱི་རྟགས་མ་ཐོབ་ཅིང་། དེར་བསྟུན་ཀྲུང་གོའི་སྲོལ་རྒྱུན་བཟོ་རིག་མཛེས་རྩལ་པ་ཆེན་མོའི་མཚན་སྙན་དང་དཔང་ཡིག་བསྩལ་པ་དང་། 2019ལོར་གསེར་གྱི་རྨ་བྱ་ཞེས་པའི་གསར་གཏོད་ཇུས་འགོད་འགྲན་བསྡུར་ནང་དུ་གསེར་གྱི་རྟགས་མ་ཐོབ། གཞན་ཡང་སྡེ་དགེ་རྫོང་གིས་མཛངས་མའི་གྲས་སུ་བཞག་ཅིང་དཔང་ཡིག་ཀྱང་བསྩལ། མ་ཟད་སི་ཁྲོན་ཞིང་ཆེན་དང་དཀར་མཛེས་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་པའི་མིང་ཐོར་ཚུད་ཅིང་དེ་བསྟུན་གྱི་དཔང་ཡིག་ཀྱང་གནང་ཡོད།
ལྷ་བཟོ་ཨ་ཆུང་གི་ཕྱག་སོར་ལས་ཐོན་པའི་སྐུ་བརྙན་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་དམིགས་བསལ་ལྡན་པ་ནི། གཙོ་བོ་ཁོང་གིས་བོད་ཀྱི་སྲོལ་རྒྱུན་སྐུ་བརྙན་བཟོ་བའི་རྨང་གཞིའི་སྟེང་དེང་རབས་མི་ཡི་མཛེས་དཔྱོད་ལ་བསྟུན་པའི་གསར་གཏོད་ཀྱི་ཆ་བསྣན་པ་དེ་ལའང་། སྲོལ་རྒྱུན་ཐིག་རྩ་དང་མ་འགལ་བས་བོད་ཀྱི་སྲོལ་རྒྱུན་སྐུ་བརྙན་གྱི་ཁྱད་ཆོས་མ་ཡལ་ཞིང་། དེང་རབས་ལག་ཤེས་དང་མ་བྲལ་བས་གསར་གཏོད་ཀྱི་ཁྱད་ཆོས་མངོན་པར་གསལ་བས་ཡིན་པ་གདོན་མི་ཟ། ད་ལྟ་མི་རྣམས་ཀྱིས་འདི་ཨ་ཆུང་གི་སྐུ་བརྙན་བཞེངས་ལུགས་རེད་ཅེས་མཐོང་གྱུར་སྐྱེ་བོ་ཀུན་གྱིས་མགྲིན་གཅིག་གིས་ཁས་འཆེལ་ཞིང་། ཁོང་ལའང་ཨ་ཆུང་ལུགས་ཞེས་པའི་ཁྱད་ཆོས་དང་དགེ་མཚན་གྱིས་ཕྱུག་པའི་སྒྱུ་རྩལ་གྱི་རྣམ་པ་འདི་འཛམ་གླིང་ཡུལ་གྲུ་ཀུན་ཏུ་སྤེལ་ཐུབ་པའི་དམིགས་འདུན་གྱིས་གཏམས་སོ། །
ཞལ་འབག་།
ཞལ་འབག་ནི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་གྱི་རྣམ་པ་ཁྱད་པར་བ་ཞིག་ཡིན། བོད་ཡུལ་དུ་འཆམ་སོགས་ཆོས་ལུགས་ཆོ་གར་སྤྱོད་པ་དང་། ཨ་ཅེ་ལྷ་མོ་སོགས་དམངས་ཁྲོད་ཟློས་གར་ལ་སྤྱོད་པ། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་སོགས་དཔའ་བོའི་བྱུང་བ་བརྗོད་པའི་ཞལ་འབག་སོགས་རིགས་མང་པོ་ཡོད་ལ། འདི་ནི་གདོད་མའི་རང་བྱུང་ཁམས་ལ་དད་མོས་དང་མཆོད་བཀུར། དེ་བཞིན་དཔའ་བོའི་མཛད་བཞག་རྗེས་དྲན་གྱི་རྟོགས་པ་བརྗོད་པ་སོགས་ལས་འཕེལ་རྒྱས་ཕྱིན་པར་འདོད་ཅིང་། དེར་རས་བསེ་འབག་དང་། ཤིང་འབག