བཙན་ལྷའི་སློབ་གྲྭ་དག་ནས་བློ་བདེ་མོས་བཟའ་བཏུང་ལ་རོལ་ཆོག་པར་གྱུར།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-01


        མང་ཚོགས་ལ་མཚོན་ན་བཟའ་བཏུང་ནི་ཆེས་གཙོ་བོ་དང་ཆེས་དོ་སྣང་བྱེད་དགོས་པའི་གནས་ཤིག་ཡིན་ལ།   ལྷག་པར་དུ་སྐྱེ་འཕེལ་གནད་འགག་དུས་རིམ་དུ་སླེབས་ཡོད་པའི་བྱིས་པ་རྣམས་ལ་མཚོན་ན་དེ་བས་ཀྱང་དོ་སྣང་བྱེད་དགོས་པའི་གནས་ཤིག་ཡིན་པས།   ཉེ་བའི་ལོ་འདི་འགར། བཟའ་བཏུང་བདེ་འཇགས་ཀྱི་ཆུ་ཚད་ལ་འགན་སྲུང་བྱེད་པའི་ཆེད་དུ།  བཙན་ལྷ་་རྫོང་གིས་རྒྱ་ཁྱབ་སྒོས་ཐབ་ཚང་དག་སེལ་གྱི་ལས་དོན་ཁྱབ་སྤེལ་བྱས་ནས་བྱིས་པ་ཚོའི་བཟའ་བཏུང་བདེ་འཇགས་ལ་འགན་སྲུང་བྱས། 

        སློབ་ཐུན་གྱི་གྲོལ་བརྡ་གྲགས་པ་དང་ལྷན་དུ་གསར་འགོད་པ་རྫོང་མེས་ཤེན་སློབ་འབྲིང་གི་ཟ་ཁང་དུ་ཕྱིན་ནས་སློབ་མའི་བཟའ་བཏུང་ཐད་ལ་རྒྱུས་ལོན་བྱས།   སློབ་མ༦༠༠ལྷག་གི་གྲལ་བསྒྲིགས་ནས་ཟ་མ་ལེན་བྱེད་བཞིན་འདུག ཁོ་ཚོ་ལ་ཉིན་གཅིག་གི་ནང་ཟས་ཐུན་བཞི་ཡི་གཟིགས་སྐྱོང་གནང་གི་ཡོད་ལ།  གཙང་ཞིང་གྲལ་དག་པའི་ཟ་ཁང་དུ་བྱིས་པ་ཚོ་སྐོར་རེ་སྐོར་རེ་བྱས་ནས་འཚོ་བཅུད་བཟང་བའི་ཟས་མཆོག་ལ་རོལ་བཞིན་འདུག 
        རྒྱུས་ལོན་བྱུང་བ་ལྟན་ན།  བཙན་ལྷ་རྫོང་གིས་༢༠༡༨ལོ་ནས་བཟུང་སྒོར་འབུམ༨ལྷག་གི་མ་དངུལ་བཏང་ནས་ཐབ་ཚང་དག་སེལ་གྱི་ལས་གཞི་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་༢༨ལྷག་ལ་སྤེལ་ཅིང་།   དེའི་ཁྲོད་ཀྱི་སློབ་གྲྭ་༡༥ལྷག་གི་སྒྲིག་སྦྱོར་ལེགས་འགྲུབ་བྱུང་ཡོད་པ་དང་༡༣ལྷག་ལ་ཟླ་གསུམ་པའི་ཟླ་སྨད་ཙམ་ལ་ཡོངས་སུ་སྒྲིག་སྦྱོར་ལེགས་འགྲུབ་ཐུབ་པར་བཤད།  གཞན་སྤྱི་ཚོགས་ཡོངས་ནང་ཞུགས་ཐུབ་པ་མངོན་འགྱུར་དང་འབྲེལ་ཡོད་འགན་ནུས་སྡེ་ཚན་སོགས་དོ་དམ་བྱེད་པའི་རྣམ་པ་བཟང་བོ་ཆགས་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1