དབྱི་ལི་ཡིས་རྔ་བ་ཁུལ་དུ་བརྟག་ཞིབ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-02


        ཟླ3པའི་ཚེས27ཉིན་ནས་ཚེས28ཉིན་བར་དུ། ཞིང་ཨུའི་ཧྲུའུ་ཅི་གཞོན་པ།  ཞིང་དཔོན་དབྱི་ལི་རྔ་བ་ཁུལ་དུ་བརྟག་ཞིབ་མཛད་པར་ཕེབས། ཁོང་གིས་བསྟན་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོར་འཛུགས་པ་དང་ལག་བསྟར་བྱེད་པ། སྐྱེ་ཁམས་ལ་མཐོང་ཆེན་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་སོགས་ལ་འབད་བརྩོན་བྱས་ནས།རང་ཞིང་གི་བོད་ཁུལ་གྱི་དམངས་འཚོ་འཕེལ་རྒྱས་དང་བརྟན་བརླིང་གི་ལས་ཀ་ཁག་ནན་འཛིན་བྱས་ཏེ། ཀྲུང་དབྱང་དང་ཞིང་ཨུས་བོད་ཁུལ་གྱི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་དགོས།
        དབྱི་ལི་འབར་ཁམས་གྲོང་ཁྱེར་རྫོང་འགག་ཡུལ་ཚོའི་ཧུའུ་ཏི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཐང་ཆེན་དུ་ཕེབས་ནས། གསར་བརྗེའི་སྔོན་གཤེགས་དཔའ་བོ་ཧུའུ་ཏིའི་མཛད་རྗེས་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དྲིལ་སྒྲོག་བྱེད་སྒོ་སྤེལ་ཚུལ་སོགས་ལ་རྒྱུས་ལོན་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1