གསེར་འབག ཀོ་བསེ་འབག ཤོག་བསེ་འབག་སོགས་ཡོད།
འདིར་ལྷ་བཟོ་ཨ་ཆུང་དགུང་ལོ་བཅུ་བཞི་ནས་བཟུང་བོད་ཀྱི་ཡུལ་གྲུ་མང་པོར་ཞལ་འབག་ལྔ་བརྒྱ་ལྷག་ཕྱག་བཟོ་གནང་བ་ལས་རེ་འགའ་གཅེས་འགོད་བྱས་ཤིང་། ཞིབ་པར་ཨ་ཆུང་ཞལ་འབག་བཟོ་རྩལ་ཞེས་པའི་དཔེ་དེབ་སྤུས་ལེགས་ལ་གཟིགས་པར་འཚལ་ལོ། །
ཞལ་ཐང་དང་རྒྱན་རིས་པ་ཏྲ་།
བོད་ལུགས་བཟོ་གནས་ཀྱི་རིག་པ་ལས་བྲིས་ཀྱི་རི་མོ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་གདོན་མི་ཟ་སྟེ། རང་ཅག་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཁྱབ་པའི་བྲག་བརྐོས་རི་མོ་དག་ལས་ཀྱང་གདོད་མའི་བོད་མི་རྣམས་ཕྱག་རིས་འབྲི་བར་དགའ་བ་ནི་དཔོག་ནུས། སྤྱིར་བོད་ཀྱི་རི་མོ་ལ་རྣམ་གྲངས་ཤིན་ཏུ་རྒྱས་ཆེ་བ་ཞིག་ཡིན་པ་མདོར་དྲིལ་ན་ཐང་ག་དང་ལྡེབས་རིས་ཀྱིས་མཚོན་པ་དར་རྒྱ་ཆེ་ལ། ཞལ་ཐང་ནི་བོད་ཀྱི་རི་མོ་བཞེངས་སྲོལ་དམིགས་བསལ་བ་ཞིག་ཏུ་སྣང་། དེ་ལས་གཞན་བོད་ཀྱི་གཙུག་ལག་ཁང་དང་གྲོང་ཁྱིམ་སྡོད་ཁང་། སྒོ་ཆེན་སོགས་ཀྱི་ངོས་ལ་གཞི་མདངས་ཚོན་གྱིས་རྣམ་པར་དཀྲོལ་བའི་རྒྱན་རིས་པ་ཏྲའི་རི་མོ་སོགས་འགོད་པའི་སྲོལ་ཡོད་ཅིང་། སྣ་ཚོགས་གཟུགས་རིས་ཚོན་གྱིས་རྒྱན་པའི་བཀོད་པ་ངོ་མཚར་བས་འཇིག་རྟེན་སྐྱེ་བོ་ཀུན་གྱི་འདྲེན་བྱེད་མིག་གི་ལོངས་སྤྱོད་དབང་མེད་དུ་འདྲེན་པ་འདིས་ཀྱང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐལ་ལྡན་བཟོ་རིག་གི་ཡོན་ཏན་གྱི་ཆེ་བ་མཚོན་པར་ནུས་སོ། །བོད་ལུགས་བཟོ་གནས་ཀྱི་རིག་པ་ལས་བྲིས་ཀྱི་རི་མོ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་གདོན་མི