སློབ་གསོ་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ན་གཞོན་དང་ལོ་ཆུང་བྱིས་པའི་རྒྱང་སྒྲིབ་ཕྱོགས་བསྡུས་འགོག་སྲུང་ཚོད་འཛིན་དང་སློབ་གྲྭའི་འཕྲོད་བསྟེན་དང་བདེ་ཐང་སློབ་གསོ་བྱ་བར་བཀོད་སྒྲིག་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 04-09


        ཉེ་ལམ། སློབ་གསོ་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ན་གཞོན་དང་ལོ་ཆུང་བྱིས་པའི་རྒྱང་སྒྲིབ་ཕྱོགས་བསྡུས་འགོག་སྲུང་ཚོད་འཛིན་དང་སློབ་གྲྭའི་འཕྲོད་བསྟེན་དང་བདེ་ཐང་སློབ་གསོ་བྱ་བར་བཀོད་སྒྲིག་བྱས།
        དུས་རབས་གསར་པའི་ན་གཞོན་དང་ལོ་ཆུང་བྱིས་པའི་རྒྱང་སྒྲིབ་འགོག་སྲུང་ཚོད་འཛིན་ལ་ཤུགས་སྣོན་ཆེད། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བརྒྱད་པར་སློབ་གསོ་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་བརྒྱད་ཀྱིས་མཉམ་འབྲེལ་སྒོས་ན་གཞོན་དང་ལོ་ཆུང་བྱིས་པའི་རྒྱང་སྒྲིབ་ཕྱོགས་བསྡུས་འགོག་སྲུང་ཚོད་འཛིན་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱས་ཏེ། བྱེ་བྲག་གི་དམིགས་འབེན་གཏན་འཁེལ་བྱས་པར་མ་ཟད་ཁྱིམ་ཚང་དང་སློབ་གྲྭ། སློབ་མ། དེ་མིན་ལས་ཁུངས་སོ་སོར་བྱེ་བྲག་གི་འགུལ་སྐྱོད་ཐད་ལ་རེ་བ་བཏོན།
        པུའུ་དང་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྡུས་པའི་རྒྱལ་ཡོངས་ཀྱི་ན་གཞོན་དང་ལོ་ཆུང་བྱིས་པའི་རྒྱང་སྒྲིབ་ཕྱོགས་བསྡུས་འགོག་སྲུང་ཚོད་འཛིན་དང་སློབ་གྲྭའི་འཕྲོད་བསྟེན་དང་བདེ་ཐང་སློབ་གསོ་བྱ་བར་སྐུལ་འདེད་གཏོང་བའི་བརྙན་རིས་གྲོས་ཚོགས་སྟེང་སློབ་གསོ་པུའུ་ཡི་པུའུ་ཀྲང་ཁྲིན་པོ་ཧྲིན་གྱིས་བཤད་རྒྱུར། ན་གཞོན་དང་ལོ་ཆུང་བྱིས་པའི་རྒྱང་སྒྲིབ་གནད་དོན་ནི་རྒྱལ་ཁབ་ཀྱི་འདུན་པ་མཚོན་པའི་ཆབ་སྲིད་གནད་དོན་དང་མི་རིགས་བསྐྱར་དང་རྒྱལ་ཁབ་ཀྱི་མདུན་ལམ་ལ་འབྲེལ་བ་ཡོད་པའི་གནད་དོན། མི་དམངས་མང་ཚོགས་ཀྱིས་མཛེས་པའི་འཚོ་བར་རེ་སྒུག་བྱེད་པར་འབྲེལ་བ་ཡོད་པའི་དམངས་སེམས་གནད་དོན་བཅས་ཡིན་པས། ཏན་ཏན་ཏིག་ཏིག་སྒོས་ན་གཞོན་དང་ལོ་ཆུང་བྱིས་པའི་རྒྱང་སྒྲིབ་ཕྱོགས་བསྡུས་འགོག་སྲུང་ཚོད་འཛིན་ལག་བསྟར་ཇུས་གཞི་ལག་བསྟར་བཟང་བོ་བྱེད་པ་དང་། གཙོ་གཞིའི་འགན་འཁྲི་དང་ལེན་བྱས་ནས་ན་གཞོན་དང་ལོ་ཆུང་བྱིས་པའི་རྒྱང་སྒྲིབ་ཕྱོགས་བསྡུས་འགོག་སྲུང་ཚོད་འཛིན་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་དགོས་ཟེར།
        རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མ་ཞོ་ཝེ་ཡིས་བཤད་རྒྱུར། རྒྱང་སྒྲིབ་འགོག་སྲུང་ཚོད་འཛིན་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་སྐབས། ན་གཞོན་དང་ལོ་ཆུང་བྱིས་པའི་རྒྱང་སྒྲིབ་ཕྱོགས་བསྡུས་འགོག་སྲུང་ཚོད་འཛིན་བྱ་བའི་འགན་འཁྲི་དངོས་འབེབས་བཟང་བོ་བྱས་ཏེ། རྒྱང་སྒྲིབ་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བྱ་བར་སྔར་ལས་ཤུགས་སྣོན་པ་དང་དམིགས་ཡུལ་ཡོད་པའི་སྒོ་ནས་རྒྱང་སྒྲིབ་འགོག་སྲུང་ཚོད་འཛིན་བྱ་བ་གང་ལེགས་སྒོས་བསྒྲུབ་དགོས་པར་མ་ཟད། རྒྱང་སྒྲིབ་སྨན་བཅོས་ཞབས་ཕྱི་ལ་སྔར་ལས་ཤུགས་སྣོན་པ་དང་ཚད་ལྡན་དུ་གཏོང་དགོས་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1