ཉེ་ཆར། བོད་ལྗོངས་ཉིང་ཁྲིའི་སྤོ་བོ་རྫོང་གི་ཁམ་བུའི་མེ་ཏོག་ལུང་ཤུར་དུ་ཡུལ་སྐོར་བ་མང་བའི་དུས་སུ་སླེབས་པ་རེད། སྤོ་བོ་རྫོང་གི་སྤོ་སྟོད་ཁམ་བུའི་མེ་ཏོག་ལུང་ཤུར་དེ་དེ་སྔ་ཧྲང་ཧའེ་འཛམ་གླིང་ཆེན་མོའི་ཅི་ཉི་སིས་“ཀྲུང་གོའི་ཁམ་བུའི་མེ་ཏོག་གི་ལུང་ཤུར་ཆེ་ཤོས”ཡིན་པ་བདེན་དཔང་བྱས་པ་རེད། ཁམ་སྡོང་མང་ཆེ་བའི་ལོ་ཚད་ལོ་བརྒྱ་ཡན་ཟིན་ཡོད་ལ། ཉེ་ཆར། དེ་གར་ཁམ་བུའི་མེ་ཏོག་རི་ལུང་ཀུན་ཏུ་ཁྱབ་ནས་ལུང་ཤུར་ཡོངས་སྦྲེལ་ཡོད་པ་རེད།