་ཟ་སྟེ། རང་ཅག་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཁྱབ་པའི་བྲག་བརྐོས་རི་མོ་དག་ལས་ཀྱང་གདོད་མའི་བོད་མི་རྣམས་ཕྱག་རིས་འབྲི་བར་དགའ་བ་ནི་དཔོག་ནུས། སྤྱིར་བོད་ཀྱི་རི་མོ་ལ་རྣམ་གྲངས་ཤིན་ཏུ་རྒྱས་ཆེ་བ་ཞིག་ཡིན་པ་མདོར་དྲིལ་ན་ཐང་ག་དང་ལྡེབས་རིས་ཀྱིས་མཚོན་པ་དར་རྒྱ་ཆེ་ལ། ཞལ་ཐང་ནི་བོད་ཀྱི་རི་མོ་བཞེངས་སྲོལ་དམིགས་བསལ་བ་ཞིག་ཏུ་སྣང་། དེ་ལས་གཞན་བོད་ཀྱི་གཙུག་ལག་ཁང་དང་གྲོང་ཁྱིམ་སྡོད་ཁང་། སྒོ་ཆེན་སོགས་ཀྱི་ངོས་ལ་གཞི་མདངས་ཚོན་གྱིས་རྣམ་པར་དཀྲོལ་བའི་རྒྱན་རིས་པ་ཏྲའི་རི་མོ་སོགས་འགོད་པའི་སྲོལ་ཡོད་ཅིང་། སྣ་ཚོགས་གཟུགས་རིས་ཚོན་གྱིས་རྒྱན་པའི་བཀོད་པ་ངོ་མཚར་བས་འཇིག་རྟེན་སྐྱེ་བོ་ཀུན་གྱི་འདྲེན་བྱེད་མིག་གི་ལོངས་སྤྱོད་དབང་མེད་དུ་འདྲེན་པ་འདིས་ཀྱང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐལ་ལྡན་བཟོ་རིག་གི་ཡོན་ཏན་གྱི་ཆེ་བ་མཚོན་པར་ནུས་སོ། །
ལྷ་བཟོ་ཨ་ཆུང་དགུང་ལོ་བཅུ་དྲུག་བཞེས་པའི་སྐབས་ནས་འབྲི་བཞེངས་བསྐྱོན་པའི་གུ་རུ་སོགས་ཀྱི་ཞལ་ཐང་དང་བོད་ཡུལ་དགོན་གྲོང་དག་གི་མཆོད་ཁང་དང་གཟིམ་ཤག ཀུན་དགའ་ར་བ། སྒོ་མཆོར་སོགས་ཀྱི་ཀ་གདུང་དང་། ལྕམ། སྒེའུ་ཁུང་སོགས་དང་། དེ་བཞིན་མཆོད་སྒམ་དང་བཞུགས་ཁྲི། མདུན་ཅོག་སོགས་འཚོ་བའི་ཡོ་བྱད་དག་ལ་ཤིང་ཚོན་རྒྱན་རིས་པ་ཏྲ་སྐྱོ་འབུར་འགོད་པ་གྲངས་མང་ལས་མཚོན་བྱེད་ཙམ་གཅེས་བཏུས་བྱས་པའོ། །

ཤིང་བརྐོས་།
སྤྱིར་བོད་ཀྱི་འབུར་བཟོའི་རིགས་ལ་རྣམ་གྲངས་ཤིན་ཏུ་མང་སྟེ། བརྐོས་པ་དང་། དཀྲོལ་བ། བསླངས་པ་མཐའ་དག་འདིའི་ཁོངས་སུ་འདུ་ལ། དེ་ལས་བརྐོས་པ་ལའང་རྒྱུ་ཆ་མི་འདྲ་བའི་དབང་གིས་ཤིང་བརྐོས་དང་། རྡོ་བརྐོས། རུས་བརྐོས་སོགས་ཡོད་ལ། དེ་ལས་ཤིང་བརྐོས་རིགས་འདི་བོད་ཀྱི་འཚོ་བའི་ནང་སྤྱོད་སྒོ་ཤིན་ཏུ་ཡངས་པ་མ་ཟད། ལོ་རྒྱུས་ཡུན་རིང་ལྡན་པ་སྟེ། བསྐལ་པ་ཡ་ཐོག་གི་དུས་ནས་རིམ་བཞིན་འཕེལ་བ་དང་། རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་ཀྱི་ཕོ་བྲང་ཐོག་མ་ཡུམ་བུ་བླ་མཁར་ལ་ཤིང་སྣ་ཚོགས་སྤྱད་ནས་བཞེངས་པ་དང་། པུ་དེ་གུང་རྒྱལ་གྱི་དུས་སུ་ཆུ་ཆེན་ལ་ཤིང་གི་ཟམ་པ་བཟོ་བ་དང་། ཤིང་ལ་བུག་པ་ཕུག་སྟེ་གཉའ་ཤིང་དང་། གཤོལ་མདའ་བཟོ་བ། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ལྷ་ལྡན་གཙུག་ལག་ཁང་ཆེན་མོའི་ལྕམ་སྣ་ལ་སེང་གེའི་གདོང་ཅན་དང་ཀ་བ། གདུང་མ། སྒོ་མཆོར་སོགས་ལ་ཤིང་བརྐོས་རི་མོ་སྣ་ཚོགས་ཡོད་པ་ད་ལྟའང་མཇལ་ཐུབ་པ་དང་། དེ་བཞིན་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་དཔར་ཤིང་སོགས་བོད་ཡིག་བཀའ་བསྟན་མང་པོའང་ཤིང་བརྐོས་ཀྱིས་གྲུབ་པ་ཤ་སྟག་ཡིན་ལ། བོད་ཀྱི་དགོན་སྡེ་ཁག་གི་ལྷ་ཁང་དང་དམངས་ཀྱི་སྡོད་ཁང་སོགས་གཙོ་བྱས། མཆོད་ཆས་དང་ཡོ་བྱད་མང་པོའང་ཤིང་བརྐོས་ཀྱི་རྣམ་པས་མཚོན་གྱི་ཡོད།
འདིར་ལྷ་བཟོ་ཨ་ཆུང་དགུང་ལོ་བཅུ་དྲུག་ནས་བཟུང་། མཆོད་ཆས་དང་གཟིམ་ཤག་ལ་རང་གིས་ཤིང་གི་བཟོ་དཔོན་དང་ཤིང་བཟོ་བྱས་པའི་ལག་ཤེས་དག་གཅེས་འགོད་བྱས་པའོ། །
རྡུལ་ཚོན་བྱེ་མ་།
རྡུལ་ཚོན་བྱེ་མ་ནི་གང་བཟོ་བར་འདོད་པའི་དཀྱིལ་འཁོར་སོགས་སྤྱི་ཐིག་ལྟར་རྡུལ་ཚོན་བྱེ་མ་ལ་བརྟེན་ནས་བཟོས་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་བཟོ་རིག་ལག་ཤེས་ཤིག་ཡིན། དེ་ལ་རྒྱུ་རིན་པོ་ཆེའི་རིགས་ཀྱི་ཕྱེ་མ་ཤིན་ཏུ་མཆོག་སྟེ། དེ་ཅོང་ཞི་དང་ལྷན་དུ་སླ་ངར་བརྔོ་ཞིང་ཞིབ་འཐག་བྱས་པའང་རགས་ཞིབ་ཏུ་བཀར་ནས། མཁོ་བ་རྣམས་ཚུར་ལེན་པ་དང་། ཉེ་བར་སྤྱོད་པའི་ཡོ་བྱད་སྣེ་ཕྲ་བའི་སྦུ་གུ་ཝ་ཁ་འདྲ་བ་ལ་བརྟེན་ནས་ཞིབ་ཚགས་དང་ལྡན་པར་ཚོས་གཞི་རྣམས་གང་འདོད་པའི་དཀྱིལ་འཁོར་གྱི་དགོངས་གཞི་ལྟར་བླུགས་དགོས་པའོ། །
འདིར་ལྷ་བཟོ་ཨ་ཆུང་གིས་ལོ་ངོ་སུམ་ཅུ་ལྷག་ལ་རྫོགས་ཆེན་དགོན་ལ་རྡུལ་ཚོན་ཕྱེ་མ་བླུགས་པའི་འགན་མཛད་པ་ལས་ཟུར་མཚོན་ཙམ་བཀོད་ཡོད།
རྡོ་བརྐོས་།
རྡོ་བརྐོས་ནི་བོད་ཀྱི་ལག་ཤེས་བཟོ་རྩལ་ཐུན་མོང་མ་ཡིན་པ་ཞིག་ཡིན་ཏེ། མངའ་རིས་རུ་ཐོག་སོགས་གཙོ་བྱས་བོད་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་མང་པོར་བྲག་བརྐོས་རི་མོ་སྣ་ཚོགས་མཐོང་རྒྱུ་ཡོད་པ་ལས་བོད་ཀྱི་རྡོ་བརྐོས་རིག་པ་འདི་ལ་ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ལྡན་པར་ངེས། སྤྱིར་མ་ཎི་རྡོ་བརྐོ་དང་རྡོའི་སྐུ་བརྙན་བཟོ་བ་ནི་བོད་ཀྱི་ཆོས་ལུགས་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། དེ་ལ་ཆར་ཆུ་སོགས་རང་བྱུང་གི་འཇིག་པ་དང་གཏོར་སྐྱོན་སོགས་མི་ཤུགས་འཇིག་པ་གང་གིས་ཀྱང་ཉེ་བར་འཚེ་བ་དཀའ་བས་དུས་ཡུན་རིང་པོར་ཉར་ཐུབ་པའི་དགེ་མཚན་ཡང་ཡོད། ཁམས་སེར་ཤུལ་གྱི་དཔལ་དགེ་མ་ཎི་རྡོ་མཁར་དང་། ཟངས་ཀྱི་རྡོ་མཁར། སྒ་སྐྱེ་དགུ་མདོའི་རྒྱ་ནག་མ་ཎི་རྡོ་འབུམ་དང་ལེབས་ཁོག་གི་རི་མ་ཎི་དང་ཆུ་མ་ཎི་སོགས་ནི་གྲགས་ཆེ་བའི་རྡོ་བརྐོས་སྒྱུ་རྩལ་ཡིན།
འདིར་ལྷ་བཟོ་ཨ་ཆུང་དགུང་ལོ་བཅོ་ལྔ་བཞེས་པ་ནས་བཟུང་རང་གི་རྣམ་དཔྱོད་དང་ཁྱད་དུ་མངའ་བའི་ལག་ཤེས་ལ་བརྟེན་ནས་རང་ནུས་ཅི་ལྕོགས་ཀྱིས་མ་ཎི་རྡོ་རྐོས་དང་སྐུ་བརྙན་རྡོ་བཟོའི་བྱ་བ་མཛད་པ་ལས་རེ་གཉིས་ཚབ་མཚོན་དུ་བདམ་ནས་བཀོད་པའོ། །
འཚེམ་དྲུབ་།
འཚེམ་དྲུབ་ནི་བོད་ཡུལ་ལ་དར་ཁྱབ་ཆེ་བའི་ལག་ཤེས་རྣམ་གྲངས་ཤིག་ཡིན། དེ་ལ་ནང་བསྟན་རིག་གནས་དང་འབྲེལ་བའི་ཆོས་ལུགས་འཚེམ་དྲུབ་དང་། བོད་ཀྱི་ཡུལ་སྲོལ་དང་འབྲེལ་བའི་དམངས་ཁྲོད་འཚེམ་དྲུབ་སོགས་རྣམ་གྲངས་ཤིན་ཏུ་མང་བ་ཡིན། ཆོས་ལུགས་དང་འབྲེལ་བའི་འཚེམ་དྲུབ་ཀྱི་རིགས་ལ། ཞལ་ཐང་ལ་གོང་གཤམ་བཟོ་བ་དང་གོས་སྐུ་བཟོ་བ། འཆམ་གོས་དང་ལྭ་བ་བཟོ་བ། དེ་བཞིན་གདུགས་བ་དན་ཐུགས་བཟོ་བ་ཐམས་ཅད་དེའི་ཁོངས་སུ་འདུ་བ་ཡིན། ད་དུང་བྲིས་པ་རིས་སུ་ཕབ་པ་རྣམས་རྒྱུ་དར་ཟབ་དང་གོས་རས་སོགས་མཉམ་དུ་དྲས་ཏེ། སྦྱར་སྤྱིན་གྱིས་སྦྱོར་བ་དང་འཚེམ་པ་དང་། དྲོད་ངར་གྱིས་གླད་པ་སོགས་བོད་རང་གི་ཁྱད་ཆོས་དགེ་མཚན་གྱིས་ཕྱུག་པའི་བཟོ་དྲུབ་སྣ་ཚོགས་པ་ཞིག་ཡོད་དོ། །
འདིར་ལྷ་བཟོ་ཨ་ཆུང་དགུང་ལོ་བཅུ་དྲུག་ནས་བཟུང་འཚེམ་དྲུབ་ཀྱི་མཛད་པ་བསྐྱངས་པ་ལས་རེ་འགའ་བཀོད་པའོ། །
འཇིམ་བཟོ་།
འཇིམ་བཟོ་ནི་རྒྱུ་འཇིམ་པ་དང་སྨན་སྣ་རྩ་ཆེན་རྣམས་སྡེབ་སྦྱོར་བྱས་ཏེ་བཟོ་བོ་མཁན་པོའི་སོར་མོའི་འདུ་བྱེད་ལ་བརྟེན་ཏེ་མི་དང་སྲོག་ཆགས་ཀྱི་གཟུགས་འགྲོས་སྐྲུན་པའི་ལག་ཤེས་བཟོ་རྩལ་ཞིག་ཡིན་ལ། འདམ་སྐུ་དང་འཇིམ་བརྙན་ཞེས་ཀྱང་བརྗོད་སྲོལ་ཡོད། བོད་ཡུལ་དུ་འཇིམ་པས་ཚ་ཚ་དང་། སྐུ་བརྙན། ཞལ་འབག་བཟོ་བ་སོགས་ཤིན་ཏུ་དར་ཁྱབ་ཆེ། བོད་ཀྱི་འཇིམ་བརྙན་ལ་ལོ་རྒྱུས་དུས་ཡུན་རིང་པོ་ལྡན་ཡོད་དེ། རྒྱལ་པོ་གཉའ་ཁྲི་བཙན་པོའི་དུས་སུ་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་ཚན་ལྡིང་ཤེས་ཤ་བ་ཟེར་བས་འཇིམ་པའི་མི་དང་སྲོག་ཆགས་སྣ་ཚོགས་ཀྱི་གཟུགས་བརྙན་བཟོས་པ་དང་། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་བལ་བོའི་བཟོ་རྩལ་ལ་དཔེ་བྱས་འཇིམ་བརྙན་མང་པོ་བཞེངས་པ་སོགས་བོད་ཀྱི་ལོ་རྒྱུས་དག་ལས་གསལ་བ་དེ་ཡིན། བོད་ཡུལ་གྱི་དགོན་སྡེ་གྲགས་ཅན་མང་པོར་འཇིམ་བརྙན་གྱི་སྐུ་མང་པོ་བཞེངས་པ་དུས་ད་ལྟའང་མཇལ་ཐུབ།
འདིར་ལྷ་བཟོ་ཨ་ཆུང་དགུང་ལོ་བཅུ་དྲུག་ནས་བཟུང་རང་མགོ་ཐོན་པའི་ལྷ་བཟོ་ཞིག་ཡོང་ཚུན། བསྟན་པ་ཡང་དར་གྱི་ཆོས་སྒོ་ཕྱེ་བའི་སྐལ་བ་བཟང་པོ་དང་བསྟུན། སྒོ་གསུམ་རྟེན་གྱི་དགོས་མཁོ་སྐོམ་པ་ཆུ་བཞིན་སྣང་བ་ཡོངས་ཀྱི་རེ་བ་བསྐངས་ཕྱིར། སྡེ་དགེ་ཡེ་ན་དགོན་གཙོ་བྱས་པའི་བོད་ཡུལ་དགོན་ཁག་མང་པོར་འཇིམ་སྐུ་གྲངས་ལས་འདས་པ་བཞེངས་པའི་མཛད་བཞག་ལས་ཟུར་ཙམ་ཁོལ་དུ་ཕྱུང་སྟེ་བཀོད་ཡོད།
མར་རྒྱན་མེ་ཏོག་མཆོད་པ་།
བོད་ཀྱི་མར་རྒྱན་མེ་ཏོག་མཆོད་པ་ནི་སོར་མོའི་འདུ་བྱེད་ལ་བརྟེན་པའི་སྒྱུ་རྩལ་ངོ་མཚར་བ་ཞིག་ཡིན་ཞིང་། མཉམ་མེད་ཙོང་ཁ་བ་ཆེན་པོས་དབུས་འགྱུར་ལྷ་སར་ལྷ་ལྡན་སྨོན་ལམ་ཆེན་མོའི་དུས་མཆོད་གསར་འཛུགས་ཐོག་ཞལ་ཟས་རྒྱ་མཚོ་མ་ཞེས་ཚོགས་རྒྱ་ཆེན་པོ་སྤེལ་བའི་སྐབས་མར་རྒྱན་གྱི་མཆོད་པའང་འབུལ་བ་ནས་བོད་ཁམས་ཡོངས་ལ་དར་ཁྱབ་ཆེར་ཕྱིན་ཡོད། དེ་ནི་དགུན་དུས་སུ་ལྷ་ཡི་བཟོ་བོ་རྣམས་ཀྱིས་ལག་ཟུང་ཆུ་ཚ་གྲང་གཉིས་ཀྱིས་འདུལ་བ་ལ་བརྟེན། འབྲུ་མར་སེར་པོ་དེ་ཚོན་སྣ་མང་པོའི་བསྡེབས་སྦྱོར་དང་བསྡོངས་ནས། འཇུར་མིག་དང་པར་ལེབ་སོགས་མཁོ་བའི་ཡོ་བྱད་རྣམས་ཉེ་བར་སྤྱད་དེ། བདག་ཅག་གི་སྟོན་པ་གཙོར་བྱས་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་སྐྱེ་རབས་དང་མཛད་འཕྲིན་དག་དང་། མེ་ཏོག་དང་རྒྱན་རིས་པ་ཏྲ་སོགས་བཀྲ་ཤིས་པའི་རི་མོ་མང་པོ་སོར་མོའི་འདུ་བྱེད་ཀྱིས་བཞེངས་པའི་སྒྱུ་རྩལ་ལྟད་མོ་ཡིད་དབང་འཕྲོག་པ་ཞིག་ཡིན།
འདིར་ལྷ་བཟོ་ཨ་ཆུང་དགུང་ལོ་བཅུ་གསུམ་བཞེས་པའི་སྐབས་ནས་བཟུང་སྟེ། ལྷག་དོན་བསྟན་པ་ཡང་དར་གྱི་ཆོས་སྒོ་ཕྱེ་ཚུན། ཁམས་རྫོགས་ཆེན་དགོན་པའི་མཆོད་ཆེན་དུ་བསྐོས་པ་ནས་བཟུང་། ལོ་ལྟར་རྒྱུན་ཆག་མེད་པར་རང་ནུས་ཅི་ལྕོགས་ཀྱིས་མར་རྒྱན་གྱི་མེ་ཏོག་མཆོད་པ་བཞེངས་པ་རྒྱ་ཆེན་པོ་ལས་དཔེ་མཚོན་ཙམ་བཀོད་པའོ། །
ཨ་ཆུང་བཟོ་རྩལ་གྱི་ལུགས་སྐུ་།
ལུགས་སྐུ་ནི་གསེར་དངུལ་ཟངས་ལྕགས་སོགས་རིན་པོ་ཆེ་རྣམས་བཞུ་བཏུལ་བྱས་ཏེ་ལུགས་དཔར་རྒྱབ་པའི་མ་དཔེ་ལྟར་ལུགས་རྒྱག་གིས་བཞེངས་པའི་བཟོ་རིག་ལག་ཤེས་ཤིག་ཡིན། དེ་བཟོ་བའི་སྐབས་ཐོག་མར་འཇིམ་པས་མ་དཔེ་བཟོ་བ་དང་། དེ་ལ་བྱེ་མ་སྦྱར་ཏེ་འདྲ་དཔེ་ཞིག་བཟོས་ཐོག་གཞི་ནས་ལུགས་དཔར་བཟོ་དགོས་པ་དང་། ལུགས་ཀོང་དེར་བཞུ་བཏུལ་བྱས་པའི་ཞུན་ཁུ་བླུགས་ནས་ལུགས་བརྒྱབ་ཚེ་མ་དཔེ་ངོ་མ་དང་ཁྱད་མེད་པ་ཞིག་བཟོ་ཐུབ། དེ་ལ་ཡང་གསེར་དངུལ་སོགས་རིན་པོ་ཆེ་སྣ་ཚོགས་བསྲེས་ནས་ལུགས་བརྒྱབ་པ་ལ་ཛྷཻཀྵིམ་མམ་རྫི་ཀྱིམ་དང་ལི་མ། ལྕགས་རིགས་སྣ་ཚོགས་བསྲེས་སྦྱོར་གྱིས་ལུགས་བརྒྱབ་པ་ལ་ཁྲོ་ལྕགས ལྟ་བུ་འབྱུང་བ་བཞིན། ཟངས་སྐུ་དང་རག་སྐུ་སོགས་ཀྱང་ཡོད་ལ། ད་དུང་བོད་ཀྱི་ལུགས་རྒྱག་ལག་རྩལ་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད་དེ། ཐང་དེབ་བོད་ཀྱི་ལོ་རྒྱུས་ལྟར་ན། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྐབས་བོད་དམག་གིས་ལྕགས་ཀྱི་ཀ་བ་རིང་པོ་ལུགས་སུ་བླུགས་པ་དང་། བྲག་ཡེར་བའི་ལྷ་ཁང་མདུན་གྱི་དྲིལ་བུ་མི་ཚད་ཙམ་ལོངས་པ་ཟུར་བཅུ་དྲུག་ཅན་དང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་འབྲོ་བཟའ་བྱང་ཆུབ་སྒྲོལ་མས་བསམ་ཡས་ཀྱི་ལྕགས་རིའི་ཕྱི་རོལ་གྱི་ནུབ་ངོས་སུ་དགེ་རྒྱས་ལི་མ་གླིང་གི་ལྷ་ཁང་བཞེངས་ཏེ་དེའི་ནང་བོད་ཡིག་སྨོན་ཚིག་བརྐོས་པའི་དྲིལ་བུ་ཆེན་པོ་ཞིག་ལུགས་སུ་བླུགས་པ་དག་ལ་བརྟག་ན་བོད་ཀྱི་ལུགས་རྒྱག་གི་ལག་རྩལ་མཐོན་པོར་སླེབས་པ་རྟོགས་ཐུབ་ལ། མཉམ་མེད་ཙོང་ཁ་པ་ཆེན་པོའི་སྐབས་བྱུང་བའི་ལྷ་བཟོ་སྤྲུལ་སྐུ་སླེའུ་ཆུང་པ་སོགས་རིན་པོ་ཆེ་སྣ་ཚོགས་ལུགས་ལ་མཁས་པའི་བོད་ཀྱི་ལུགས་བཟོ་བ་མང་པོ་བྱུང་ཡོད།
འདིར་ལྷ་བཟོ་ཨ་ཆུང་གི་ཤེས་རབ་ཀྱི་རྩལ་ལས་སྨིན་པའི་འཇིམ་བརྙན་བཞེངས་རྩལ་དང་བོད་ཀྱི་སྲོལ་རྒྱུན་ལུགས་རྒྱག་གི་བཟོ་རྩལ། དེ་བཞིན་དེང་རབས་བཞུ་བཏུལ་ལག་ཤེས་ཀྱི་སྔོན་ཐོན་ཐབས་ལམ་དག་གཞི་གཅིག་ཏུ་བཀོལ་ནས་བཟོ་སྐྲུན་བྱས་པའི་སྐུ་བརྙན་མང་པོས་འཛམ་གླིང་སྐྱེ་འགྲོ་ཀུན་ལ་རྣམ་དཀར་དགེ་བའི་རྟེན་དུ་བཞེངས་པ་ལས་ཅུང་ཟད་སྙིང་བཏུས་ཀྱིས་བཀོད་པའོ། །